དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་སི་ཁྲོན་ཤིས་ཁྲང་གྲོང་ཁྱེར་ཅིང་ཅིའུ་ཤང་གི་ནགས་ཚལ་མེ་སྐྱོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།

སྤེལ་དུས 2020-04-02 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
ལས་འཛོལ་དང་དོན་རྐྱེན་མང་པོ་ཐོན་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱས་ནས་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱེད་དགོས་ཞེས་གསུངས་པ།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་30ཉིན་གྱི་ཆུ་ཚོད་16ཙམ་ལ། སི་ཁྲོན་ལེང་ཧྲན་ཀྲོའུ་ཤིས་ཁྲང་གྲོང་ཁྱེར་ཅིང་ཅིའུ་ཤང་མ་ཨེན་གྲོང་ཚོར་ནགས་ཚལ་ལ་མེ་སྐྱོན་བྱུང་ཞིང་། གློ་བུར་དུ་ལྷགས་ཕྱོགས་འགྱུར་བ་དང་མེ་ཆེ་རུ་ཕྱིན་ཏེ་མེ་གསོད་མཁན་དེ་མུར་གཡོལ་མི་ཐུབ་པས། མི་19རྐྱེན་ལམ་ཤོར་བ་དང་མི་3ལ་རྨས་སྐྱོན་ཕོག་འདུག མིག་སྔར་མེ་སྔར་བཞིན་གསོད་བཞིན་ཡོད།
          གནོད་འཚེ་ཐོན་རྗེས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་ཡང་གནང་ནས། སྟོབས་ཤུགས་མགྱོགས་མྱུར་སྐོང་འཐེན་གྱིས་ཚན་རིག་དང་མཐུན་པའི་རོགས་སྐྱོབ་བྱས་ཏེ། མེ་གསོད་མཁན་གྱི་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ནུས་ཤུགས་ཡོད་རྒུས་མེ་གསོད་པ་དང་། ཞོར་ཐོན་གནོད་འཚེ་མི་ཐོན་པ་བྱེད་དགོས། མིག་སྔར། ནགས་ཚལ་མེ་སྐྱོན་སོགས་རང་བྱུང་གནོད་འཚེ་ཐོན་སླ་བ་དང་མང་པོ་ཐོན་སྲིད་པའི་སྐབས་ཡིན་ཞིང་། ཉེ་ཆར་སི་ཁྲོན་དང་། ཡུན་ནན། ཧྥུའུ་ཅན། ཧུའུ་ནན་སོགས་སུ་ནགས་ཚལ་མེ་སྐྱོན་དང་བདེ་འཇགས་ལས་འཛོལ་མང་པོ་ཐོན་ཅིང་། དེའི་ཁར་དྭངས་གསལ་དུས་ཚིགས་དང་དཔྱིད་དུས་ཀྱི་བྲུབ་ཆུ་ཐོན་ཉེ་ལ། མེ་སྐྱོན་དང་ཆུ་ལོག་སོགས་ཀྱི་བདེ་འཇགས་གནོད་འཚེའི་མངོན་མེད་རྐྱེན་ངན་མངོན་གསལ་དོད་པས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱེད་དགོས། རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ལས་འགོ་བསྐྱར་འཛུགས། ཐོན་སྐྱེད་སླར་གསོ་བཅས་ལ་སྤྱི་འདོམས་ཡག་པོ་བྱེད་པ་དང་དུས་མཚུངས། ཉེན་ཁ་སྔོན་འགོག་གི་ལས་དོན་ཁག་ལ་དམ་འཛིན་ནན་པོ་བྱས་ཏེ་ལྷོད་གཡེང་མི་གཏོང་བ་དང་། མེ་སྐྱོན་དང་། འདམ་རྡོའི་ཆུ་རུད། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་གཏིང་ཟབ་བྱེད་པ། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ། ལས་འཛོལ་གྱི་གནོད་འཚེ་མང་པོ་ཐོན་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་ནུས་ཤུགས་ཡོད་རྒུས་རྨས་མ་མྱུར་སྐྱོབ་དང་། ཚན་རིག་དང་མཐུན་པའི་ངང་མེ་གསོད་པ། རྐྱེན་ལམ་དུ་ཤོར་མཁན་གྱི་རྗེས་འཇུག་ཡག་པོ་བྱེད་པ། མེ་ཤོར་སའི་མཐའ་འཁོར་གྱི་གཙོ་གནད་ཆེ་ས་དང་། དོ་ར། སྒྲིག་བཀོད་བཅས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་མ་ཟད། ཉེ་དུས། ནགས་ཚལ་ལ་མེ་སྐྱོན་ཤོར་བ་དང་མི་སྣ་ཤི་རྨས་བྱུང་བའི་བསླབ་བྱར་ཕྱོགས་སྡོམ་ཡག་པོ་བྱས་ནས་ཕྱོགས་ཁག་དང་ལྷུ་ཚིགས་ཁག་གི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་པ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ནགས་ཚལ་མེ་སྐྱོན་ཚབས་ཆེན་མི་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
          ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཁེ་ཆང་གི་བླང་བྱ་གཞིར་བཟུང་འཕྲལ་སྡོམ་དོ་དམ་པུས་འཕྲལ་མར་ལས་དོན་ཚོགས་ཆུང་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱེད་པར་བཏང་བ་མ་ཟད། རྒྱལ་ཁབ་ནགས་ཚལ་མེ་ཟོན་དང་མེ་ཟོན་རོགས་སྐྱོབ་དཔུང་ཁག་རོགས་སྐྱོར་ལ་བཏང་བ་རེད། སི་ཁྲོན་ཞིང་ཆེན་དང་ལེང་ཧྲན་ཀྲོའུ་ཡིས་མི་སྣ་སྒྲིག་འཛུགས་བྱས་ནས་མེ་གསོད་བཞིན་ཡོད་པ་དང་ཉེ་འགྲམ་གྱི་མང་ཚོགས་འཕྲལ་མར་གནས་སྤོས་པ་མ་ཟད། མཐའ་འཁོར་གྱི་སློབ་གྲྭ་དང་སྣུམ་སྣོན་ས་ཚིགས་སོགས་གཙོ་གནད་ཁུལ་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། མིག་སྔར་མེ་གསོད་རོགས་སྐྱོབ་དང་། རྨས་མ་སྐྱོབ་བཅོས། མི་སྣ་ཁ་འགྲེམས་སོགས་བྱེད་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།