དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

སྤེལ་དུས 2020-06-30 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
ནུས་ཤུགས་ཡོད་རྒུས་ཆུ་ལོག་དང་ཞོད་སྐྱོན་ས་གཤིས་གནོད་འཚེ་བཅས་འགོག་སྲུང་དང་འཕྲལ་སྡོམ་ཉེན་སེལ་རོགས་ སྐྱོབ་ཡག་པོ་བྱེད་པ་དང་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ འགན་ལེན་བྱ་རྒྱུ་དེ་ཨང་དང་པོར་འཇོག་རྒྱུ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ།
          ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་རེད།
          ཞི་ཅིན་ཕིང་གིས་བསྟན་དོན། ཟླ་དྲུག་པ་ནས་བཟུང་། རང་རྒྱལ་གྱི་འབྲི་ཆུའི་ལྷོ་རྒྱུད་དང་། ཀྲུང་གོའི་ལྷོ་རྒྱུད་དང་ལྷོ་ནུབ་རྒྱུད་དུ་དྲག་ཆར་བབ་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་ས་ཆ་མང་ཆེ་བར་ཆུ་ལོག་དང་ཞོད་སྐྱོན། ས་གཤིས་གནོད་འཚེ་བཅས་ཕོག་ཡོད། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ནུས་ཤུགས་ཡོད་རྒུས་ཆུ་ལོག་དང་ཞོད་སྐྱོན་ས་གཤིས་གནོད་འཚེ་བཅས་འགོག་སྲུང་འཕྲལ་སྡོམ་དང་ཉེན་སེལ་རོགས་སྐྱོབ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་གེགས་འགོག་གེགས་སེལ་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་བྱེད་དགོས།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་རང་རྒྱལ་གྱི་ས་གནས་མང་ཆེ་བ་འབྲུབ་དུས་སུ་སླེབས་ནས་ས་ཆ་ཁག་གཅིག་གི་ཆུ་རྒྱས་ཚུལ་ཛ་དྲག་ཡོད་ལ་ལྷག་པར་དུ་ཉེ་དུས་རྒྱ་མཚོའི་རླུང་འཚུབ་ལྡང་མང་བའི་དུས་ཚིགས་སུ་སླེབས་ཡོད། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་སོགས་སྡེ་ཚན་གྱིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འབྲེལ་ཡོད་ས་གནས་ལ་འབྲུབ་ཆུ་འགོག་པ་དང་རྒྱ་མཚོའི་རླུང་འཚུབ་འགོག་པ་སོགས་ཀྱི་ལས་དོན་སྤེལ་རྒྱུའི་འཛུབ་ཁྲིད་བྱེད་དགོས།
          ཞི་ཅིན་ཕིང་གིས། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་འབྲུབ་འགོག་གེགས་སེལ་གྱི་ལས་དོན་སྤྱི་འདོམས་ཐོག་ཡག་པོ་སྒྲུབ་པ་དང་། འགན་འཁྲིའི་ལམ་ལུགས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། སྔོན་འགོག་གྲ་སྒྲིག་དང་འཕྲལ་སྡོམ་ཐག་གཅོད་གཉིས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཆུ་རྒྱས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཁའི་མངོན་མེད་རྐྱེན་ངན་ལ་དུས་ཐོག་ཏུ་གྲལ་བཤེར་བྱེད་པ། ཉེན་སེལ་རོགས་སྐྱོབ་སྒྲིག་འཛུགས་ནུས་ལྡན་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་སྲུང་སྐྱོང་ཡག་པོ་བཅས་བྱས་ནས་མི་དམངས་ཀྱི་འཚེ་སྲོག་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་ཨང་དང་པོར་འཇོག་རྒྱུ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།