“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།

སྤེལ་དུས 2019-12-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
            ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་པ་དང་། ཞི་ཅིན་ཕིང་གིས་ཞིང་གསུམ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།

            ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་གནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་20དང་21ཉིན།  ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་པ་དང་།  གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་།  གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ། མིག་སྔའི་ཞིང་གསུམ་ལས་དོན་གྱི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་དང་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་པ་བྱ་རྒྱུར་གཞིགས་ནས་སྤྱི་ལོ་2020ལོའི་ཞིང་གསུམ་ལས་དོན་ཐད་ཞིབ་འཇུག་བཀོད་སྒྲིག་གནང་ཡོད།
            གྲོས་ཚོགས་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཤས་གོང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་ཞིང་གསུམ་ལས་དོན་ལ་ཆེད་མངགས་ཞིབ་འཇུག་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཡོད།  ཞི་ཅིན་ཕིང་གིས།  འབྱོར་འབྲིང་སྤྱི་ཚོགས་ལ་སླེབས་ཡོད་མེད་འགག་རྩ་ནི་ཡུལ་མི་ཚོར་བལྟ་དགོས།  དབུལ་སྒྲོལ་གང་འདྲ་བྱུང་བ་དང་འབྱོར་འབྲིང་ཚད་གང་དུ་སླེབས་མིན་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བརྗོད་ན ་དུས་སང་གི་ཞིང་གསུམ་ལས་དོན་གྱི་ཕན་འབྲས་ལ་བལྟ་དགོས།  དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱེད་པ་དང་།  རྒྱལ་ཁ་ཡོངས་སུ་མ་ཐོབ་པར་ལས་མཚམས་མི་འཇོག་པར་ཐོན་ཁུངས་ཟླ་སྒྲིལ་དང་།  འགན་སྲུང་ཤུགས་ཆེར་གཏོང་བ། སྲིད་ཇུས་གནད་ལ་འཕིགས་པོས་ལག་ལེན་བསྟར་བ། ཞིང་གསུམ་ཁྱབ་ཁོངས་ཀྱི་ཞན་ཆ་གང་མགྱོགས་གསབ་པ། ཞིང་པའི་འབྲུ་རིགས་འདེབས་པའི་ཧུར་སེམས་སྐུལ་སློང་བྱེད་པ།  གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོ་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་སྲ་བརྟན་གཏོང་བ།  ཏང་དང་མང་ཚོགས་དང་ལས་བྱེད་མང་ཚོགས་བར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ།  མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།
            གྲོས་ཚོགས་ཐོག་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་གསུམ་གྱི་གཙོ་གནད་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་དུས་བཀག་ལྟར་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས་པའི་སྐོར་གྱི་བསམ་འཆར་ཡིག་ཆར་གྲོས་བསྡུར་གནང་ཡོད།
            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་གསུང་བཤད་གནང་ཡོད།
            གྲོས་ཚོགས་ཐོག་སྟོབས་ཤུགས་གཅིག་སྡུད་ཀྱིས་བསྒྲུབ་མི་ཚར་བའི་དབུལ་སྒྲོལ་ལས་འགན་རྣམས་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱ་དགོས་པ་དང་།  དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་བཏང་ནས་དབུལ་ལོག་མི་ཐེབས་པ་བྱ་དགོས།  གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་།  འཐུང་ཆུ་འགན་ལེན།  ཡུལ་མི་གནས་སྡོད་ཀྱི་ཁོར་ཡུག  སློབ་གསོ།  སྨན་བཅོས་འཕྲོད་བསྟེན་ཞབས་ཞུ།  སྤྱི་ཚོགས་འགན་སྲུང་།  སྤྱི་པའི་རིག་གནས་ཞབས་ཞུ།  འབྱུང་ཁམས་ཁོར་ཡུག་སོགས་ཐད་ཀྱི་ཞན་ཆ་གང་མགྱོགས་གསབ་དགོས།  གྲོང་གསེབ་ཀྱི་ཐོན་ལས་གོང་འཕེལ་དང་།  ཞིང་པ་ལས་མིའི་ལས་ཞུགས་བརྟན་དུ་གཏོང་བ།  ཐབས་ལམ་མང་པོ་སྤྱད་དེ་ཞིང་པའི་ཡོང་འབབ་རྒྱུན་མཐུད་འཕར་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་ཡོད།
            གྲོས་ཚོགས་ཐོག་ནུས་ཤུགས་ཡོད་རྒུས་འབྲུ་རིགས་ཀྱི་ཐོན་འབབ་ལ་དམ་འཛིན་ཡག་པོ་བྱེད་པ་དང་།  འབྲུ་རིགས་བདེ་འཇགས་ཀྱི་ཞིང་ཆེན་འགོ་འཛིན་གྱི་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་ཤུགས་ཆེར་བཏང་ནས་ཞིང་པའི་འབྲུ་རིགས་འདེབས་འཛུགས་ཀྱི་གཞི་རྩའི་ཕན་འབྲས་ལ་འགན་ལེན་བྱེད་དགོས།   དེང་རབས་ཀྱི་ཞིང་ལས་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དང་།  ཞིང་ལས་ཐོན་རྫས་གསོག་ཉར་དང་ཐོན་རྫས་སོས་པ་ཡོང་བའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱེད་པ།  ཆུ་བེད་འཛུགས་སྐྲུན་བྱ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།
            གྲོས་ཚོགས་ཐོག་ཏང་གིས་ཞིང་གསུམ་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་ཤུགས་ཆེ་རུ་གཏོང་བ་དང་།  ཞིང་ལས་དང་གྲོང་གསེབ་སྔོན་ལ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ།  གྲོང་གསེབ་དར་རྒྱས་ཀྱི་འགན་འཁྲི་ཤུགས་ཆེར་གཏོང་བ།  གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་མཁར་རྫོང་ལྟ་བུའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། གྲོང་གསེབ་ཀྱི་གཙོ་གནད་སྒྱུར་བཅོས་ལས་འགན་དམ་འཛིན་ཡག་པོ་བྱེད་པ།  གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་གསུངས་གནང་ཡོད།
            རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཅིག་ལྕོགས་ཞའོ་ཅེས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་ཡོད།
            ཀྲུང་དབྱང་གི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་།  ཞིང་ཆེན་དང་།  རང་སྐྱོང་ལྗོངས།  ཐད་གཏོགས་གྲོང་ཁྱེར་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་འགན་འཁུར་བློ་མཐུན།  ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག   དཔུང་སྡེའི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས་གནང་ཡོད་པ་རེད།  
རྩོམ་སྒྲིག་པ། སངས་སྐྱབས།