བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཨུད་ཚོགས་ཆེན་ཐོག་གསུང་བཤད་གནང་བ།

སྤེལ་དུས 2020-01-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གལ་ཆེའི་གསུང་བཤད་གནང་ནས། ཁྱོན་ཡོངས་ནས་ཏང་ནན་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་དབང་ཆ་བེད་སྤྱོད་བྱེད་པའི་ཚད་བཀག་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་སྟོབས་ཆེའི་འགན་སྲུང་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་བ་དང་། ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཀྲའོ་ལེ་ཅེས་གྲོས་ཚོགས་གཙོ་སྐྱོང་གནང་བ།
          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་13ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚོང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གལ་ཆེའི་གསུང་བཤད་གནང་བ་རེད། ཁོང་གིས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། དབང་ཆ་བེད་སྤྱོད་བྱེད་པར་ཚད་བཀག་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་གི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་འགན་ལེན་བཅས་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ཆེད་སྟོབས་ཆེའི་འགན་སྲུང་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལེ་ཅེས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།
          ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་སྔར་ན་མེད་པའི་སྙིང་སྟོབས་དང་ངེས་ཤུགས་ཀྱི་ཐོག་ནས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། དུས་རབས་གསར་པར་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་ལོ་རྒྱུས་རང་བཞིན་དང་། གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བས། ཁྱོན་ཡོངས་དང་གཏིང་ཟབ་པའི་ཤུགས་རྐྱེན་ནུས་པ་ཐོན་ཡོད། ང་ཚོས་རླབས་ཆེའི་རང་ངོས་གསར་བརྗེས་རླབས་ཆེའི་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱེད་པར་རྒྱུན་འཁྱོངས་དང་། ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་འཛུགས་སྐྱོང་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཁྱབ་ཁོངས་ཁ་ཤས་སུ་ཏང་གི་འགོ་ཁྲིད་ཉམས་ཞན་དང་། ཏང་འཛུགས་སྐྱོང་བྱེད་ཤུགས་མི་འདང་བ། ཏང་དོ་དམ་དང་ཏང་བཅོས་སྒྲིག་བྱེད་ཤུགས་མི་འདང་བ་བཅས་ཀྱི་གནད་དོན་ལ་འགྱུར་བ་བཏང་ནས། ཏང་འདི་ཉིད་སྔ་བར་ཕྱི་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྟོབས་ཆེའི་འགོ་ཁྲིད་ཀྱི་ལྟེ་བར་འགྱུར་བ་བྱེད་དགོས། ང་ཚོས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ཀྱི་ཕུགས་བསམ་འདུ་ཤེས་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་ལམ་ལུགས་འཛུགས་སྐྱོང་བྱེད་པ། རྒྱུན་བསྲིངས་ལྷོད་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲོད་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། ལས་དོན་ལ་ཁྲིད་སྟོན་བྱེད་པ་བཅས་དང་། སློབ་སྦྱོང་སློབ་གསོ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། གཅིག་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་གཏོད་པའི་ཕུགས་བསམ་འདུ་ཤེས་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་བ་བཅས་བྱ་དགོས། ང་ཚོས་སྲུང་སྐྱོང་གཉིས་ཀྱིས་ཏང་ཡོངས་མཐུན་སྒྲིལ་གཅིག་གྱུར་ཡོང་རྒྱུར་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ཀྱི་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་བ་དང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གིས་གལ་ཆེའི་ལས་དོན་ཁག་ལ་འགོ་ཁྲིད་གནང་བའི་སྒྲིལ་སྲོལ་ཁག་འཐུས་སྒོ་ཚང་དུ་བཏང་སྟེ། གཅིག་གྱུར་གྱི་འདོད་འདུན་དང་བྱ་སྤྱོད་ཐོག་ནས་ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ་དང་། ཏང་གི་ཆབ་སྲིད་འགོ་ཁྲིད་ནུས་པ་དང་། བསམ་བློ་ཁྲིད་སྟོན་ནུས་པ། མང་ཚོགས་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་ནུས་པ་བཅས་ཟམ་མི་ཆད་པར་ཤུགས་ཆེར་གཏོང་དགོས། ང་ཚོས་སྲོལ་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་། ཏང་སེམས་དང་། དམག་སེམས། དམངས་སེམས་བཅས་གཅིག་སྡུད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། རུལ་སུངས་ཆད་གཅོད་དང་ཚུལ་མིན་སྤྱོད་ཚུལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་ཤུགས་རྐྱེན་བཟོ་བའི་ཕན་མེད་གྲུབ་ཆ་མཐའ་གཅིག་ཏུ་སེལ་བ། མི་དམངས་ཀྱི་ཆེད་དུ་སྲིད་འཛིན་དང་། མི་དམངས་ལ་བརྟེན་ནས་སྲིད་འཛིན་བྱེད་པའི་ལམ་ལུགས་རྣམ་གྲངས་ཁག་འཐུས་ཚང་འཛུགས་པ་བཅས་བྱས་ནས། མི་དམངས་འདི་ཉིད་སྔ་བར་ཕྱི་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་འཛིན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གོང་འཕེལ་འགྲོ་བའི་བརྗིད་ཉམས་ལྡན་པའི་སྟོབས་ཤུགས་སུ་འགྱུར་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
          ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཡུན་རིང་སྲིད་འཛིན་བྱེད་པའི་ཆ་རྐྱེན་འོག་རང་ངོས་གནས་ཚུལ་ཐག་གཅོད་དང་། ལོ་རྒྱུས་ཀྱི་འཁོར་ཡུན་ཚད་གཞི་ལས་བརྒལ་བའི་གོང་འཕེལ་འགྲོ་ལམ་འཚོལ་ཞིབ་ཐུབ་པ་དང་། སྤྱོད་གོ་ཆོད་པའི་དབང་ཆ་ལྟ་སྐུལ་དོ་དམ་དང་། སྒྲིག་བསྟར་ཁྲིམས་བསྟར་མ་ལག་འཛུགས་སྐྱོང་བྱེད་པ། འགྲོ་ལམ་འདི་དང་ལམ་ལུགས་འདི་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད་རྒྱུན་ཆད་མེད་པར་སྲ་བརྟན་དང་གོང་སྤེལ་གཏོང་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་འགྱུར་བར་འཐབ་ཇུས་བཀོད་ཇུས་ལ་སྐུལ་འདེད་གཏོང་དགོས། སྒྲིག་བཤེར་ལྟ་སྐུལ་འཐབ་ཕྱོགས་ཀྱིས་འབྲེལ་ཡོད་ལས་དོན་དོན་འཁྱོལ་དམ་འཛིན་བྱེད་དགོས་ཞེས་བསྟན་གནང་ཡོད།
          ཞི་ཅིན་ཕིང་གིས། ཆབ་སྲིད་ཀྱི་ལྟ་སྐུལ་འགན་ལེན་ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲུང་སྐྱོང་གཉིས་ཀྱི་ཆབ་སྲིད་རང་རྟོགས་ཆེ་རུ་གཏོང་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་རྩ་བའི་ལམ་ལུགས་དང་། རྨང་གཞིའི་ལམ་ལུགས། ལམ་ལུགས་གལ་ཆེན་བཅས་མཐའ་འཁྱོངས་དང་སྲ་བརྟན་དུ་གཏོང་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། འདི་ལོ་ལྷག་པར་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་ལས་འགན་ལ་དམིགས་ནས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་ནུས་ཤུགས་ཡོད་རྒུས་དམག་འཐབ་བྱེད་པ་དང་ལས་དོན་ཡག་པོ་སྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། གཞི་རིམ་གྱི་ཏང་གི་འགོ་ཁྲིད་དང་ལྟ་སྐུལ་རྫུན་སྒྱུར་དང་ཉམས་ཞན་དུ་གཏོང་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ། འགན་འཁུར་བ་དང་། འགན་འཁྲི་སྲུང་བ། འགན་འཁྲི་གཙང་སྒྲུབ་བཅས་བྱ་རྒྱུ་དེ་ཏང་རྩ་འཛུགས་རེ་རེ་དང་ལས་གནས་རེ་རེའི་ཐོག་མངོན་པ་བྱེད་དགོས། དབང་ཆ་ཡང་དག་པའི་ལམ་བུའི་ཐོག་འཁོར་སྐྱོད་ཐུབ་པར་འགན་ལེན་བྱེད་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱས་ཏེ། ཐབས་ཇུས་ཚན་རིག་དང་མཐུན་པ་དང་། ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ལྟ་སྐུལ་ནུས་ལྡན་བྱེད་པ་བཅས་ཀྱི་དབང་ཆ་འཁོར་སྐྱོད་ལམ་སྲོལ་ཆགས་པ་དང་། དབང་ཆ་དྲང་གཞག་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
          ཞི་ཅིན་ཕིང་གིས། མི་དམངས་ལྟེ་བར་བྱེད་པའི་ལས་ཀའི་ཁྲིད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། སྤྱོད་ཚུལ་བཟང་པོར་བརྟེན་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་དགོས། ལམ་ལུགས་ཀྱི་ཁྲིད་ཕྱོགས་གསལ་པོ་བརྒྱུད་དེ། ལས་བྱེད་པའི་ལས་སྒྲུབ་ལས་སྐྲུན་གྱི་རྐང་ལག་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་འཆིང་སྒྲོག་དང་ལྐོག་ཇུས་ཁྲོད་ནས་ཐར་བ་བྱས་ཏེ། བདེན་འཚོལ་དོན་གཉེར་དང་སྤྱོད་གཙང་གཞུང་དྲང་གི་སྲོལ་བཟང་ཆགས་པ་བྱེད་དགོས། ལས་དོན་གལ་ཆེན་དང་འཐབ་རྩོད་གལ་ཆེན་གྱི་འཐབ་ཕྱོགས་དང་པོར་ལས་བྱེད་པ་གསོ་སྐྱོང་དང་སྦྱོང་བརྡར་བྱས་ཏེ། ལས་བྱེད་པ་བཟང་པོ་བདེ་ཐང་ངང་འཚར་ལོངས་དང་ཁྱད་དུ་འཕགས་པ་ཞིག་ཆགས་པ་བྱེད་དགོས། དབུལ་ཕོངས་ས་ཁུལ་གྱི་མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་མངོན་གསལ་དོད་པའི་གནད་དོན་གཅིག་བསྡུས་ཐོག་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་ཀྱི་གནད་དོན་གནད་ལ་འཁེལ་བའི་ངང་བཅོས་སྐྱོང་བྱེད་དགོས་ལ། དབུལ་སྒྲོལ་ལས་ཀའི་གྲུབ་འབྲས་སྤྱི་དང་ལྷག་པར་དུ་དབུལ་ཕོངས་རྫོང་གི་དབུལ་ཞྭ་འབུད་པའི་གནས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། དམངས་འཚོའི་ཁྱབ་ཁོངས་ཀྱི་རུལ་སུངས་ཆུང་ངུ་དང་། ནག་སྤྱོད་སྟོབས་ཤུགས་འགེབས་སྲུང་དང་རྒྱ་ཡན་དུ་གཏོང་མཁན། དམངས་ཕན་སྲིད་ཇུས་དོན་འཁྱོལ་ཡོང་བར་འགོག་རྐྱེན་བཟོ་བའི་བཀག་རྡོ་བཅས་དག་ཐེར་བཅོས་སྐྱོང་གཏིང་ཟབ་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པ་ཞིག་ཆགས་པ་བྱེད་དགོས་ཞེས་བསྟན་གནང་ཡོད།
          ཞི་ཅིན་ཕིང་གིས། སྟག་སྦྲང་མཉམ་རྡུང་བྱ་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱས་ནས། རང་ཚོད་མི་ཟིན་པ་དང་མཚམས་འཇོག་མི་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱེད་དགོས། ང་ཚོས་རུལ་བསླད་དང་རུལ་བསླད་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གསལ་པོ་བྱེད་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་དཀའ་ཚེགས་རང་བཞིན་ལ་ངོས་འཛིན་གསལ་པོ་བྱེད་པ། ཉེན་ཟོན་གྱི་འདུ་ཤེས་ཆེ་རུ་ཏན་ཏིག་གཏོང་བ། རུལ་སུངས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ཚོད་མི་ཟིན་པ་དང་མཚམས་འཇོག་མི་བྱེད་པར། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ལག་ལེན་མཐར་ཕྱིན་བསྟར་རྒྱུར་འགོག་རྐྱེན་ཚབས་ཆེན་བཟོ་བ་དང་། ཏང་གི་སྲིད་འཛིན་རྨང་གཞིར་གནོད་འཚེ་ཚབས་ཆེན་གཏོང་བའི་རུལ་སུངས་ཀྱི་གནད་དོན་ངེས་པར་དུ་ཞིབ་བཤེར་ཐག་གཅོད་ནན་པོ་དང་བཅོས་སྐྱོང་ནན་པོ་བྱེད་དགོས། ཉེན་ཁ་སྣ་ཚོགས་དང་འབྲེལ་བའི་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་དང་། དངུལ་རྩའི་ཁྱབ་ཁོངས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གཏིང་ཟབ་ཏུ་གཏོང་བ། གཞུང་ཁོངས་ཁེ་ལས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་ཐོན་ཁུངས་དང་གཞུང་ཁོངས་རྒྱུ་ནོར་དོ་དམ་ལ་ཤུགས་སྣོན་རྒྱག་པ། ས་གནས་ཀྱི་བུ་ལོན་ཉེན་ཁའི་ཁྲོད་ཀྱི་མི་མངོན་པའི་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་བཅས་བྱེད་དགོས། སྨན་བཅོས་ལས་ཁུངས་ཀྱི་ཕྱི་ནང་ངན་འབྲེལ་དང་མགོ་སྐོར་གཡོ་ལེན་གྱི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ནས། ཕུགས་ཕན་གྱི་ལྟ་སྐུལ་དོ་དམ་ལམ་སྲོལ་འཛུགས་པ་དང་ཤུགས་ཆེར་གཏོང་དགོས། མངའ་ཁོངས་ཕྱི་རོལ་གྱི་གཞུང་དབང་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། ངེས་ཤུགས་རྒྱུན་འཁྱོངས་དང་གོམ་གང་ཕྱིར་བཤོལ་མི་བྱེད་པར། གནད་དོན་རྙིང་པ་བསྐྱར་ལོག་དང་། གནད་དོན་གསར་པ་ཐོན་རྒྱུ། གནད་དོན་ཆུང་ངུ་ཆེ་རུ་འགྲོ་རྒྱུ་བཅས་སྔོན་འགོག་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་དང་པོར་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགན་འཁུར་གཟུར་གཡོལ་དང་། དུས་བཀག་ལྟར་ལས་གནས་བརྗེ་རེས། ལས་གནས་ལས་བྲལ་བར་རྩིས་བཤེར་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་མཚོན་ཆ་བེད་སྤྱོད་ཡག་པོ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
          ཞི་ཅིན་ཕིང་གིས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་བསམ་པ་བཅས་ལ་སྐུལ་འདེད་གཏོང་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་བསམ་པ་བཅས་ལ་སྐུལ་འདེད་བཏང་བ་ནི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཞི་རྩའི་བྱེད་ཕྱོགས་ཡིན་ལ། དུས་རབས་གསར་པར་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་པོ་བྱེད་པའི་འཐབ་ཇུས་གལ་ཆེན་ཞིག་ཀྱང་ཡིན། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་བསམ་པ་བཅས་ནི་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་སྐུལ་འདེད་གཏོང་བ་ཞིག་ཡིན་པས། ངེས་པར་དུ་གཅིག་གྱུར་མཉམ་འགུལ་དང་སྤྱིའི་ཕན་འབྲས་མཐོ་རུ་གཏོང་དགོས། དོ་ནན་པའི་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་ལུགས་ལག་བསྟར་ལ་བརྟེན་ནས་ལམ་ལུགས་ཀྱི་འགྱུར་མེད་རང་བཞིན་ཤུགས་ཆེར་གཏོང་བ། ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་འགྲོ་བའི་ལམ་ལུགས་མ་ལག་དང་དོ་ནན་ལ་ཕན་འབྲས་ལྡན་པའི་ལྟ་སྐུལ་མ་ལག་འགྲུབ་རྒྱུར་སྐུལ་འདེད་གཏོང་བ། ཕུགས་བསམ་དད་སེམས་ཀྱི་སློབ་གསོ་ཤུགས་ཆེར་གཏོང་བ། ཏང་གཤིས་གོ་རྟོགས་མཐོ་རུ་གཏོང་བ། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་ངེས་པའི་བསམ་བློའི་གཞི་རྩ་བརྟན་དུ་གཏོང་དགོས། ནན་པོ་ཞེས་པའི་སྤྱིའི་བྱེད་ཕྱོགས་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་ལ། དབྱེ་བ་གསུམ་འབྱེད་མཁས་པོ་བྱེད་དགོས། དམངས་སེམས་དམངས་འདོད་དང་མཐུན་དགོས། ལས་བྱེད་པས་འགན་འཁྲི་འཁུར་རྒྱུར་སྐུལ་ལྕག་བཏང་སྟེ། རྣམ་པ་རིགས་བཞིས་མཁོ་འདོན་བྱས་པའི་སྲིད་ཇུས་འཐབ་ཇུས་བེད་སྤྱོད་གང་ལེགས་བྱེད་པ་དང་། གསོག་ཚད་ནུས་ལྡན་སྒོ་ནས་ཐག་གཅོད་གཙང་སེལ་དང་། འཕར་ཚད་ལ་ལྟ་སྐུལ་དང་བཀག་འགོག་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད། ཆབ་སྲིད་ཀྱི་ཕན་འབྲས་དང་། སྒྲིག་ཁྲིམས་དང་ཁྲིམས་ལུགས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒྲིག་བཤེར་ལྟ་སྐུལ་ལམ་ལུགས་སྒྱུར་བཅོས་ལ་གཅིག་གྱུར་ངང་སྐུལ་འདེད་གཏོང་དགོས། མུ་མཐུད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། ལྟ་སྐུལ་མ་ལག་དང་ཏང་གི་འགོ་ཁྲིད་ལམ་ལུགས་གཉིས་གཅིག་མཐུན་ཡོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་མཉམ་འདྲེས་ཐུབ་པ། ལམ་ལུགས་བཟང་ཆའི་བཅོས་སྐྱོང་ནུས་པར། བརྗེ་སྒྱུར་སྔར་ལས་ལྷག་པ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་ཨུད་དང་ཏང་ཙུའུ་ཡིས་ཁྱོན་ཡོངས་ནས་ལྟ་སྐུལ་དང་། སྒྲིག་ཨུད་ལྟ་ཨུད་ཀྱིས་ལྟ་སྐུལ་གྱི་འགན་གཙོ་བོ་འཁུར་བ། ཏང་གི་ལས་དོན་སྡེ་ཁག་གི་འགན་ནུས་ལྟ་སྐུལ་དང་། ཏང་གི་གཞི་རིམ་རྩ་འཛུགས་ཀྱི་རྒྱུན་ལྡན་ལྟ་སྐུལ། ཏང་ཡོན་གྱི་དམངས་གཙོའི་ལྟ་སྐུལ་སོགས་ཟུང་འབྲེལ་དང་གཅིག་གྱུར་མཉམ་འདྲེས་ཐུབ་པ་བྱེད་དགོས། ཏང་ནང་ཁུལ་གྱི་ལྟ་སྐུལ་གྱིས་གཙོ་ཁྲིད་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་འཛིན་ལྟ་སྐུལ། ཁྲིམས་འཛིན་ལྟ་སྐུལ། རྩིས་བཤེར་ལྟ་སྐུལ། ནོར་དོན་རྩིས་གཉེར་ལྟ་སྐུལ། བསྡོམས་རྩིས་ལྟ་སྐུལ། མང་ཚོགས་ཀྱི་ལྟ་སྐུལ། གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་འབྲེལ་མཐུད་དམ་ཚགས་དང་ཕན་ཚུན་མཐུན་སྦྱོར་ཡོང་བ་བྱེད་དགོས། སྒྲིག་ཨུད་ལྟ་ཨུད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཁྲོད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། སྒྲིག་བཤེར་ལྟ་ཞིབ་ལམ་ལུགས་སྒྱུར་བཅོས་ཀྱི་ལས་འགན་ཁག་ལ་སྐུལ་འདེད་དང་དེ་དག་དོན་འཁྱོལ་ཡོང་བ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
          ཞི་ཅིན་ཕིང་གིས། དོ་ནན་པའི་སྒྲིག་ཁྲིམས་ལ་བརྟེན་ནས་ལམ་ལུགས་སྲུང་སྐྱོང་བྱ་དགོས། སྒྲིག་ཁྲིམས་ཀྱི་ཚོད་འཛིན་ནུས་པ་དང་ལམ་ལུགས་ཀྱི་ལག་བསྟར་ནུས་པ་ཤུགས་ཆེར་གཏོང་དགོས། ཁྱོན་ཡོངས་ལ་ཁྱབ་པའི་ལམ་ལུགས་ལག་བསྟར་གྱི་ལྟ་སྐུལ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱུན་ལྡན་གྱི་ལྟ་ཞིབ་དང་ཆེད་དོན་ཞིབ་བཤེར་ཤུགས་ཆེར་གཏོང་དགོས། ལམ་ལུགས་ལག་བསྟར་བྱེད་ཚུལ་དེ་ཞིབ་དཔྱད་ནང་དོན་ཁོངས་སུ་འཇུག་པ་དང་། ལས་བྱེད་པས་ལམ་ལུགས་གཞིར་བཟུང་རང་འགན་གཙང་སྒྲུབ་དང་། ལམ་ལུགས་བེད་སྤྱོད་མཁས་པོ་བྱས་ཏེ་ལས་དོན་སྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས། འགན་འཁྲི་རྩད་གཅོད་ནུས་ལྡན་བྱས་ཏེ་ལམ་ལུགས་ལག་བསྟར་བྱ་ཤུགས་ཆེ་རུ་གཏོང་བ་དང་། དབང་ཆ་གང་བྱུང་བེད་སྤྱོད་བྱེད་པའི་འགན་འཛོལ་བྱ་སྤྱོད་རྩད་གཅོད་བྱེད་དགོས་ལ། དབང་ཆ་བེད་སྤྱོད་མ་བྱེད་པ་དང་འགན་མི་འཁུར་བའི་ལས་འཛོལ་བྱ་སྤྱོད་ཀྱང་རྩད་གཅོད་བྱེད་དགོས། ཐད་ཀའི་འགན་འཁྲི་རྩད་གཅོད་བྱེད་དགོས་ལ་འབྲེལ་ཡོད་འགོ་ཁྲིད་ཀྱི་འགན་འཁྲི་ཡང་རྩད་གཅོད་བྱེད་དགོས་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས། ལམ་ལུགས་ཀྱི་དབང་གྲགས་སྲུང་སྐྱོང་དང་ལམ་ལུགས་ལག་བསྟར་བྱ་རྒྱུ་འགན་ལེན་བྱེད་པ་དེ་ནི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་འགན་འཁྲི་གལ་ཆེན་ཞིག་རེད། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་འཐབ་འཛིང་པ་ཞིག་བྱེད་དགོས། ཏང་ཀྲུང་དབྱང་གིས་ལྟ་སྐུལ་སྒྲིག་བསྟར་ལས་ཀའི་སྒྲིག་སྲོལ་གཏན་འབེབས་དང་ལྟ་སྐུལ་ཁྲིམས་བསྟར་ལས་ཀའི་གཏན་འབེབས་ལ་ཆོག་མཆན་འགོད་པ་ནི། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ལ་ལམ་ལུགས་གཏན་འཁེལ་དང་སྒྲིག་ལམ་གཏན་འབེབས་བྱེད་དགོས་པ་ཡིན་པས། ངེས་པར་དུ་ཇི་མ་ཇི་བཞིན་ལག་བསྟར་གནད་འཁེལ་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་ལ་འགོ་ཁྲིད་དང་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་བྱེད་དབང་ལ་ལྟ་སྐུལ་ཐེབས་པ་དང་གཅུན་འདོམས་ཡོད་པའི་འགན་ལེན་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རང་གིས་རང་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་གིས་རང་ལ་གཅུན་འདོམས་བྱེད་པའི་ཐད་མིག་དཔེ་སྟོན་པ་དང་། ཁྲིམས་སྐྱོང་གི་འདུ་ཤེས་དང་། གོ་རིམ་གྱི་འདུ་ཤེས། དཔང་རྟགས་ཀྱི་འདུ་ཤེས་བཅས་བརྟན་པོ་འཛུགས་པ། དབང་ཚད་དང་། སྒྲིག་སྲོལ། གོ་རིམ་བཅས་ལ་ནན་པོར་གཞིགས་ནས་ལས་དོན་སྤེལ་བ། དཔུང་ཁག་སྟོབས་ཆེར་གཏོང་བ་དང་ལས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བའི་ཐད་ཤུགས་སྣོན་རྒྱག་དགོས་པའི་ནན་གསུང་གནང་བ་རེད།
          ཀྲའོ་ལེ་ཅིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འབྲེལ་མཚམས་ཐོག་ནས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཕྱོགས་སྡོམ་གཏིང་ཟབ་གནང་བ་དང་། ང་ཚོའི་ཏང་གིས་རང་ངོས་གསར་བརྗེ་མངོན་འགྱུར་བྱེད་པའི་གྲུབ་འབྲས་ཐོབ་པའི་འགྲོ་ལམ་དང་ནུས་ལྡན་ལམ་ལུགས་རྒྱས་བཤད་གཏིང་ཟབ་གནང་བ། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པར་ངེས་པར་དུ་གང་ཞིག་མཐའ་འཁྱོངས་དང་། སྲ་བརྟན་དུ་གཏོང་བ་དང་། གང་ཞིག་འཐུས་སྒོ་ཚང་དུ་དང་གོང་འཕེལ་གཏོང་བའི་གནད་དོན་གལ་ཆེན་ལ་ལན་གང་ལེགས་བཏབ་བ་བཅས་གཏིང་ཟབ་བསྐྱོན་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕན་འབྲས་གསར་པའི་ཐོག་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་བ་རེད། གསུང་བཤད་ནི་མཐོ་སར་བཞེངས་ནས་རིང་སར་གཟིགས་པ་དང་། ཁྱོན་ཡོངས་གཅིག་འདོམས། བསམ་བློ་གཏིང་ཟབ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་ཆེད་སྐུལ་འདེད་གཏོང་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་འདུ་ཤེས་བཞི་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བྱེད་པ། བློ་བརྟན་འགྱུར་མེད་དང་བརྟན་པོའི་ངང་ཡར་རྒྱས་ཡོང་བ་བྱེད་པ། དོ་ཞིང་ནན་པའི་སྤྱིའི་རྩ་དོན་ཡུན་རིང་མཐའ་འཁྱོངས་བྱས་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་དཔོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
          ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག མི་དམངས་ཚོགས་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། དམག་དཔུང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་འདུ་ནི་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་དང་དེ་བཞིན་དམག་དཔུང་གི་འབྲེལ་ཡོད་ཚན་པར་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།
          ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཟླ་1ཚེས་13ཉིན་པེ་ཅིང་དུ་འགོ་ཚུགས་པ་རེད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་གཙོ་སྐྱོང་བྱས་པ་རེད། སྤྱི་ཚེས་13ཉིན་གྱི་ཕྱི་དྲོ་ཀྲའོ་ལེ་ཅིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་འགོ་བརྗོད་དུ་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་ཞེས་པའི་ལས་དོན་སྙན་སྒྲོན་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།