དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གི་གསུང་བཤད་ལ་ལན་ཆ་བཟང་པོ་བྱུང་འདུག

སྤེལ་དུས 2020-08-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        ཞི་ཅིན་ཕིང་གིས་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་འབྲི་ཆུའི་ཟུར་གསུམ་ཁུལ་ས་ཁོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ལན་ཆ་བཟང་པོ་བྱུང་བ།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་དུ་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད། ཚང་མས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། གཞི་གཅིག་ཅན་དང་སྤུས་ཚད་མཐོ་བའི་འགག་རྩའི་ཚིག་གཉིས་ལ་དམ་པོར་དམིགས་ནས། གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། དམ་པ་དོན་གཉེར་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱས་ནས། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད་པ་རེད།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནང་། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་ནས་ལོ་གཅིག་ལྷག་ཙམ་སོང་ཚུན། ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག དེ་བཞིན་འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པ་དང་། ལས་དོན་ལ་དམ་འཛིན་བྱས་པས། བཀྲག་མདངས་འཚེར་ས་མི་ཉུང་བ་ཞིག་བྱུང་ཡོད་པ་དང་། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་བཞིན་ཡོད་ཅེས་བསྟན་གནང་ཡོད། ཨན་ཧུའེ་ཞིང་ཆེན་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཁྲུའི་ཁྲུའུ་ཀྲང་ཀྲུང་ལན་གྱིས། གཞི་གཅིག་ཅན་གྱི་ཐུན་མོང་ངོས་འཛིན་རྒྱུན་ཆད་མེད་པར་གཅིག་སྡུད་ཡོང་བཞིན་ཡོད་པ་དང་། གཞི་གཅིག་ཅན་གྱི་ལས་ཀའི་ལམ་སྲོལ་ཡང་མགྱོགས་མྱུར་ཆགས་བཞིན་ཡོད་ཅིང་། གཞི་གཅིག་ཅན་གྱི་གཙོ་གནད་ཁྱབ་ཁོངས་ལ་སྐུལ་འདེད་མགྱོགས་པོ་གཏོང་བཞིན་ཡོད། ང་ཚོའི་སྲིད་དོན་ཞབས་ཞུ་དང་། ཨན་ཧུའེ་ཡི་ལས་དོན་མཉམ་སྒྲུབ་དང་འབྲི་ཆུའི་ཟུར་གསུམ་ཁུལ་དུ་གང་མགྱོགས་མཉམ་འདྲེས་བྱེད་པའི་དྲ་གཅིག་ཀུན་གཉེར། ད་དུང་ཧྲང་ཧའེ་དང་། ཅང་སུའུ། ཀྲེ་ཅང་བཅས་ཀྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་དང་སློབ་གསོའི་ཐོན་ཁུངས་ནང་འདྲེན་གང་མགྱོགས་བྱས་ནས་ཨན་ཧུའེ་རུ་གཞིས་ཆགས་པ་བྱེད་དགོས། འདི་ལྟར་བྱས་ན་མང་ཚོགས་ལ་ཐོབ་ཚོར་དངོས་ཡོང་ཐུབ་ཅེས་གསུངས་ཡོད་པ་རེད།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཛ་དྲག་ལ་རྙོག་འཛིང་ཆེ་བའི་གནས་བབ་ཀྱི་མདུན་དུ། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བར་ངེས་པར་དུ་འབྲི་ཆུའི་ཟུར་གསུམ་ཁུལ་ས་ཁོངས་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་བཟུང་བའི་གནས་བབ་དང་ནུས་པར་ངོས་འཛིན་གཏིང་ཟབ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ས་ཁོངས་མཉམ་ལས་གཞུང་ལས་ཁང་གི་ཀྲུའུ་རེན། ཧྲང་ཧའེ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་མཱ་ཁྲུན་ལེ་ཡིས། བརྒྱུད་རིམ་འདིའི་ཁྲོད། ཧྲང་ཧའེ་ཡིས་སྣེ་འདྲེན་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོའི་ལྟེ་གནས་དང་། རྒྱལ་སྤྱི་རྒྱལ་ནང་གི་འཁོར་སྐྱོད་གཉིས་ལྡན་གྱི་འཐབ་ཇུས་སྦྲེལ་མཐུད་ལ་འགྱུར་རྒྱུར་འབད་བརྩོན་བྱེད་པ་དང་། རང་ངོས་འཕེལ་རྒྱས་ཀྱི་ནུས་རིམ་དང་ལྟེ་བའི་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དེ་དང་ཆབས་ཅིག་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ས་ཁོངས་འཕེལ་རྒྱས་ལ་ནུས་པ་ཐོན་པ་བྱས་ནས་འབྲི་ཆུའི་ཟུར་གསུམ་ཁུལ་དེ་རང་རྒྱལ་གྱི་དཔལ་འབྱོར་འཁྲུག་ཆ་དོད་པའི་འཕར་སྣེ་ཞིག་ཏུ་གཏོད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་ཡོད་པ་རེད།
        ཧྲང་ཧའེ་དང་འབྲི་ཆུའི་ཟུར་གསུམ་ཁུལ་གྱིས་སྤུས་ལེགས་ཐོན་རྫས་འདོན་སྤྲོད་བྱ་དགོས་པ་མ་ཟད། ཆུ་ཚད་མཐོ་བའི་ཚན་རྩལ་མཁོ་སྤྲོད་མཁོ་འདོན་བྱས་ནས། རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས། ཨན་ཧུའེ་གསར་གཏོད་ཁང་ནི་རྒྱལ་ཡོངས་ཀྱི་གསར་གཏོད་ཀྱིས་བརྗོད་བྱ་གཙོ་བོར་བྱས་པའི་གསར་སྐྲུན་ཁང་ཐོག་མ་དེ་ཡིན་པ་དང་། ཨན་ཧུའེ་ཡིས་འབྱུང་ཁམས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བའི་མཚོན་རྟགས་ཆེན་པོ་ཞིག་ཀྱང་རེད། ཨན་ཧུའེ་གསར་གཏོད་ཁང་ཞབས་ཞུ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེན་ལིན་གྱིས། སྲིད་འཛིན་དང་ཐོན་ལས། སློབ་སྦྱོང་། ཞིབ་འཇུག བེད་སྤྱོད། མ་དངུལ་བཅས་གནས་དྲུག་གཞི་གཅིག་ཏུ་འགྱུར་བའི་ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་སྒྲིག་སྲོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྔར་ལས་ལྷག་པའི་གསར་གཏོད་ཀྱི་གྲུབ་འབྲས་བརྗེ་སྒྱུར་རྣམ་པ་འཛུགས་སྐྱོང་བྱེད་པ། ཐོན་ལས་སྦྲེལ་ཐག་གི་བཀོད་པ་གསར་གཏོད་སྦྲེལ་ཐག་ལ་དམིགས་པ་དང་། གསར་གཏོད་འབྲེལ་ཐག་གི་བཀོད་པ་ཐོན་ལས་སྦྲེལ་ཐག་ལ་དམིགས་ནས། དེང་རབས་ཀྱི་ཐོན་ལས་མ་ལག་སྔར་ལས་ལྷག་པར་འཛུགས་པ་དང་། ལྷག་པར་དུ་ང་ཚོའི་རྒྱལ་ཁབ་ཀྱི་འགག་རྩའི་ཁྱབ་ཁོངས་ནང་འགག་རྩའི་གནད་དོན་ཐག་གཅོད་ཡག་པོ་བྱ་དགོས་ཞེས་གསུངས་ཡོད་པ་རེད།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནང་། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པར་གཞི་གཅིག་ཅན་དང་སྤུས་ཚད་མཐོ་བའི་འགག་རྩའི་ཚིག་གཉིས་ལ་དམ་པོར་དམིགས་ཏེ། གཞི་གཅིག་ཅན་གྱི་བསམ་ཕྱོགས་དང་བྱེད་ཐབས་ལ་བརྟེན་ནས་སྲིད་འཛིན་གྱི་བཀག་རྒྱ་གཏོར་བ་དང་། སྲིད་ཇུས་ཀྱི་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། གནད་ཆེའི་རྒྱུ་རྐྱེན་སྔར་ལས་ཆེ་བའི་ཁྱབ་ཁོངས་སུ་འཁོར་རྒྱུག་ཐོགས་པ་མེད་པ་ཡོང་བ་བྱས་པ་དེས། ས་ཁུལ་ཁག་གི་བསྡུར་གཞི་ཡོད་པའི་བཟང་ཆ་འདོན་སྤེལ་བྱས་ནས་ལས་བགོས་སྔར་བས་ལུགས་མཐུན་ཡོང་བ་དང་། དེ་བས་སྟོབས་དང་ལྡན་པའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་བསྟན་གནང་ཡོད། ན་ནིང་སྤྱི་ཟླ11པར། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་འབྱུང་ཁམས་ལྗང་མདོག་གཞི་གཅིག་ཅན་གྱི་འཕེལ་རྒྱས་དཔེ་སྟོན་ཁུལ་གྱི་སྒོ་བྱང་དངོས་སུ་བཀལ་ཡོད། སུའུ་ཀྲོའུ་ཝུའུ་ཅང་དང་། ཧྲང་ཧའེ་ཆིང་ཕུའུ། ཀྲེ་ཅང་ཅ་ཧྲན་བཅས་དངོས་སུ་ལག་གདང་སྦྲེལ་ནས་གཞི་གཅིག་ཅན་གྱི་ལམ་ལུགས་གསར་གཏོད་ཀྱི་ཚོད་ལྟའི་ཁུལ་དུ་གྱུར་ཡོད། ཝུའུ་ཅང་ཁུལ་གྱི་འབྲི་ཆུའི་ཟུར་གསུམ་ཁུལ་མཉམ་ལས་དང་གོང་འཕེལ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཝུའུ་ཀྲེ་ཞང་གིས། རྗེས་སུ། ཝུའུ་ཅང་གིས་ཧྲང་ཧའེ་ཡི་ཆིང་ཕུའུ་དང་ཀྲེ་ཅང་གི་ཅ་ཧྲན་དང་མཉམ་ལས་བྱས་ནས་གཞི་གཅིག་ཅན་གྱི་བསམ་ཕྱོགས་དང་བྱེད་ཐབས་ལ་བརྟེན་ནས་སྲིད་འཛིན་གྱི་བཀག་རྒྱ་གཏོར་བ་དང་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། གནད་ཆེའི་རྒྱུ་རྐྱེན་སྔར་ལས་ཆེ་བའི་ཁྱབ་ཁོངས་སུ་འཁོར་རྒྱུག་ཐོགས་པ་མེད་པ་ཡོང་བ་དང་། གཞི་གཅིག་ཅན་གྱི་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་ལས་དོན་ཁག་ལ་སྐུལ་འདེད་གང་མགྱོགས་གཏོང་རྒྱུ། གསར་གཏོད་ཀྱི་དཔེ་མཚོན་དང་རྣམ་གྲངས་འཛུགས་སྐྲུན་གྱི་དཔེ་མཚོན་ཁག་གཅིག་གང་མགྱོགས་ཆགས་པ་བྱ་རྒྱུ། འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཁག་ཅིག་ཆགས་པ་བྱ་རྒྱུ། གསར་གཏོད་རང་བཞིན་དང་འཕོ་འགྱུར་རང་བཞིན་གྱི་སྒྱུར་བཅོས་གྲུབ་འབྲས་གལ་ཆེན་ཁག་ཅིག་ཆགས་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
        ཅང་སུའུ་ནན་ཅིང་དང་། ཨན་ཧུའེ་མ་ཨན་ཧྲན་གྱིས་ན་ནིང་སྤྱི་ཟླ10པར། ཅང་ཉིང་དང་པོའོ་ཝང་ལས་བརྒལ་བའི་གཞི་གཅིག་ཅན་གྱི་གོང་འཕེལ་དཔེ་སྟོན་ཁུལ་མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་གྲོས་ཆོད་ཞེས་པར་མིང་རྟགས་བཀོད་པ་དང་། ཞིང་ཆེན་བརྒལ་བའི་ཁྱིམ་མཚེས་ས་ཁུལ་གྱི་གཞི་གཅིག་ཅན་གྱི་གོང་འཕེལ་ལམ་བུ་འཚོལ་ཞིབ་བྱས་ཡོད། མ་ཨན་ཧྲན་གྲོང་ཁྱེར་པོའོ་ཝང་ཁུལ་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དཔེ་སྟོན་ཁུལ་པོའོ་ཝང་འཛུགས་སྐྲུན་བཀོད་འདོམས་པུའི་བཀོད་འདོམས་དཔོན་ཡུས་དབྱང་གིས། སྤྱི་ཟླ8པའི་ཟླ་མཇུག་གོང་། ཅང་ཉིང་དང་པོའོ་ཝང་གཞི་གཅིག་ཅན་དཔེ་སྟོན་ཁུལ་གྱི་ཆུ་དོན་གཞི་གཅིག་ཅན་གྱི་མཉམ་ལས་སོགས་དམངས་འཚོ་འགན་སྲུང་དང་། སྤྱི་ཚོགས་བཅོས་སྐྱོང་། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ། སྤྱི་པའི་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་གཞི་གཅིག་ཅན་གྱི་མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད་ནས་ལག་བསྟར་བྱ་རྒྱུ་རེད། མཉམ་ལས་རབ་དང་རིམ་པ་དེ་དག་གིས་སྲིད་འཛིན་གྱི་བཀག་རྒྱ་གཏོར་རྒྱུ་དང་། སྲིད་ཇུས་ཀྱི་མཐུན་སྦྱོར་ནུས་པ་མཐོ་རུ་བཏང་ནས། ཅང་ཉིད་དང་པོའི་ཝང་ས་ཁུལ་གཉིས་པོའི་བཟང་ཆ་འདོན་སྤེལ་དང་སྟོབས་ཤུགས་གཅིག་སྡུད་ཐུབ་རྒྱུ་རེད་ཅེས་གསུངས་འདུག
        ཕུའུ་ཧྥ་དངུལ་ཁང་གིས་ད་ལོའི་སྤྱི་ཟླ4པར། སྤྱི་ཁྱབ་དངུལ་ཁང་གི་བང་རིམ་ཐོག་ནས་འབྲི་ཆུའི་ཟུར་གསུམ་གཞི་གཅིག་ཅན་དཔེ་སྟོན་ཁུལ་གྱི་དོ་དམ་སྤྱི་ཁྱབ་པུའུ་བཙུགས་ནས། ཞིང་ཆེན་གསུམ་དང་། གྲོང་ཁྱེར་གཅིག རིམ་པ་དང་པོའི་ཡན་ལག་དངུལ་ཁང་དྲུག་བཅས་ལ་གཅིག་གྱུར་མཐུན་སྦྱོར་དང་། དངུལ་རྩ་གཞི་གཅིག་ཅན་ལ་སྐུལ་འདེད་ཏན་ཏིག་བཏང་བ་མ་ཟད། འབྲི་ཆུའི་ཟུར་གསུམ་ས་ཁུལ་དུ་ཡིད་རྟོན་ཐོན་ཁུངས་ཕྱོགས་ལྷུང་བྱས་ནས་ལག་བསྟར་བྱས་ཡོད། ཕུའུ་ཧྥ་དངུལ་ཁང་སྤྱི་ཁྱབ་ལས་ཁུངས་ཀུང་སིའི་ལས་སྒོའི་སྤྱི་ཁྱབ་ལྟ་སྐུལ་ཚའོ་ཅང་ཐའོ་ཡིས། གཞི་གཅིག་ཅན་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་གཏོང་བའི་ལྟེ་བ་གཉིས་པོར་སྔ་བར་ཕྱི་གསུམ་དུ་དམ་འཛིན་ལེགས་པོ་བྱ་ཆེད། ཕུའུ་ཧྥ་དངུལ་ཁང་གིས་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། སྲིད་འཛིན་གྱི་བཀག་རྒྱ་གཏོར་ནས། ས་གནས་མི་འདྲ་བ་གཉིས་ཀྱི་འཛད་སྤྱོད་པ་གཅིག་གྱུར་ཅན་དང་། ས་ཁོངས་བརྒལ་བའི་ཡིད་རྟོན་གཞི་གཅིག་ཅན། ཁེ་ལས་ཀྱི་མ་དངུལ་རུབ་བསྡུས་གཞི་གཅིག་ཅན་བཅས་མངོན་འགྱུར་ཐུབ་པ་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དམངས་འཚོའི་ཁེ་ཕན་མང་ཙམ་གཉེར་བ་དང་དམངས་འཚོའི་དཀའ་ངལ་མང་ཙམ་སེལ་ནས། གཞི་གཅིག་ཅན་གྱི་འཕེལ་རྒྱས་ཁྲོད་དམངས་འཚོའི་ཞན་ཆ་གསབ་དགོས་ཞེས་བསྟན་གནང་ཡོད།
        ཅང་སུའུ་ཞིང་ཆེན་མི་དམངས་སྨན་ཁང་གི་ཏང་ཨུད་ཧྲུའུ་ཅི་ཐང་ཅིན་ཧའེ་ཡིས། འཐུས་སྒོ་ཚང་བའི་སྤྱི་པའི་འཕྲོད་བསྟེན་འཕྲལ་སྒྲུབ་སྟེགས་བུ་བཙུགས་པ་དང་། འབྲི་ཆུའི་ཟུར་གསུམ་ས་ཁུལ་གྱི་སྨན་བཅོས་གཞི་གཅིག་ཅན་དུ་འགྱུར་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་རྣམས་ཀྱིས་ན་ཚ་ལྟ་སྐབས་སྟབས་བདེ་སྔར་བས་ལྷག་པ་ཡོང་བ་བྱེད་དགོས། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་འཕྲོད་བསྟེན་ཐོན་ཁུངས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ལག་རྩལ་མགྱོགས་མྱུར་མཐོ་རུ་ཕྱིན་ཡོད་ཅེས་གསུངས་པ་རེད།
        འབྲི་ཆུའི་ཟུར་གསུམ་ཁུལ་ནི་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྣེ་འདྲེན་ཡིན་པས། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་མདུན་གྲལ་དུ་བསྐྱོད་དགོས་པ་མ་ཟད། འབྱུང་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་ཐད་ཀྱང་སྣེ་ཁྲིད་ཡག་པོ་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་བསྟན་གནང་ཡོད། ཅང་སུའུ་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་གི་ཏང་ཙུའུ་ཡི་ཧྲུའུ་ཅི། ཐིང་ཀྲང་ཝང་ཐེན་ཆི་ཡིས། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་སྣོད་བཅུད་ཁོར་ཡུག་མཉམ་སྲུང་མཉམ་བཅོས་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ཏེ། ཅང་སུའུ་ཡིས་ལམ་སྲོལ་རབ་དང་རིམ་པ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད།
        ང་ཚོས་ད་དུང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་འབྱུང་ཁམས་ཁོར་ཡུག་སྡེ་ཁག་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། ལྗང་མདོག་དང་མཛེས་སྡུག་ལྡན་པའི་འབྲི་ཆུའི་ཟུར་གསུམ་གླིང་མཉམ་སྐྲུན་བྱ་རྒྱུར་དམིགས་ནས། འབྲི་ཆུའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། སྣོད་བཅུད་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་ནན་པོ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།