དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་གནང་བ།

སྤེལ་དུས 2021-01-05 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
         ཉིན་ཤས་གོང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་གནང་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《དམག་དཔུང་གི་གོ་མཚོན་སྲོལ་ཡིག》ཡོངས་བསྒྲགས་བྱས་པ་དང་2021ལོའི་ཟླ་1ཚེས་1ཉིན་ནས་ལག་བསྟར་བྱས་པ་རེད།
         《སྲོལ་ཡིག》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་དང་དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་མཛད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དཔུང་གིས་ལས་འགན་ནུས་ལྡན་ངང་བསྒྲུབ་རྒྱུར་དམིགས་པ། ཕྱོགས་ཡོངས་ནས་དམག་གྲབས་དམག་རྒྱག་ལ་དམ་བཟུང་བྱེད་པ། གོ་མཚོན་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ། དུས་བབ་གསར་པ་དང་སྒྲིག་སྲོལ་གསར་པའི་འོག་གི་གོ་མཚོན་ལས་དོན་གྱི་གཞི་རྩའི་ལས་འགན་དང་། གཞི་རྩའི་ནང་དོན། གཞི་རྩའི་དོ་དམ་ལམ་ལུགས་བཅས་ཚན་རིག་དང་མཐུན་པའི་ངང་ཚད་ལྡན་བཟོ་བ་བཅས་བྱེད་རྒྱུ་ནི་དམག་དཔུང་གི་གོ་མཚོན་ལས་དོན་གྱི་གཞི་རྩའི་ཁྲིམས་སྲོལ་རེད།
         《སྲོལ་ཡིག》ལ་ཁྱོན་ལེའུ་14དང་དོན་ཚན་100ཡོད་ཅིང་། “དམག་ཨུད་ཀྱིས་སྤྱི་ཁྱབ་དོ་དམ་དང་། དམག་ཁུལ་གྱིས་དམག་འཐབ་གཙོ་བོ་རྒྱག་པ། དམག་རིགས་གཙོ་གནད་ཐོག་འཛུགས་སྐྱོང་བྱེད་པ”བཅས་ཀྱི་སྤྱིའི་རྩ་དོན་ལ་གཞིགས་ནས་སྒྲིག་སྲོལ་གསར་པ་དང་སྒྲིག་ཁོངས་གསར་པའི་འོག་གི་རིམ་ཁག་གོ་མཚོན་སྡེ་ཚན་གྱི་འགན་ནུས་ངེས་གནས་དང་། འགན་འཁྲིའི་ཁྱབ་ཁོངས། ལས་དོན་གྱི་འབྲེལ་བ་བཅས་ཚད་ལྡན་བཟོས་པ་དང་། དམག་འཐབ་ནུས་པ་གཞི་རྩའི་ཚད་གཞི་འབའ་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་དངོས་འཐབ་ཅན་གྱི་བླང་བྱ་མཚོན་པ་དང་། “དམག་འཐབ”དང“འཛུགས་སྐྱོང”ཟུང་འབྲེལ་དང་སྦྲེལ་མཐུད་ཀྱི་ལས་ཀའི་ལམ་སྲོལ་ཁ་གསལ་བཟོས་པ། དགོས་མཁོར་བརྟེན་ནས་འཆར་འགོད་ལ་སྣེ་ཁྲིད་དང་འཆར་འགོད་ཀྱིས་ཐོན་ཁུངས་བཀོད་སྒྲིག་གཙོ་ཁྲིད་བྱེད་པའི་བླང་བྱ་དོན་འཁྱོལ་བྱེད་པར་དམིགས་ནས་གོ་མཚོན་ཁྱབ་ཁོངས་ཀྱི་དགོས་མཁོ་དང་། འཆར་འགོད། སྔོན་རྩིས། ལག་བསྟར། དཔྱད་དཔོག་བཅས་ཀྱི་འཐབ་ཇུས་དོ་དམ་སྦྲེལ་ལམ་འཐུས་སྒོ་ཚང་དུ་བཏང་བ། གོ་མཚོན་འཛུགས་སྐྱོང་དེང་རབས་ཅན་དོ་དམ་གྱི་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་ནས་གོ་མཚོན་མ་ལག་ཡོངས་དང་། བེད་སྤྱོད་གཏོང་ཡུན། ལྷུ་ཚིགས་ཁག་དང་རྒྱུ་རྐྱེན་ཁག་བཅས་ཀྱི་དོ་དམ་བརྒྱུད་རིམ་ལེགས་སུ་བཏང་བ། གོ་མཚོན་འཛུགས་སྐྱོང་ལ་ཚད་བཀག་བཟོས་པའི་འགལ་ཟླའི་གནད་དོན་སེལ་རྒྱུར་གཞི་ཚུགས་ནས་བབ་བསྟུན་ནུས་ཆེ་དང་། འགྲན་རྩོད་སྒོ་དབྱེ། གསར་གཏོད་ལ་སྐུལ་ལྕག ཚད་ལྡན་དང་བརྒྱུད་རིམ་ལྡན་པ་བཅས་ཀྱི་ལས་དོན་ལམ་ལུགས་བཙུགས་པ་བཅས་རེད།
རྩོམ་སྒྲིག་པ། སངས་སྐྱབས།