ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

སྤེལ་དུས 2020-09-18 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།

       ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པའི་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་སྒྱུར་བཅོས་སྒོ་དབྱེ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ་དང་འཐུས་སྒོ་ཚང་དུ་ཕྱིན་ནས། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་རིང་ནུས་པ་གལ་ཆེན་ཐོན་ཡོད། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེ་ཉིད་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ཅེས་བསྟན་གནང་བ་རེད།

       ཞི་ཅིན་ཕིང་གིསགཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིསམཐའ་འཁྱོངས་བྱས་ཏེ་དམངས་གཉེར་དཔལ་འབྱོར་མི་སྣར་མཐུན་སྒྲིལ་ཡག་པོ་དང་ཁྲིད་སྟོན་ཡག་པོ་བྱེད་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ལ་བརྩི་དགོས། རིམ་ཁག་ཏང་ཨུད་ཀྱིས་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གི་མཛད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ཐུབ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། རིམ་ཁག་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་སྣེ་ཁྲིད་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། དམངས་གཉེར་དཔལ་འབྱོར་མི་སྣ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་ཐུབ་པ་དང་། དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་ཡག་པོ་བཏང་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

       ཚེས་16ཉིན། རྒྱལ་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་རེད།

       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ། ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཡིད་ཆེས་དང་། མཐུན་སྒྲིལ། ཞབས་ཞུ། ཁྲིད་སྟོན། སློབ་གསོ་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ། དམངས་གཉེར་དཔལ་འབྱོར་མི་སྣསགཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིསཆ་ཚང་ཞིང་གནད་ལ་འཕིགས་པའི་སྒོ་ནས་གོ་བ་ལེན་རྒྱུར་ཁྲིད་སྟོན་བྱེད་པ། ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ཁོང་ཚོ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་ཡག་པོ་ཐུབ་པ་བཅས་བྱས་ཏེ། མི་རིགས་བསྐྱར་དར་མངོན་འགྱུར་ཡོང་ཆེད་སེམས་ནུས་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།

       ཝང་དབྱང་གིས་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་གནས་མང་བ་དང་། ཁྱབ་རྒྱ་ཆེ་བ། འབྲེལ་ཐག་རིང་བ་བཅས་ཡོད་པས། ཏང་ཨུད་ཀྱི་འགོ་ཁྲིད་འོག་རིམ་ཁག་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པས་འགན་འཁྲི་རང་འཁུར་དང་ཇུས་ཤུགས་མཉམ་འདོན་བྱེད་དགོས། དམངས་གཉེར་དཔལ་འབྱོར་མི་སྣས་རང་ངོས་སློབ་སྦྱོང་དང་། རང་ངོས་སློབ་གསོ། རང་ངོས་མཐོར་གཏོང་བཅས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་སློང་བྱས་ནས། མི་སྒེར་གྱི་གྲུབ་འབྲས་ནི་རང་ངོས་ཀྱི་འབད་བརྩོན་ལས་བྱུང་བ་ཞིག་ཡིན་ལ། རླབས་ཆེན་གྱི་དུས་རབས་དང་། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཏང་བཅས་ལས་བྱུང་བ་ཞིག་དེ་བས་ཡིན་པ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། བརྩེ་དུང་གི་མོས་སེམས་བཅས་ཇེ་ཆེར་གཏོང་དགོས། དམངས་གཉེར་དཔལ་འབྱོར་མི་སྣས་ཁྱིམ་གཅེས་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས། ཐོན་ལས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བ་དང་། དངོས་ཚན་ལས་རིགས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་རྒྱུ་རང་འགན་ལ་བརྩི་བ་དང་། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ། གཟི་བརྗིད་བྱ་གཞག་དང་གནད་སྨིན་དབུལ་སྐྱོར་ནང་ཧུར་ཐག་ཞུགས་པ་བཅས་བྱས་ནས། རྒྱལ་གཅེས་ལས་བརྩོན་དང་། ཁྲིམས་སྲུང་གཉེར་སྐྱོང་། ལས་གཏོད་གསར་གཏོད། སྤྱི་ཚོགས་ལ་དྲིན་གཟོ་བ་བཅས་ཀྱི་མིག་དཔེ་ཞིག་བྱེད་དགོས། དམངས་གཉེར་དཔལ་འབྱོར་གྱི་འཐུས་ཚབ་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས། བྱང་ཚད་མཐོར་གཏོང་དང་། གྲུབ་ཆ་ལེགས་སྒྲིག ནུས་པ་འདོན་སྤེལ་བཅས་དམིགས་ཚད་ལ་འཛིན་པ་དང་། ཕྱོགས་བསྡུས་གདེང་འཇོག་ལས་དོན་སྤེལ་ལེགས་སུ་གཏོང་བ། ན་གཞོན་མི་རབས་གསོ་སྐྱོང་ལ་མཐོང་ཆེན་བྱེད་པ་བཅས་བྱེད་དགོས། དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་དང་རེ་ཞུ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཏང་ཀྲུང་དབྱང་གི་སྲིད་ཇུས་དང་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ་དང་། ཁེ་ལས་ཀྱིས་མིག་མདུན་གྱི་དཀའ་ངལ་ལ་ངོས་འཛིན་དང་ཁྱད་བསད་ཡང་དག་བྱེད་པར་རོགས་རམ་བྱས་ཏེ། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་དགོས། སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་འཛུགས་པའི་བླང་བྱ་གཞིར་བཟུང་། སྲིད་གཞུང་དང་ཁེ་ལས་ཀྱི་འབྲེལ་གཏུག་གྲོས་མོལ་ལམ་ལུགས་འཛུགས་པ་དང་། དམངས་གཉེར་ཁེ་ལས་ཀྱི་ཁེ་དབང་སྲུང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་བྱེད་པར་རང་འགུལ་ངང་ལས་དོན་སྒྲུབ་པ་དང་སྔོན་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་མ་གཏོང་བ་བཅས་བྱས་ནས། ཉེ་པོཚད་རན་པོ་དང་སྤྱོད་ལམགཙངཞིང་ལས་སྒྲུབ་ཕོད་པ་ཞིག་བྱེད་དགོས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཚོང་ཚོགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཚོང་ཚོགས་ཀྱི་རྩ་འཛུགས་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།

རྩོམ་སྒྲིག་པ། སངས་སྐྱབས།