ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

སྤེལ་དུས 2021-03-10 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ།

        ཚེས་7ཉིན་གྱི་སྔ་དྲོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་པ་དང་ཨུ་ཡོན་བཅུ་གཉིས་ཀྱིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ་རེད།

        ཨུ་ཡོན་ལིའུ་ཅ་ཆང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཚབ་ཞུས་ཏེ་གཏམ་བཤད་སྤེལ་སྐབས། དམངས་གཙོ་ཏང་ཤོག་ཁག་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་ལས་བྱེད་པའི་ཐོག་མའི་བསམ་འདུན་མ་བརྗེད་པར་བྱེད་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་མྱོང་རྒྱུས་ཅན་དང་། ལག་བསྟར་བ། སྲུང་སྐྱོང་པ། སྲུང་སྐྱོབ་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

        ཨུ་ཡོན་ཞེ་ཧྥུའུ་ཀྲན་གྱིས་གཏམ་བཤད་སྤེལ་སྐབས། དམངས་ཡོངས་ཐུན་མོང་ཕྱུག་རྒྱུར་ལ་སྐུལ་འདེད་གཏོང་རྒྱུ་ནི་དུས་ཡུན་རིང་པོའི་ལས་འགན་ཞིག་ཡིན། དེས་ན་ཉམས་ཞན་ལྷུ་ཚིགས་ལ་དེ་བས་ཤུགས་སྣོན་རྒྱག་པ་དང་གྲོང་གསེབ་དང་། གཞི་རིམ། དར་རྒྱས་འགྲོ་འགོར་བའི་ས་ཁུལ་བཅས་ལ་གཟིགས་སྐྱོང་བྱ་རྒྱུར་དེ་བས་སྣང་ཆེན་བྱས་ཏེ། ལས་ཞུགས་དང་། ཡོང་འབབ་བགོ་བཤའ། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། སྡོད་ཁང་། རྒན་གསོ། བྱིས་སྐྱོང་སོགས་ཀྱི་ལས་དོན་སྤྱི་འདོམས་ཀྱིས་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ་རེད།

        ཨུ་ཡོན་མེའོ་ཝུའེ་ཡིས་གཏམ་བཤད་སྤེལ་སྐབས། བཟོ་སྐྲུན་ལས་རིགས་ཀྱི་འཐབ་ཇུས་གནས་བབ་དང་ནུས་པ་སྔར་བས་ནན་བཤད་བྱེད་དགོས་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་བསྡུར་ཚད་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས། བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་ཡོད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ཞེས་གསུངས་པ་རེད།

        ཨུ་ཡོན་ཆིན་པོ་ཡུང་གིས་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཚབ་ཞུས་ནས་གཏམ་བཤད་སྤེལ་སྐབས། ཏོག་གསར་གློ་ཚད་རིམས་ནད་ལས་རང་རྒྱལ་གྱི་ཐོན་ལས་འཁོར་འབྲེལ་བདེ་འཇགས་ལ་ཤུགས་སྣོན་རྒྱག་དགོས་པའི་གལ་ཆེའི་རང་བཞིན་འབུར་དུ་མངོན་ཡོད། དེས་ན་ཐོན་ལས་འཁོར་འབྲེལ་གྱི་འཆར་འགོད་ཧྲིལ་པོར་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་སྲིད་ཇུས་ཀྱི་མ་ལག་འཐུས་ཚང་དུ་གཏོང་དགོས་ཞེས་གསུངས་པ་རེད།

        ཨུ་ཡོན་ཀྲང་ལན་ཅི་ཡིས་ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣའི་ཚབ་ཞུས་ནས་གཏམ་བཤད་སྤེལ་སྐབས། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་བྱེད་མགྱོགས་སུ་གཏོང་བ་དང་ཡོང་འབབ་བགོ་བཤའ་རྒྱག་སྟངས་ལེགས་སྒྲིག་བྱེད་པའི་རང་འགུལ་བྱ་སྤྱོད་སྤེལ་ཏེ། སྲིད་གཞུང་གིསའཚོ་བ་དམ་མཁསབསྐྱལ་ནས་ཁྲོམ་རའི་བྱེད་པོརའཚོ་བ་བརྟན་པོདང་མི་སེར་ལའཚོ་བ་ཡག་པོསྐྱེལ་རྒྱུ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

        ཨུ་ཡོན་ཁྲེན་ཝུའེ་ཡིས་གཏམ་བཤད་སྤེལ་སྐབས། དམིགས་མཁོའི་རིམས་འགོག་སྨན་ཁབ་རྒྱལ་ཁབ་ལག་རྩལ་གསར་གཏོད་ལྟེ་གནས་བསྐྲུན་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་ལས་དོན་མུ་མཐུད་སྤེལ་ཏེ། རྨང་གཞིའི་ཞིབ་འཇུག་ལ་ཕན་པའི་གསར་གཏོད་སྐྱེ་ཁམས་ཡག་པོ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུའི་གྲོས་འགོ་བཏོན་གནང་བ་རེད།

        ཨུ་ཡོན་ཧོང་ཅན་ཧྲེང་གིས་གཏམ་བཤད་སྤེལ་སྐབས། ས་ཞིང་གང་བྱུང་དུ་བཟུང་བ་དང་ས་ཞིངཞིང་ལས་ཅན་མིན་པདངའབྲུ་རིགས་ཅན་མིན་པརབཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ས་ནག་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་མཐོར་གཏོང་བྱས་ཏེ། ཚོད་ལྟ་བྱེད་པ་ནས་ཡོངས་སུ་ཁྱབ་པར་བྱེད་དགོས་ཞེས་གསུངས་པ་རེད།

        ཨུ་ཡོན་མ་ཡུང་ཧྲེང་གིས་གཏམ་བཤད་སྤེལ་སྐབས། འགྱུར་རྡོ་མིན་པའི་ནུས་རྒྱུ་འཕེལ་རྒྱས་གཏོང་མགྱོགས་སུ་བཏང་ནས་སྣ་མང་ཅན་གྱི་ནུས་རྒྱུ་མཁོ་སྤྲོད་མ་ལག་སྐྲུན་དགོས་པ་དང་ཚན་རྩལ་གསར་གཏོད་ཀྱི་ཆུ་ཚད་མགྱོགས་མྱུར་མཐོ་རུ་བཏང་ནས། ནུས་རྒྱུའི་ལས་རིགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་དགོས་ཞེས་གསུངས་པ་རེད།

        ཨུ་ཡོན་ཝུའེ་ཀྲེན་ལིང་གིས་གཏམ་བཤད་སྤེལ་སྐབས། རྒྱལ་ཁབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཁྲོད་མའོ་ནན་ཧྲན་ཤང་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་ནི་རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེན་གྲུབ་འབྲས་ཁྲོད་ཀྱི་བསྡུས་རིས་ཤིག་རེད་ཅེས་གསུངས་པ་རེད།

        ཨུ་ཡོན་ལིའུ་ཅ་ཁྲེང་གིས་གཏམ་བཤད་སྤེལ་སྐབས། རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན་པའིའདུ་ཤེས་རིག་རྩལ་འཁྲབ་སྟོན་གྱི་རྣམ་པའི་ཐོག་ནས་མི་དམངས་ལ་བསྟོད་གླུ་ལེན་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཚ་ཚ་འུར་འུར་གྱི་ལག་ལེན་ལ་འགྱུར་ཏེ། ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་ཐོག་ནས་སྲོལ་བཟང་དར་སྤེལ་དང་སྲོལ་གསར་གཏོད་དགོས་ཞེས་གསུངས་པ་རེད།

        ཨུ་ཡོན་ཝུའུ་གོ་ཧྭ་ཡིས་ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་གྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་སྐབས། ངོགས་གཉིས་ཀྱི་སྤུན་ཟླ་དང་། ལྷག་པར་དུ་གཞོན་ནུ་ལོ་ཆུང་ཚོར་མེས་རྒྱལ་གྱི་ལོ་རྒྱུས་རིག་གནས་དང་རྒྱལ་ཁབ་ཀྱི་གནས་ཚུལ་སློབ་སྦྱོང་དང་ཤེས་རྟོགས་བྱེད་པའི་བྱེད་སྒོ་ཐུན་མོང་ཐོག་སྤེལ་ཏེ། ངོགས་གཉིས་ཀྱི་ཐུན་མོང་གི་ལོ་རྒྱུས་འབྱུང་རྩ་དང་། ས་རྒྱུད་སྤུན་ཉེ། དམངས་སྲོལ་གོམས་གཤིས་སོགས་ཐོན་ཁུངས་ལ་བརྟེན་ནས་དུས་རབས་གསར་པའི་ངོགས་གཉིས་ཀྱི་གཞོན་ནུའི་ཐུན་མོང་གི་མེས་རྒྱལ་དང་ཁྱིམ་ཚང་ལ་འཆང་བའི་བརྩེ་སེམས་འཕེལ་བར་བྱ་རྒྱུའི་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུའི་གྲོས་འགོ་བཏོན་གནང་བ་རེད།

        ཨུ་ཡོན་ཝུའུ་ལེང་ཧའོ་ཡིས་གཏམ་བཤད་སྤེལ་སྐབས། ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱས་ནས་ལོ་ཕྱེད་ཙམ་སོང་རིང་སྤྱི་ཚོགས་ཞི་བདེ་དང་། གྲོང་མི་བདེ་འཇགས། མི་སེམས་ཞི་ལྷོད་བཅས་བྱུང་ནས་ཤང་ཀང་ལ་ཟང་ཟིང་ནས་བཅོས་སྒྲིག་བར་གྱི་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་ཅེས་གསུངས་པ་རེད།

རྩོམ་སྒྲིག་པ། སངས་སྐྱབས།