དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》བཀྲམ་པ།

སྤེལ་དུས 2020-11-05 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
         ཚེས་3ཉིན་ཤིན་ཧྭ་གསར་འགྱུར་ཁང་ལ་དབང་བསྐུར་བ་ལྟར《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》བཀྲམ་པ་རེད། ཟླ་10ཚེས་29ཉིན་གྲོལ་བའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག《གྲོས་འགོ》དེར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
         《གྲོས་འགོའི》ནང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་དུ་འགྱུར་པའི་ཐད་བཏོན་པའི་དུས་མཚམས་གཉིས་སུ་ཕྱེ་ནས་སྐུལ་འདེད་གཏོང་དགོས་པའི་འཐབ་ཇུས་བཀོད་སྒྲིག་ལ་གཞིགས་ནས། འབྱུང་འགྱུར་དུས་སྐབས་ཤིག་རིང་གི་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་རང་རྒྱལ་གྱི་འཕེལ་རྒྱས་ཆ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དམ་འཛིན་ནན་པོ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རང་རྒྱལ་གྱི་འཕེལ་རྒྱས་ལ་བརྒྱུད་རིམ་ལྡན་པའི་ཇུས་འགོད་དང་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། 《གྲོས་འགོའི》ནང་དེ་དང་ཆབས་ཅིག་2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་ཕུགས་ཀྱི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་དགོས་ལུགས་བཏོན་ཡོད།
         《གྲོས་འགོ》དེ་ཆ་ཤས་15ལས་གྲུབ་པ་དང་ས་བཅད་ཆེན་པོ་གསུམ་ལ་ཕྱེ་ཡོད། ས་བཅད་དང་པོ་ནི་སྤྱི་བཤད་ཡིན་ཞིང་། ཆ་ཤས་དང་པོ་དང་གཉིས་པ་གཉིས་ཚུད་ཡོད། གཙོ་བོ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་ཐོབ་པའི་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་དང་། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་འཕྲད་པའི་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག 2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕུགས་ཀྱི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ། ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་དང་དམིགས་ཚད་གཙོ་བོ་བཅས་རྒྱས་བཤད་བྱས་ཡོད། ས་བཅད་གཉིས་པ་ནི་རྒྱས་བཤད་ཡིན་ཞིང་། སྤྱིའི་ཆ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་ནང་དོན་ལྟར་སྒྲིག་འཛུགས་བྱེད་དགོས་པ་དང་། ཁྱབ་ཁོངས་ཕྱེ་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེའི་གཙོ་གནད་ལས་འགན་རྒྱས་བཤད་བྱས་ཡོད་ལ། ཆ་ཤས་12བཀོད་སྒྲིག་བྱས་ཏེ་ཚན་རྩལ་གསར་གཏོད་དང་། ཐོན་ལས་འཕེལ་རྒྱས། རྒྱལ་ནང་ཁྲོམ་ར། སྒྱུར་བཅོས་ཟབ་གཏོང་། གྲོང་གསེབ་དར་རྒྱས། ས་ཁོངས་འཕེལ་རྒྱས་བཅས་ནས་རིག་གནས་འཛུགས་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། ཕྱི་ཕྱོགས་སྒོ་དབྱེ། སྤྱི་ཚོགས་འཛུགས་སྐྲུན། བདེ་འཇགས་འཕེལ་རྒྱས། རྒྱལ་སྲུང་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བསམ་ཕྱོགས་དང་གཙོ་གནད་ལས་དོན་ཁ་གསལ་བཏོན་ཡོད་པ་མ་ཟད། ལས་དོན་ཡང་བཀོད་སྒྲིག་བྱས་ཡོད། ས་བཅད་གསུམ་པ་ནི་མཇུག་བསྡུའི་གཏམ་ཡིན་ཞིང་། དེའི་ནང་ཆ་ཤས་བཅོ་ལྔ་དང་མཇུག་བསྡུའི་གཏམ་ཚུད་ཡོད། གཙོ་བོ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། འཆར་འགོད་བཟོ་བ་དང་དོན་འཁྱོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ནང་དོན་རྒྱས་བཤད་བྱས་ཡོད།
         《གྲོས་འགོའི》ནང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་དང་། ལས་འགན་དཀའ་ཚེགས་ཆེ་ལ། མདུན་ལམ་འོད་ཟེར་ལྡན་པ་ཞིག་ཡིན། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀུན་སེམས་གཅིག་སྒྲིལ་དང་ཞུམ་མེད་འབད་འཐབ་བྱས་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱལ་ཁ་གསར་པ་ལེན་དགོས་ཞེས་ནན་བཤད་བྱས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།