དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

སྤེལ་དུས 2020-12-02 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
        ཟླ་11ཚེས་30ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ། 《དམག་དཔུང་གི་ཆབ་སྲིད་ལས་དོན་སྲོལ་ཡིག》དང་། 《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྲོལ་ཡིག》 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་དབང་ཆ་འགན་ལེན་སྲོལ་ཡིག》བཅས་ལ་གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
        ཚོགས་འདུའི་ཐོག་བསྟན་དོན། མི་དམངས་དམག་དཔུང་གི་སྲོག་རྩ་ལྟ་བུ་ཡིན་པའི་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་ལས་ཉམས་ཞན་དུ་གཏོང་མི་རུང་། 《དམག་དཔུང་གི་ཆབ་སྲིད་ལས་དོན་སྲོལ་ཡིག》ལ་བཟོ་བཅོས་རྒྱག་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། དེ་ནི“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་བཅས་བྱས་ནས་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་རྒྱུ་དང་། ཏང་གིས་དམག་དཔུང་གི་ཆབ་སྲིད་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་མཛད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། རང་རེའི་དམག་དཔུང་ཐོག་མཐའ་བར་གསུམ་དུ་ཏང་གིས་འགོ་ཁྲིད་གཙང་བཙན་བྱེད་པའི་མི་དམངས་དམག་དཔུང་ཞིག་ཏུ་འགྱུར་ཐུབ་པའི་འགན་ལེན་དང་དུས་རབས་གསར་པའི་དམག་དཔུང་གི་འགན་འཁྲི་དང་ལས་འགན་ནུས་ལྡན་ངང་སྒྲུབ་ཐུབ་པའི་འགན་ལེན་བྱ་རྒྱུ། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེན་གྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་དང་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་ཞིག་ཏུ་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།
        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་མཐའ་འཁྱོངས་བྱེད་པ་དང་། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་གཏིང་ཟབ་བསྟར་བ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེན་གྱི་དགོངས་པར་བརྟེན་ནས་བླ་སྲོག་འཛུགས་སྐྱོང་དང་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་དང་། གཙང་མ་གཙང་རྐྱང་། རྦད་དེ་བློས་འགེལ་ཆོག་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ལས་དོན་ལ་འགོ་ཁྲིད་པའི་རིམ་ཁག་ཏང་རྩ་འཛུགས་ཀྱི་འགན་འཁྲི་ནན་དུ་གཏོང་བ། ཆབ་སྲིད་ལས་དོན་ཁག་དོན་འཁྱོལ་ནུས་ལྡན་ཡོང་བའི་འགན་ལེན་བཅས་བྱས་ནས་དམག་དཔུང་གི་ཆབ་སྲིད་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་དམག་གྲབས་དམག་འཐབ་བྱེད་པ་དང་། ཆབ་སྲིད་ལས་དོན་དེ་དམག་འཐབ་ནུས་པ་ཆེ་རུ་གཏོང་བའི་ལྷུ་ཚིགས་ཁག་ནང་དང་དམག་དོན་འཐབ་རྩོད་གྲ་སྒྲིག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། བཙན་ཞིང་ནན་པའི་བྱེད་ཐབས་ལ་བརྟེན་པ་བཅས་བྱས་ནས། དམག་འཐབ་ནུས་པའི་ཚད་གཞི་དམག་ཡོངས་སུ་བརྟན་པོའི་ངང་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ལས་དོན་གྱི་རྩ་བའི་རྩ་དོན་དང་ལམ་ལུགས་མཐའ་འཁྱོངས་བྱས་ཏེ།  ཆབ་སྲིད་ལས་དོན་གྱི་བསམ་གཞི་དང་འདུ་ཤེས་དང་། འཁོར་སྐྱོད་བྱེད་སྟངས། མཛུབ་ཁྲིད་བྱེད་སྟངས། ཐབས་ཤེས་དང་བྱེད་ཐབས་བཅས་གསར་གཏོད་བྱེད་པར་སྐུལ་འདེད་དང་ཆབ་སྲིད་ལས་དོན་གྱི་སྲོལ་རྒྱུན་གྱི་ལེགས་ཆ་དང་ཆ་འཕྲིན་ལག་རྩལ་ཚད་གཞི་མཐོ་པོས་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས། ཆབ་སྲིད་སྣོད་བཅུད་མུ་མཐུད་དྭངས་གཙང་ཡོང་བ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དང་ཕྱོགས་ཡོངས་ནས་དམག་དཔུང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས།
        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཏང་ཡོངས་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྒྲུབ་པའི་རྣམ་པ་ཆགས་པར་བྱས་ནས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལེགས་པར་སྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ཁྱོན་ཡོངས་ནས་སློབ་སྦྱོང་དང་གོ་བ་ཡང་དག་ལེན་པ། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་སྒྲུབ་པའི་བྱེད་པོའི་འགན་འཁྲི་ཏན་ཏིག་སྒྲུབ་པ། ས་ཁུལ་དེ་ག་དང་སྡེ་ཚན་དེ་གའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཇུས་འགོད་དང་བཀོད་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འཐབ་ཕྱོགས་གཅིག་གྱུར་དངོས་འབྲེལ་འཕེལ་རྒྱས་ཡག་པོ་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་སྤེལ་བ། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་དང་སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་བྱེད་པ་བཅས་ཀྱི་ཐོག་ནས། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་གཞག་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྒྱ་ཆེའི་ཏང་ཡོན་ཚོར་འོས་འགན་དང་དབང་ཆ་དང་། འགན་འཁྲི་དང་ལས་འགན། དབང་ཆ་བེད་སྤྱོད་དང་སྒྲིག་ཁྲིམས་ལ་བརྩི་སྲུང་བཅས་དབར་གྱི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་ངོས་འཛིན་ཡང་དག་ཐུབ་པ་མ་ཟད། ཐག་གཅོད་ཡག་པོའང་བྱེད་དགོས་པ་དང་། ཏང་ཡོན་གྱིས་དབང་ཆ་སྤྱོད་སྐབས་ངེས་པར་དུ་འོས་འགན་སྒྲུབ་པ་དང་། འགན་འཁྲི་འཁུར་བ། སྒྲིག་ཁྲིམས་སྲུང་བ་བཅས་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་སྲོལ་ཡིག་ལག་བསྟར་བྱེད་པའི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སློབ་སྦྱོང་དང་དྲིལ་བསྒྲགས་ལ་དམ་འཛིན་ཡག་པོ་བྱེད་པ། རྒྱུན་གཏན་རང་བཞིན་གྱི་ཏང་ཡོན་གྱི་འོས་འགན་དང་དབང་ཆའི་སྐོར་གྱི་སློབ་གསོའི་ལས་དོན་སྤེལ་བ། བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལག་བསྟར་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། འགན་སྲུང་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་ཏན་ཏིག་བྱེད་པ་བཅས་བྱས་ཏེ། ཏང་ཡོན་ལ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གདོང་ལེན་དཔེ་བཟང་གི་ནུས་པ་རང་རྟོགས་ངང་འདོན་རྒྱུའི་སྐུལ་ལྕག་གཏོང་དགོས། ཏང་ཡོན་ལ་དམངས་གཙོའི་ལྟ་སྐུལ་བྱེད་པ་དང་། དར་ཆ་གསལ་སྟོན་གྱིས་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་སྣང་ཚུལ་དང་འཐབ་རྩོད་བྱེད་པ། ཏང་གི་རྨང་གཞིར་གཡོ་འགུལ་ཐེབས་སྲིད་པ་དང་ཏང་གི་བྱ་གཞག་ལ་འགོག་རྐྱེན་བཟོ་སྲིད་པའི་བྱ་སྤྱོད་མཐའ་དག་དང་འཐབ་རྩོད་བཅས་བྱས་ཏེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྣོད་བཅུད་ཅིག་བསྐྲུན་རྒྱུའི་ཁྲིད་སྟོན་བྱེད་དགོས། “དབྱེ་བ་གསུམ”གྱི་བླང་བྱ་དོན་འཁྱོལ་བྱེད་དགོས་ཤིང་། ཏང་ཡོན་ལ་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་། ལས་བརྩོན་ལས་བཀུར། འགན་འཁུར་ཕོད་པ། ལས་དོན་ཏན་ཏིག་བསྒྲུབ་པ་བཅས་ཀྱི་ལྕག་སྐུལ་གཏོང་བ་དང་འབྲེལ། བསྙོན་འཛུགས་ཕོག་རིགས་དང་མ་ཉེས་ཁག་གཡོགས་བྱུང་རིགས་ཀྱང་དུས་ཐོག་ཏུ་ཁུངས་སྐྱེལ་དག་འབུད་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་འགན་འཁུར་བློ་མཐུན་གཙོ་བོས་སྣེ་ཁྲིད་དེ་སྲོལ་ཡིག་གི་གཏན་འབེབས་ཁག་ལག་བསྟར་བྱེད་དགོས་ཤིང་། གོང་གིས་འོག་ལ་སྣེ་ཁྲིད་ཀྱིས་འོས་འགན་སྒྲུབ་པ་དང་དབང་ཆ་སྤྱོད་སྐབས་ཚད་ཤིང་འཛུགས་པ་དང་མིག་དཔེ་སྟོན་དགོས་ལ། ཏང་ཡོན་གྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག་བྱས་ནས་ཏང་འཛུགས་སྐྱོང་དང་ཏང་གི་བྱ་གཞག་ནང་ཞུགས་པའི་ཏང་ཡོན་གྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འཕེལ་བའང་བྱེད་དགོས།
        ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།