དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོཌ་ཀྱི་སྐབས་བཅུ་གསུམ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོཌ་དང་རྒྱལ་ཡོངས་སློབ་མ་མཉམ་འབྲེལ་ལྷན་ཚོཌ་ཀྱི་འཐུས་མི་ཚོཌ་ཆེན་འཚོཌ་པར་འཕྲིན་ཡིག་སྤྲིངས་གནང་བ།

སྤེལ་དུས 2020-08-19 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
       ཚེས་17ཉིན་གྱི་སྔ་དྲོ། ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཅུ་གསུམ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་དང་ཀྲུང་ཧྭ་རྒྱལ་ཡོངས་སློབ་མ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ཉེར་བདུན་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུ་དང་གཞོན་ནུ་སློབ་མ་དང་ཕྱི་རྒྱལ་དུ་ཡོད་པའི་རྒྱ་ཆེའི་ཀྲུང་ཧྭའི་གཞོན་ནུ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།
       ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ལོ་ལྔའི་རིང་ཏང་གི་འགོ་ཁྲིད་འོག་དང་གུང་གཞོན་སྡེ་ཚོགས་ཀྱི་རོགས་རམ་དང་མཛུབ་ཁྲིད་འོག རིམ་ཁག་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མ་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་བློ་རྩ་བརྟན་པོས་སྒྱུར་བཅོས་དང་ཡར་ཐོན་བརྩོན་ལེན་གྱིས་རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མར་མཐུན་སྒྲིལ་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བརྒྱུད་རིམ་ནང་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་དང་ལང་ཚོའི་ཉམས་འགྱུར་མངོན་པར་བྱས་ཏེ། ཏང་གི་གཞོན་ནུའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ནུས་པ་གལ་ཆེན་བཏོན་ཡོད་ཅེས་གསུངས་ཡོད་པ་རེད།
       ཞི་ཅིན་ཕིང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད། ང་ཚོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རླབས་ཆེན་རྒྱལ་ཁ་ཐོབ་ཉེར་ཡོད་པ་དང་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་བསྐྱོད་ཡོད་པ་རེད། རང་རྒྱལ་གྱི་རྒྱ་ཆེའི་གཞོན་ནུ་ཚོས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། བླ་ན་མེད་པའི་གཤིས་རྒྱུད་འཇགས་པར་བྱེད་པ། ཉམས་སད་ཐེག་ཐུབ་པའི་ནུས་རྩལ་སྦྱོང་བ། གསར་གཏོད་བྱེད་ཕོད་པ། དཀའ་སྤྱད་འབད་འཐབ་བྱེད་པ། མི་དམངས་དུང་ཕྱུར་མང་པོ་དང་མཉམ་དུ་བློ་སྟོབས་ཆེན་པོས་འབད་འཐབ་བྱེད་རིང་དུས་རབས་གསར་པའི་ལང་ཚོའི་གླུ་དབྱངས་རྩོམ་དགོས་ཞེས་གསུངས་ཡོད་པ་རེད།
       ཞི་ཅིན་ཕིང་གིས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ནི་ཏང་གི་གཞོན་ནུའི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གཞོན་ནུའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀར་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས་རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མ་རྣམས་ཀྱི་འཇོན་ཐང་ཆེ་རུ་འགྲོ་བ་དང་འཇོན་ཐང་འདོན་པར་མཐུན་རྐྱེན་བཟང་པོ་བསྐྲུན་དགོས། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་དུས་རབས་ཀྱི་གོམ་སྟབས་དང་བསྟུན་ནས་གཞོན་ནུའི་ལས་ཀའི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པ་དང་། སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ནས་དུས་རབས་གསར་པར་འབད་འབུངས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་འགོ་ཚུགས་ཚོགས་འདུར་ཕེབས་པ་རེད།
       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཤིས་ཀྱིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད།
       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་གསུངས་པ་རེད། ཁོང་གིས། གཞོན་ནུའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་དེ་གའི་གཞོན་ནུ་འཚར་ལོངས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་དངོས་ལས་དོན་ཁྲོད་རང་རྟོགས་ངང་དོན་འཁྱོལ་བྱེད་དགོས། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། འབད་བརྩོན་ཆེན་པོས་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བ་བྱེད་པ། གསར་འབྱེད་གསར་གཏོད་བྱེད་ཕོད་པ་དང་བླ་ན་མེད་པའི་ཀུན་སྤྱོད་སྦྱོང་བརྡར་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་མཁན་གྱི་འབད་འཐབ་པ་དང་། གསར་གཏོད་པ། ལེགས་སྐྱེས་འབུལ་མཁན་བཅས་བྱེད་གང་ཐུབ་བྱེད་པ་དང་ལང་ཚོ་དང་རྔུལ་ཆུར་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་ལེའུ་རྩོམ་དགོས་ཞེས་གསུངས་པ་རེད།
       ཐེངས་འདིའི་ཚོགས་ཆེན་ཐོག་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་ལྔའི་རིང་གི་ལས་ཀར་ཕྱོགས་བསྡོམས་བྱ་རྒྱུ་དང་། མ་འོངས་པའི་ལོ་5ཡི་ལས་འགན་ཞིབ་འཇུག་དང་གཏན་འཁེལ་བྱ་རྒྱུ། 《ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག》དང《ཀྲུང་ཧྭ་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག》ལ་བཟོ་བཅོས་རྒྱག་རྒྱུ། ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་རྟགས་གཏན་འཁེལ་བྱ་རྒྱུ། སྐབས་གསར་པའི་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་ལས་ཁུངས་བདམས་ཐོན་བྱ་རྒྱུ་བཅས་རེད།
རྩོམ་སྒྲིག་པ། སངས་སྐྱབས།