དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་གསར་བརྗེའི་རྨས་སྐྱོན་ཕོག་པའི་དམག་མིའི་ལུས་གསོ་ཁང་གི་བློ་མཐུན་ཡོངས་ལ་འཕྲིན་ལན་སྤྲིངས་པ།

སྤེལ་དུས 2020-10-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་དམག་འཐབ་ནང་ཞུགས་ནས་ལོ་ངོ་70འཁོར་བའི་མཚམས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་དུས་སི་ཁྲོན་ཞིང་ཆེན་གསར་བརྗེའི་རྨས་སྐྱོན་ཕོག་པའི་དམག་མིའི་ལུས་གསོ་ཁང་གི་བློ་མཐུན་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་ཡོད།
          ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཨ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་ཁྲོད། ཀྲུང་གོ་མི་དམངས་དང་བླངས་དམག་གིས་རླབས་ཆེའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དང་གསར་བརྗེའི་དཔའ་བོའི་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་བ་དང་། དཔའ་མཛང་རྟུལ་ཕོད་དང་ཁྲག་བཏོན་དམར་འཛིང་གིས་ཁྱིམ་སྲུང་རྒྱལ་སྲུང་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དང་བླངས་དམག་གི་དམག་མི་དང་དཔའ་བོ་དཔེ་བཟང་རྣམས་ཀྱི་མཛད་རྗེས་ཏང་དང་མི་དམངས་ནས་ནམ་ཡང་བརྗེད་མི་སྲིད་ཅེས་འཁོད་ཡོད།
          ཞི་ཅིན་ཕིང་གིས། ལོ་ངོ་60ལྷག་གི་རིང་། ཁྱེད་རྣམ་པས་ཏང་ལ་དགའ་ཞེན་དང་། ཏང་ལ་ཡིད་ཆེས། ཏང་གི་རྗེས་སུ་འབྲང་རྒྱུ་རྒྱུན་འཁྱོངས་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་རྒྱལ་སྲུང་སློབ་གསོའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཏེ་མུ་མཐུད་ཏང་དང་མི་དམངས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། དེ་ལས་ཐོག་མའི་བསམ་འདུན་ལ་འགྱུར་བ་མེད་པ་དང་དཀའ་སྤྱད་མཚམས་འཇོག་མི་བྱེད་པའི་སྙིང་སྟོབས་མངོན་ཡོད་ཅེས་གསུངས་ཡོད། 
          ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ནི་དཔའ་བོ་མང་པོ་ཐོན་པའི་མི་རིགས་ཤིག་རེད་ལ། དུས་རབས་གསར་པ་ནི་དཔའ་བོ་བསྐྱེད་བསྲིང་གི་དུས་རབས་ཤིག་རེད། ཏང་ཡོངས་དང་སྤྱི་ཚོགས་ཧྲིལ་པོས་དཔའ་བོར་དད་གུས་དང་། དཔའ་བོར་སློབ་སྦྱོང་། དཔའ་བོར་གཅེས་སྐྱོང་བཅས་བྱས་ནས། དཔའ་བོའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
          སི་ཁྲོན་ཞིང་ཆེན་གྱི་གསར་བརྗེའི་རྨས་སྐྱོན་ཕོག་པའི་དམག་མིའི་ལུས་གསོ་ཁང་དེ་སྤྱི་ལོ་1951ལོར་བསྐྲུན་པ་དང་། སྔ་རྗེས་སུ་རྨས་སྐྱོན་ཕོག་པའི་དམག་མི་2800ཙམ་གསོས་ཡོད། དེ་དག་ཁྲོད་དུ་ཨ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་ནང་ཞུགས་མཁན་དམག་མི་2200ཙམ་ཡོད། ལོ་ངོ་60ལྷག་གི་རིང་། ལུས་གསོ་ཁང་དེའི་རྨས་སྐྱོན་ཕོག་པའི་དམག་མི་རྒན་གྲས་ནས་ཀུན་གྱིས་བཟོད་པར་དཀའ་བའི་དཀའ་ངལ་ཁྱད་དུ་བསད་དེ་རང་ནུས་དཔག་ཚོད་ངང་མེས་རྒྱལ་གྱི་འཛུགས་སྐྲུན་ཆེད་ལེགས་སྐྱེས་ཕུལ་བ་དང་། སྲོལ་རྒྱུན་སློབ་གསོའི་སྙན་ཞུ་ཐེངས་ཁྲི་ལྷག་སྤེལ་བའི་འོས་འགན་ཁུར་བས། ཉན་མཁན་མི་ཐེངས་ས་ཡ་གསུམ་ལྷག་ཟིན་པ་མ་ཟད་སྤྱི་ཚོགས་ཐོག་ལན་ཆ་བཟང་པོ་བྱུང་ཡོད། སྤྱི་ལོ་2019ལོར། ལུས་གསོ་ཁང་དེར་རྒྱལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་དཔེ་བཟང་ཚན་པ་ཞེས་པའི་མཚན་སྙན་ཐོབ་ཡོད། ཉེ་དུས། ལུས་གསོ་ཁང་དེའི་དང་བླངས་དམག་མི་རྒན་གྲས་ཐུའུ་པོ་དབྱི་ཡིས་རྨས་སྐྱོན་ཕོག་པའི་དམག་མི་ཡོངས་ཀྱི་ཚབ་ཞུས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ་ལས་ཀ་དང་འཚོ་བའི་གནས་ཚུལ་སྙན་སེང་ཞུས་ཡོད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོ་ངེས་པ། རང་མདངས་མ་འགྱུར་བ་བཅས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་མངོན་འགྱུར་ཆེད་ནུས་པ་སྐྱེས་སུ་འབུལ་བའི་ཆོད་སེམས་མངོན་པར་བྱས་ཡོད་པ་རེད།