དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གཙོ་སྐྱོང་གནང་བ།

སྤེལ་དུས 2020-12-04 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
           སྤྱི་ཟླ་12པའི་ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་སྐོང་འཚོགས་གནང་ནས། དབུལ་སྒྲོལ་འགག་གཏོར་གྱི་ཕྱོགས་སྡོམ་དཔྱད་དཔོག་སྙན་གསེང་གསན་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད།
           ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་ནས། དབུལ་སྒྲོལ་འགག་གཏོར་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་པ་དང་། ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ། ཐོག་མའི་གསར་གཏོད་རང་བཞིན་དང་དམིགས་བསལ་རང་བཞིན་ལྡན་པའི་བྱེད་ཐབས་གལ་ཆེན་མང་པོ་སྤྱད་དེ། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་དང་ནུས་ཤུགས་ཆེ་ཤོས་ཀྱི་དབུལ་སྒྲོལ་འགག་གཏོར་དམག་འཐབ་སྒྲིག་འཛུགས་དང་ལག་བསྟར་མཛད་ཡོད། ལོ་ངོ་༨རིང་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད།ང་ཚོས་དུས་རབས་གསར་པའི་དབུལ་སྒྲོལ་འགག་གཏོར་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་བྱས་པ་དང་། ད་ལྟའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་ཡོད། དབུལ་ཕོངས་རྫོང་ཚང་མས་དབུལ་ཞྭ་ཕུད་པས། བལྟོས་མེད་དབུལ་ཕོངས་དང་ས་ཁོངས་རང་བཞིན་གྱི་དབུལ་ཕོངས་ཧྲིལ་པོ་དབུལ་སྒྲོལ་བྱུང་བ། མི་འབོར་དབུལ་པོ་དུང་ཕྱུར་གཅིག་ཙམ་དབུལ་སྒྲོལ་ཐུབ་ནས། འཛམ་གླིང་ཡོངས་ཧང་སངས་པའི་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། དབུལ་སྒྲོལ་འགག་གཏོར་གྱི་རྒྱལ་ཁ་ཆེན་པོ་ཐོབ་པ་དེས། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིང་བ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་བ་བཅས་ཆེ་རུ་ཕྱིན་ཡོད། དབུལ་ཕོངས་ས་ཁུལ་གྱི་རྣམ་པ་རྩ་བ་ནས་བསྒྱུར་བ་དང་། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱུང་བ། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་པ། སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ།
           དབུལ་སྒྲོལ་འགག་གཏོར་གྱི་ལག་ལེན་ཁྲོད་ཏང་ཀྲུང་དབྱང་གིས་མི་དམངས་རྩ་བའི་རྩེ་ལ་འཇོག་པ་དང་མི་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་མང་ཚོགས་དབུལ་པོ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་པ་དང་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་དབུལ་སྒྲོལ་འགག་གཏོར་གྱི་ཐོག་མའི་ཀུན་སློང་དང་། མཐའ་མའི་དམིགས་འབེན་ལ་བརྩིས་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། དེ་བཞིན་སྤྱི་ཚོགས་ཀྱིས་མཉམ་དུ་ཤུགས་རྒྱག་པ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་གནད་སྒྲོལ་བ། ཤར་རྒྱུད་དང་ནུབ་རྒྱུད་སོ་སྲུང་རོགས་རེས་དང་རོགས་ལས་འགག་གཏོར་བྱས་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དཀའ་སྤྱད་སྙིང་རུས་དང་རང་སྲོག་བློས་གཏོང་བར་མི་སྐྲག་པའི་ཐོག་ནས། གུང་ཁྲན་ཏང་མིའི་འགན་འཁྲི་འཁུར་སེམས་དང་བློས་གཏོང་ལེགས་སྐྱེས་འབུལ་སེམས་གང་ལེགས་མངོན་ཡོད་ཅེས་ནན་གསུངས་གནང་ཡོད།
           གྲོས་ཚོགས་ཐོག མིག་སྔར། རང་རྒྱལ་གྱི་འཕེལ་རྒྱས་དོ་སྙོམས་མེད་པ་དང་འཐུས་ཚང་མེད་པའི་གནད་དོན་སྔར་བཞིན་མངོན་གསལ་དོད་པ་དང་། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས། རོགས་སྐྱོར་སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། དོར་མི་རུང་བ་བཞིའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་ད་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་དང་། མ་དངུལ་རྒྱབ་སྐྱོར། རོགས་སྐྱོར་སྟོབས་ཤུགས་བཅས་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་བྱེད་པ། དབུལ་ལོག་ཐེབས་རྒྱུ་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དབུལ་སྒྲོལ་རྫོང་དང་། དབུལ་སྒྲོལ་གྲོང་ཚོ། དབུལ་སྒྲོལ་མི་འབོར་བཅས་ལ་མུ་མཐུད་ལྟ་ཞིབ་ཚད་ལེན་བྱེད་པ་དང་། ཡོང་འབབ་ཀྱི་འགྱུར་ལྡོག་དང་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་སྲ་བརྟན་གནས་ཚུལ་རྒྱུན་མཐུད་ངང་རྗེས་སྙེག་ཤེས་རྟོགས་བྱེད་དགོས། དུས་བཀག་ལྟར་ཞིབ་བཤེར་དང་། དུས་ཐོག་ཏུ་ཤེས་རྟོགས། དུས་ཐོག་ཏུ་རོགས་སྐྱོར། འགུལ་རྣམ་གཙང་སེལ་བཅས་བྱ་དགོས། དབུལ་སྐྱོར་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་སྟོབས་ཆེར་གཏོང་བ་དང་། དབུལ་སྒྲོལ་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས། བྲིན་འཚོང་ཐབས་ལམ་རྒྱ་སྐྱེད་དང་། འཁོར་རྒྱུག་བྱེད་སྟངས་གསར་གཏོད། བྲིན་ཚོང་བརྟན་པོ་ཡོང་བར་སྐུལ་སྤེལ་གཏོང་དགོས་ཞེས་བསྟན་ཡོད།
           དབུལ་སྒྲོལ་མི་འབོར་གྱི་ལས་གནས་བརྟན་པོ་དང་ལས་ཞུགས་ཡག་པོ་ཡོང་བ་དང་། དབུལ་སྒྲོལ་མི་འབོར་གྱི་ལས་རིགས་རྩལ་ནུས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། ཤར་ནུབ་ཀྱི་ངལ་ནུས་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་བ། དབུས་ཤར་རྒྱུད་ཀྱི་ངལ་རྩོལ་རུབ་འདུས་རྣམ་པའི་ཐོན་ལས་ནུབ་རྒྱུད་ས་ཁུལ་དུ་སྤོ་རྒྱུར་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་དགོས། ས་ཆ་གཞན་ལ་གནས་སྤོ་བྱས་རྗེས་ཀྱི་ཟུར་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཅིག་སྡུད་བཀོད་སྒྲིག་ཁུལ་གྱི་སྤྱི་པའི་ཞབས་ཞུ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་སྦྱོར་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་བབ་དང་བསྟུན་ནས་གནས་སྤོའི་ཁུལ་དུ་ཐོན་ལས་གོང་འཕེལ་གཏོང་བ། གནས་སྤོས་མང་ཚོགས་དེ་གར་གཞིས་ཆགས་པ་དང་། ལས་ཞུགས་ཐུབ་པ། རིམ་བཞིན་ཕྱུག་པོར་འགྱུར་བ་བཅས་ལ་འགན་ལེན་བྱ་དགོས། མ་དངུལ་དང་རྒྱུ་ནོར་གྱི་རྣམ་གྲངས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱུ་ནོར་ལ་དོ་དམ་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཕན་འབྲས་རྒྱུན་མཐུད་འདོན་སྤེལ་བྱ་དགོས། དམངས་ཀྱི་འཚོ་བའི་མ་མཐའི་ཚད་གཞི་འགན་ལེན་བྱེད་པ་དང་། སྤྱི་ཕན་ལས་གནས་ལ་དོ་དམ་ཚད་ལྡན་བྱེད་པ། ད་ཡོད་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་ལ་བརྟེན་ནས་ངལ་ནུས་ཆུང་བ་དང་། ངལ་ནུས་ཕྱེད་ཀ་ལས་མེད་པ་སོགས་ཀྱི་ཁྱིམ་ཚང་ཐག་ཉེ་ས་དང་ས་ཆ་དེ་རང་ལ་ལས་ཞུགས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མང་ཚོགས་དེ་དག་གི་གཞི་རྩའི་འཚོ་བ་འགན་སྲུང་བྱ་དགོས་ཞེས་བསྟན་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།