དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་16པ་ཚོགས་མཇུག་སྒྲིལ་བ།

སྤེལ་དུས 2020-02-25 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྤྱི་ཚེས་24ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་16པ་པེ་ཅིང་དུ་ཚོགས་མཇུག་སྒྲིལ་བ་རེད། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱ་རྒྱུ་གཏན་འགོག་བྱེད་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་ཤ་གང་བྱུང་ཟ་བའི་གོམས་གཤིས་ངན་པ་མེད་པར་བཟོས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་དང་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོག་དུས་ནར་འགྱངས་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་རེད།
          ལི་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་སྐབས། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས།གནད་འཕིགས་ཇུས་འདོན་བཅས་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་ནས། ལྟེ་བའི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གནང་བ། ཀུན་སེམས་གཅིག་སྒྲིལ་གྱིས་ནད་ཡམས་འགོག་པ་དང་ཆར་རླུང་ལ་མ་འཛེམས་པར་མདུན་སྐྱོད་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་བློ་སྟོབས་དང་དྲང་ནུས་ཆེན་པོ་གཅིག་སྡུད་གནང་བས། སྔོན་འགོག་ཚོད་འཛིན་གྱི་དུས་བབ་དེ་ལེགས་པའི་ཕྱོགས་སུ་གོང་འཕེལ་ཕྱིན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་ཐུབ་ངེས་ཡིན་པ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཐུབ་ངེས་རེད་ཅེས་གསུངས་འདུག
          ལི་ཀྲན་ཧྲུའུ་ཡིས། ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་ཤ་གང་བྱུང་དུ་ཟ་བའི་གོམས་གཤིས་ངན་པ་ཁྱོན་ཡོངས་ནས་བཀག་འགོག་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་དང་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་རྒྱུའི་སྐོར་གྱི་གཏན་འབེབས་བྱས་ཡོད་པས། འབྲེལ་ཡོད་ཕྱོགས་ཁག་གིས་གཏན་འབེབས་ལག་བསྟར་ནན་པོ་བྱེད་པ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཁྲིམས་འགལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་ཁྲོམ་ར་དང་ཉོ་ཚོང་ལ་རྡུང་རྡེག་ཚ་ནན་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ་བཅས་བྱ་དགོས་ཞེས་གསུངས་འདུག
          ལི་ཀྲན་ཧྲུའུ་ཡིས། ད་ཐེངས་ཀྱི་ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོག་རྒྱུ་ནར་འགྱངས་བྱ་རྒྱུའི་གཏན་འབེབས་བྱས་པ་དེ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་རིམས་ནད་ཀྱི་དུས་བབ་དང་སྔོན་འགོག་ཚོད་འཛིན་ལས་དོན་གྱི་དགོས་མཁོར་དབྱེ་ཞིབ་དང་། རྩ་ཁྲིམས་ཀྱི་རྩ་དོན་དང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། ཞིབ་འཇུག་ནན་ཏན་དང་བསམ་གཞིག་གཟབ་ནན་བྱས་པ་བརྒྱུད་གཏན་འཁེལ་བྱས་པ་ཞིག་རེད། ཚོགས་ཆེན་སྐོང་འཚོག་བྱ་རྒྱུ་ནར་འགྱངས་འོས་འཚམ་བྱས་པ་དེ་ནི། རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱ་རྒྱུར་ཕན་པ་ཡོད་ལ། ཚོགས་ཆེན་འཚོག་སྐབས་ཚོགས་འདུའི་ལས་འགན་ཁག་བདེ་བླག་ངང་ལེགས་འགྲུབ་ཡོང་བར་ཡང་ཕན་ཐོགས་ཡོད་ཅེས་གསུངས་འདུག