དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་མཛད་སྒོ་གཉེར།

སྤེལ་དུས 2020-10-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
         གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ། དཔའ་བོའི་སྙིང་སྟོབས་དར་སྤེལ་གཏོང་། སྤྱི་ཟླ་9པའི་ཚེས་30ཉིན། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་གཉེར་བ་དང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ལས་རིགས་ཁག་གི་འཐུས་མི་དང་ལྷན་དུ་མཛད་སྒོར་ཞུགས་ཡོད་པ་རེད།
         རྔམ་བརྗིད་ལྡན་པའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་། མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་འགྱིང་ངེར་གནས་ཡོད། ཐང་ཆེན་གྱི་དབུས་སུ། མེ་ཏོག་སྒྲིག་གཤོམ་བྱས་པ་ལས་གྲུབ་པའི་མེས་རྒྱལ་ལ་སྨོན་འདུན་ཞེས་པའི་ཐོག་ནས་མེས་རྒྱལ་དར་རྒྱས་མངའ་ཐང་རྒྱས་པའི་སྨོན་འདུན་བཟང་པོ་མཚོན་པར་བྱས་པ་དང་། མེ་ཏོག་སྒྲིག་གཤོམ་དེའི་ཐོག་གི་ཀུན་སེམས་གཅིག་ཏུ་སྦྲེལ་ཞེས་པའི་རྒྱ་ཡིག་གི་ཡིག་འབྲུ་དེ་དག་ལས་བཀྲག་མདངས་རབ་ཏུ་འཚེར། ཆུ་ཚོད་བཅུ་པ་ཟིན་གྲབས་ཡོད་པའི་སྐབས་སུ། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས། མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས་ཡོད་པ་རེད།
         ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་རོལ་ཆ་རུ་ཁག་གིས་༼སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་དུང་བརྡ་༽དཀྲོལ་གཏོང་བྱས་ཡོད།
         དམག་རིགས་གསུམ་གྱི་གཟབ་སྦྲེང་རུ་ཁག་གི་དམག་མི་ཚོས་སྟོབས་དང་ལྡན་པའི་གོམ་སྟབས་དང་གོམ་ཞེང་ཆེན་པོས་དྲན་གསོའི་རྡོ་རིང་མདུན་དུ་བསྐྱོད་རྗེས། དྲན་གསོའི་རྡོ་རིང་མདུན་དུ་མེ་མདའ་བསྣམས་ནས་ཀྲོང་ངེར་ལངས་ཡོད།
         ཆུ་ཚོད་10ཏག་ཏག་ལ། མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་འགོ་ཚུགས་པ་དང་། དམག་དཔུང་རོལ་ཆ་རུ་ཁག་གིས་༼བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་༽དཀྲོལ་གཏོང་བྱས་ཤིང་། ཚོགས་ར་ཡོངས་སུ་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་ཡོད་པ་རེད།
         རྒྱལ་གླུ་བཏང་ཚར་རྗེས་ཚང་མས་ཁུ་སིམ་མེར་ལངས་ཏེ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་བྱ་གཞག་དང་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་བྱ་གཞག་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་གནང་མཁན་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་ཡོད།
         མྱ་ངན་ཞུས་གྲུབ་རྗེས་ལག་ཏུ་མེ་ཏོག་ཁྱེར་བའི་གཞོན་ནུ་ལོ་ཆུང་ཚོས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་ཁ་ཕྱོགས་ཏེ་ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན་ཞེས་པའི་གཞས་བཏང་བ་མ་ཟད། ལོ་ཆུང་གདོང་ལེན་རུ་མིའི་རུ་ཁག་གི་གུས་འདུད་ཞུས་ཡོད།
         རུ་སྟར་གྲུ་བཞིའི་མདུན་དུ་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད། དམངས་གཙོ་ཏང་ཤོག་ཁག རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་རྒྱལ་གཅེས་མི་སྣ། མི་དམངས་ཚོགས་པ་ཁག་དང་ལས་རིགས་ཁག་གི་མང་ཚོགས། འཐབ་འཛིང་པ་རྒན་གྲས། བློ་མཐུན་རྒན་གྲས། སྔོན་གཤེགས་དཔའ་བོའི་གཉེན་ཉེ། ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་བཅས་ཀྱི་མིང་ཐོག་ནས་ཕུལ་བའི་མེ་ཏོག་སི་ར་ཆེན་པོ་དགུ་གྲལ་འགྲིག་པོར་བཞག་ཡོད། མེ་ཏོག་སི་རའི་གོས་དར་དམར་པོའི་སྟེང་མི་དམངས་དཔའ་བོ་ནམ་ཡང་མི་ནུབ་པར་གྱུར་ཅིག་ཅེས་བྲིས་ཡོད།
         དམག་དཔུང་རོལ་ཆ་རུ་ཁག་གིས་བརྩེ་བ་ཟབ་མོས་མེ་ཏོག་འབུལ་བའི་རོལ་དབྱངས་དཀྲོལ་བ་དང་། གུས་ལུགས་དམག་མི་18ཀྱིས་མེ་ཏོག་སི་ར་བརྟན་པོའི་ངང་བཀྱག་སྟེ། དལ་པོའི་སྒོ་ནས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་གི་མདུན་དུ་བསྐྱོད་པ་དང་། དྲན་གསོའི་རྡོ་རིང་གི་གཞི་གདན་སྟེང་བཞག་ཡོད།
         ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ནས་དལ་པོའི་ངང་དྲན་གསོའི་རྡོ་རིང་གི་གཞི་གདན་སྟེང་ཕེབས་པ་དང་། མེ་ཏོག་སི་རའི་མདུན་དུ་གོམ་པ་སྤོ་མཚམས་བཞག་གནང་ནས་གཟིགས་གནང་ཡོད། དམར་མདངས་བཀྲ་བའི་མེ་ཏོག་གི་སྒྲོན་མེ་དང་། དྲི་བསུང་ཕྱོགས་བཅུར་འཐུལ་བའི་ལུག་མཉེ་མེ་ཏོག རྣམ་པར་བཞད་པའི་ཝུན་ཤིན་ལན་མེ་ཏོག་བཅས་ཀྱིས་མི་དམངས་དཔའ་བོར་བརྩེ་བ་ཟབ་མོས་མྱ་ངན་ཞུ་བ་དང་བླ་ན་མེད་པའི་གུས་འདུད་ཞུ་ལུགས་མཚོན་ཡོད།
         ཞི་ཅིན་ཕིང་གིས་དལ་པོའི་ངང་མདུན་དུ་ཕེབས་ནས་མེ་ཏོག་སི་རའི་གོས་དར་གྲལ་འགྲིག་པོ་བཟོས་གནང་ཡོད། དེ་རྗེས་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ནས་དལ་པོའི་ངང་སྐོར་བ་བསྐྱོན་ནས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་གུས་མཇལ་གནང་ཡོད།
         མི་དམངས་ནི་ལོ་རྒྱུས་གཏོད་མཁན་ཡིན་པ་དང་། མི་དམངས་ནི་དཔའ་བོ་ངོ་མ་དེ་ཡིན་པ་རེད། ད་ལོ་ནས་བཟུང་། གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀུན་སེམས་གཅིག་སྒྲིལ་དང་། ཕྱར་བ་གྲུ་འདེགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་བརྒྱབ་པས། ཏོག་གསར་གློ་ཚད་རིམས་ནད་འགོག་པའི་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འདྲེས་མཚམས་སུ་ལངས་ཐོག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་སྒྲོལ་འགག་གཏོར་གྱི་མཐའ་མའི་དམག་འཐབ་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཐུབ་རྒྱུ་ཡིན་ཞིང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་རྒྱུ་རེད།
         ལོ་ཆུང་བྱིས་པ་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མིས་ཀྱང་རིམ་པ་བཞིན་དྲན་གསོའི་རྡོ་རིང་མདུན་དུ་བསྐྱོད་དེ་ལག་ནང་གི་མེ་ཏོག་སོས་པ་ཕུལ་བ་དང་འབྲེལ་དྲན་གསོའི་རྡོ་རིང་མཇལ་བ་རེད།
         མེ་ཏོག་འབུལ་བའི་མཛད་སྒོ་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཆི་ཡིས་གཙོ་སྐྱོང་གནང་བ་རེད།
         པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཁག་གཅིག་མཛད་སྒོར་ཞུགས་པ་རེད།
         ཀྲུང་དབྱང་ཏང་སྲིད་དམག་དམངས་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས། སྔོན་གཤེགས་དཔའ་བོའི་གཉེན་ཉེ་བཅས་ཀྱི་འཐུས་མི། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་འཐུས་མི། པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་ཀྱི་འཐུས་མི། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་སོགས་མཛད་སྒོར་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།