དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

སྤེལ་དུས 2020-12-17 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
        ཟླ་12ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་24པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《དུས་རབས་ཀྱི་འགན་འཁྲི་ཐུན་མོང་ཐོག་ཁུར་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས》ཞེས་པ་བཀོད་ཡོད་པ་རེད།
        གསུང་རྩོམ་ནང་ནན་བཤད་གནང་དོན། དཔལ་འབྱོར་གོ་ལ་ཅན་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་བླང་བྱ་དང་ཚན་རྩལ་ཡར་ཐོན་གྱི་ལྡོག་མེད་འབྲས་བུ་ཞིག་ཡིན་པས། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཡོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ལ། ཚོང་ཟོག་དང་མ་རྩ་འཁོར་རྒྱུག་དང་། ཚན་རྩལ་དང་ཤེས་དཔལ་ཡར་ཐོན། རྒྱལ་ཁབ་ཁག་གི་མི་དམངས་དབར་གྱི་འགྲོ་འོང་བཅས་ལ་སྐུལ་འདེད་ཀྱང་ཐེབས་ཡོད། འཛམ་གླིང་ལ་དཀའ་ངལ་བཟོ་བའི་གནད་དོན་གྱི་ཉེས་པ་སྟབས་བདེའི་སྒོ་ནས་དཔལ་འབྱོར་གོ་ལ་ཅན་ལ་འགེལ་མི་རུང་། དེ་ནི་དོན་དངོས་དང་མི་མཐུན་པ་ཞིག་ཡིན་ལ། གནད་དོན་ཐག་གཅོད་བྱེད་པར་ཡང་ཕན་པ་མེད། དཔལ་འབྱོར་གོ་ལ་ཅན་ལས་བྱུང་བའི་གོ་སྐབས་དང་འགྲན་སློང་གི་མདུན་དུ། གདམ་ག་ཡང་དག་པ་ནི། གོ་སྐབས་ཡོད་ཚད་བེད་སྤྱོད་གང་ལེགས་དང་། མཉམ་ལས་ལ་བརྟེན་ནས་འགྲན་སློང་ཡོད་ཚད་ལ་ཁ་གཏད་བཅག་སྟེ། དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་ཕྱོགས་ལ་ཁྲིད་སྟོན་ཡག་པོ་བྱེད་དགོས།
        གསུང་རྩོམ་ནང་བསྟན་དོན། མིག་སྔར་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ནི་འཛམ་གླིང་གི་དཔལ་འབྱོར་དཀའ་ངལ་ལས་སྒྲོལ་རྒྱུར་སྣེ་ཁྲིད་བྱེད་རྒྱུ་དེ་རེད། འཛམ་གླིང་གི་དཔལ་འབྱོར་དུས་ཡུན་རིང་པོར་འཕེལ་མེད་རང་སོར་ལུས་པས། དབུལ་ཕྱུག་གི་ཧེ་བག་དང་ལྷོ་བྱང་གི་ཧེ་བག་གི་གནད་དོན་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། དེའི་འབྱུང་རྩ་ནི། དཔལ་འབྱོར་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་འཕར་བའི་སྒུལ་ནུས་མི་འདང་བ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་རྗེས་སུ་ལུས་པ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དོ་སྙོམས་མེད་པ་བཅས་ཀྱི་མངོན་གསལ་དོད་པའི་འགལ་བ་ཆེན་པོ་གསུམ་ཐག་གཅོད་ནུས་ལྡན་ཐུབ་མེད་པ་དེ་རེད། ང་ཚོར་གནད་དོན་ལ་དབྱེ་ཞིབ་བྱེད་པའི་བློ་གྲོས་ཡོད་དགོས་ལ་བྱ་སྤྱོད་སྤེལ་བའི་བློ་སྟོབས་དེ་བས་ཀྱང་ཡོད་དགོས། གཅིག་ནས། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གསོན་ཤུགས་ལྡན་པའི་འཕར་སྟངས་གཏོད་དགོས་པ་དང་། གཉིས་ནས། མཐུན་སྦྱོར་མཉམ་འགུལ་མཐའ་འཁྱོངས་བྱས་ནས་སྒོ་དབྱེ་གཉིས་ཕན་གྱི་མཉམ་ལས་བྱེད་སྟངས་གཏོད་དགོས་པ། གསུམ་ནས། དུས་བསྟུན་མདུན་སྐྱོད་མཐའ་འཁྱོངས་བྱས་ནས་གཞུང་དྲང་ལུགས་མཐུན་གྱི་བཅོས་སྐྱོང་བྱེད་སྟངས་གཏོད་དགོས་པ། བཞི་ནས། དྲང་གཞག་བསྟུན་མཁས་མཐའ་འཁྱོངས་བྱས་ནས་དོ་སྙོམས་ཀུན་ཕན་གྱི་འཕེལ་རྒྱས་གཏོང་སྟངས་གཏོད་དགོས་པ་བཅས་རེད།
        གསུང་རྩོམ་ནང་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་ཀྱི་འགག་རྩ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྲུང་གོའི་རྒྱལ་བབ་དང་འཚམས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་དེ་ཡིན། འདི་ནི་རང་རྒྱལ་གྱི་རྒྱལ་བབ་ལ་གཞིགས་ནས་གཏན་འཁེལ་བྱས་པའི་འགྲོ་ལམ་ཞིག་དང་། མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་བཞག་པའི་འགྲོ་ལམ་ཞིག སྒྱུར་བཅོས་གསར་གཏོད་ཀྱི་འགྲོ་ལམ་ཞིག སྒོ་དབྱེའི་ཁྲོད་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱེད་པའི་འགྲོ་ལམ་ཞིག་བཅས་ཡིན། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་གོ་སྐབས་ཡིན་པ་དང་། ཀྲུང་གོ་ནི་དཔལ་འབྱོར་གོ་ལ་ཅན་གྱི་ཕན་པ་ཐོབ་མཁན་ཞིག་ཡིན་ལ་ལེགས་སྐྱེས་འབུལ་མཁན་ཞིག་དེ་བས་ཡིན། ཀྲུང་གོ་མི་དམངས་ཀྱིས་ལྷག་བསམ་རྣམ་དག་ངང་རྒྱལ་ཁབ་ཁག་གི་མི་དམངས་ཀྲུང་གོའི་འཕེལ་རྒྱས་ཀྱི“མྱུར་བགྲོད་རླངས་འཁོར”དང“སྟབས་བདེའི་རླངས་འཁོར”ལ་སྡོད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
        གསུང་རྩོམ་ནང་ནན་བཤད་གནང་དོན། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་ལོ་རྒྱུས་ལམ་བུའི་ཐོག་སྔར་ནས་བཟུང་ཁོད་སྙོམས་པའི་ལམ་ཆེན་ཞིག་མེད་པས། མིའི་རིགས་ནི་དཀའ་ངལ་དང་འཐབ་རྩོད་ཁྲོད་མདུན་སྐྱོད་བྱེད་བཞིན་ཡོད། དཀའ་ངལ་འཕྲད་སྐབས་རང་ཉིད་ལ་འཁང་ར་དང་། མི་གཞན་ལ་སྐྱོན་འཛུགས། ཡིད་ཆེས་འདོར་བ། འགན་འཁྲི་མི་འཁུར་བ་བཅས་མི་བྱེད་པར། མཉམ་དུ་དཀའ་ངལ་ལས་རྣམ་པར་རྒྱལ་བ་བྱེད་དགོས། ང་ཚོས་གདེང་ཚོད་ཆེ་རུ་གཏོང་བ་དང་བྱ་སྤྱོད་སྤེལ་ཏེ་མཉམ་དུ་མ་འོངས་པའི་ཕྱོགས་སུ་མདུན་དུ་སྐྱོད་དགོས།
རྩོམ་སྒྲིག་པ། སངས་སྐྱབས།