དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་བསམ་ཕྱོགས་གསར་པ་ཟམ་མི་ཆད་པར་གཏོད་དགོས།

སྤེལ་དུས 2020-08-17 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་16པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་2015ལོའི་ཟླ་11ཚེས་23ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་སྐབས་བཅོ་བརྒྱད་པའི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་བརྒྱད་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན《དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་བསམ་ཕྱོགས་གསར་པ་ཟམ་མི་ཆད་པར་གཏོད་དགོས》ཞེས་པ་བཀོད་ཡོད།
          གསུང་བཤད་ནང་ནན་བཤད་གནང་དོན། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པ་ནི་མར་ཁེ་སི་རིང་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ང་ཚོས་མར་ཁེ་སི་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཀྱང་ཡིན། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པ་ལས། མིའི་རིགས་ཀྱི་སྤྱི་ཚོགས་དང་ལྷག་པར་དུ་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཁོར་སྐྱོད་ཀྱི་ཆོས་ཉིད་གསལ་སྟོན་བྱས་ཡོད། ང་ཚོའི་ཆབ་སྲིད་དཔལ་འབྱོར་རིག་པའི་རྩ་བ་ནི་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པ་ཡིན་པ་ལས། དཔལ་འབྱོར་རིགས་པའི་གཞུང་ལུགས་གཞན་གང་ཡང་ཡིན་མི་ཆོག མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པར་སྐྱེ་སྟོབས་ལྡན་དགོས་ན། ངེས་པར་དུ་དུས་བསྟུན་མདུན་སྐྱོད་བྱེད་དགོས། ང་ཚོས་རང་རྒྱལ་གྱི་རྒྱལ་བབ་དང་འཕེལ་རྒྱས་ཀྱི་ལག་ལེན་ལ་གཞིགས་ནས། འཛམ་གླིང་གི་དཔལ་འབྱོར་དང་རང་རྒྱལ་གྱི་དཔལ་འབྱོར་ལ་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཁྱད་ཆོས་གསར་པ་དང་ཆོས་ཉིད་གསར་པ་མངོན་པར་བྱེད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལག་ལེན་གྱི་ཆོས་ཉིད་རང་བཞིན་གྱི་གྲུབ་འབྲས་ཞུན་བརྡར་དང་ཕྱོགས་སྡོམ་བྱས་ཏེ། ལག་ལེན་གྱི་ཉམས་མྱོང་དེ་རྒྱུད་རིམ་ཅན་གྱི་དཔལ་འབྱོར་གཞུང་ལུགས་སུ་མཐོར་འདེགས་བྱས་ཏེ། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་བསམ་ཕྱོགས་གསར་པ་ཟམ་མི་ཆད་པར་གཏོད་དགོས།
          གསུང་བཤད་ནང་བསྟན་དོན། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པ་སློབ་སྦྱོང་དང་། ཞིབ་འཇུག བེད་སྤྱོད་བཅས་བྱ་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་གཞི་རྩའི་རྩ་བའི་རིགས་པ་དང་སྒྱུར་བཅོས་སྒོ་དབྱེའི་ལག་ལེན་གསར་པ་ཟུང་འབྲེལ་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་བར་བརྟེན། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་མང་པོ་གྲུབ་ཡོད། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དེ་དག་མར་ཁེ་སི་རིང་ལུགས་ཀྱི་གསུང་རབ་རྩོམ་པ་པོས་བརྗོད་མྱོང་མེད་ལ། སྒྱུར་བཅོས་སྒོ་དབྱེ་མ་བྱས་གོང་ང་ཚོར་ཡང་དེའི་ཐད་ཀྱི་ལག་ལེན་དང་ངོས་འཛིན་ཡང་མེད། དེ་ནི་དེང་རབས་ཀྲུང་གོའི་རྒྱལ་བབ་དང་དུས་རབས་ཀྱི་ཁྱད་ཆོས་དང་འཚམ་པའི་ཆབ་སྲིད་དཔལ་འབྱོར་རིག་པ་ཞིག་ཡིན་པ་དེ་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལག་ལེན་ལ་མཛུབ་ཁྲིད་ནུས་ལྡན་ཐུབ་པ་མ་ཟད། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་བསམ་ཕྱོགས་གསར་པ་ཡང་བཏོད་ཡོད།
          གསུང་བཤད་ནང་བསྟན་དོན། འགྱུར་ལྡོག་ཆེ་བའི་འཛམ་གླིང་དཔལ་འབྱོར་གྱི་རླབས་རྒྱུན་ཆེན་པོའི་ཁྲོད། རང་རྒྱལ་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོ་ཁ་ལོ་ལེགས་པར་བསྒྱུར་ཐུབ་མིན་དེ་རང་རེའི་ཏང་གི་ངོས་ནས་བརྗོད་ན་ཚོད་བགམ་ཆེན་པོ་ཞིག་རེད། རྙོག་འཛིང་ཆེ་བའི་རྒྱལ་ཕྱི་རྒྱལ་ནང་གི་དཔལ་འབྱོར་དུས་བབ་དང་ལྗིད་རྫོབ་སྣ་མང་གི་དཔལ་འབྱོར་སྣང་ཚུལ་གྱི་མདུན་དུ་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་གཞི་རྩའི་རྩ་བའི་རིགས་པ་དང་བརྟག་ཐབས་སྨྲ་བ་སློབ་སྦྱོང་བྱེད་པ་དེ། ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་དཔལ་འབྱོར་དབྱེ་ཞིབ་བྱེད་ཐབས་ཁོང་དུ་ཆུད་པ་དང་། དཔལ་འབྱོར་འཁོར་སྐྱོད་ཀྱི་གོ་རིམ་ཤེས་རྟོགས། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ཁོང་དུ་ཆུད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་ཁ་ལོ་སྒྱུར་ནུས་ཆེ་རུ་གཏོང་བ། དེ་བས་ལེགས་པའི་སྒོ་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཀྱི་གནད་དོན་ལ་ལན་འདེབས་རྒྱུ་བཅས་ལ་ཕན་ཐོགས་ཡོད།
          གསུང་བཤད་ནང་བསྟན་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་དགོས། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་རྒྱུ་དེ་ནི་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་རྩ་བའི་ལངས་ཕྱོགས་ཤིག་ཡིན་པ་དང་། དཔལ་འབྱོར་ལས་དོན་བཀོད་སྒྲིག་དང་། དཔལ་འབྱོར་སྲིད་ཇུས་བཟོ་བ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཚང་མར་རྩ་བའི་ལངས་ཕྱོགས་འདི་མཐའ་འཁྱོངས་བརྟན་པོ་བྱེད་དགོས། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་དེ་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་ལྟ་བ་མང་པོ་དང་གཅིག་མཐུན་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་དཀའ་གནད་ཟམ་མི་ཆད་པར་བསལ་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།
          གསུང་བཤད་ནང་བསྟན་དོན། ཐོན་སྐྱེད་རྒྱུ་ཆས་དབང་བའི་ལམ་ལུགས་ནི་ཐོན་སྐྱེད་འབྲེལ་བའི་ལྟེ་བ་ཡིན་ཞིང་དེས་སྤྱི་ཚོགས་ཀྱི་གཞི་རྩའི་ངོ་བོ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ་བྱེད་ཀྱི་ཡོད། སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་གཡོ་འགུལ་སྤུ་ཙམ་མེད་པར་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ལྕག་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ཏེ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱིས་སྐྱོན་སྤངས་དགེ་སྒྲུབ་དང་། ཕན་ཚུན་སྐུལ་འདེད། ཐུན་མོང་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས། སྤྱི་དབང་ལམ་ལུགས་ཀྱི་བྱེད་པོའི་གནས་བབ་ལ་གཡོ་འགུལ་གཏོང་མི་རུང་ལ། གཞུང་ཁུངས་དཔལ་འབྱོར་གྱི་གཙོ་ཁྲིད་ནུས་པར་ཡང་གཡོ་འགུལ་གཏོང་མི་རུང་། རང་རྒྱལ་གྱི་ཡོང་འབབ་བགོ་བཤའི་ཁྲོད་གནས་པའི་མངོན་གསལ་དོད་པའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྒྲིག་སྲོལ་ལམ་སྲོལ་དང་ཞིབ་ཕྲའི་སྲིད་ཇུས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་དམངས་ཀྱི་ཡོང་འབབ་བགོ་བཤའི་རྣམ་པ་ལེགས་སྒྲིག གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་རྒྱུན་མཐུད་ངང་མང་དུ་གཏོང་བ་བཅས་བྱས་ཏེ། ཡོང་འབབ་ཀྱི་ཧེ་བག་ཟམ་མི་ཆད་པར་ཆུང་དུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་དང་ཁྲོམ་རའི་དཔལ་འབྱོར་མུ་མཐུད་ཟུང་འབྲེལ་བྱ་རྒྱུར་གཞོལ་ནས་ཕྱོགས་གཉིས་པོའི་ལེགས་ཆ་འདོན་སྤེལ་ཡག་པོ་བྱེད་དགོས།
          གསུང་བཤད་ནང་བསྟན་དོན། ཕྱི་ཕྱོགས་སྒོ་དབྱེའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་དང་། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་སྤྱི་འདོམས་མཁས་པོ་བྱེད་པ། རྒྱལ་སྤྱི་རྒྱལ་ནང་གི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་ཡག་པོ་སྤྱོད་པ། རིམ་པ་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ། རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་ལམ་འདྲ་མཉམ་དྲང་གཞག་དང་མཉམ་ལས་གཉིས་ཕན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རང་རྒྱལ་འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཉེན་ཁ་སྣ་ཚོགས་འགོག་ཟོན་ཧུར་ཐག་བྱས་ཏེ་རྒྱལ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་འགན་ལེན་བྱེད་དགོས།