དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་བྷང་ག་ལའི“རྒྱལ་ཡབ”མུའུ་ཅི་པུའུ·ལཱ་ཧོ་མན་འཁྲུངས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བ་དང་རང་བཙན་ཐོབ་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་བརྙན་ལམ་ཐོག་ནས་ཤིས་ཚིག་གསུངས་པ།

སྤེལ་དུས 2021-03-19 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
        ཟླ་3ཚེས་17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྷང་ག་ལའི“རྒྱལ་ཡབ”མུའུ་ཅི་པུའུ·ལཱ་ཧོ་མན་འཁྲུངས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བ་དང་རང་བཙན་ཐོབ་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་བརྙན་ལམ་ཐོག་ནས་ཤིས་ཚིག་གསུངས་པ་དང་། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཙུང་ཐུང་ཧ་སྨི་ཏེ་དང་ཙུང་ལི་ཧ་ཤིས་ནཱ་དང་བྷང་ག་ལའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྷང་ག་ལའི“རྒྱལ་ཡབ”མུའུ་ཅི་པུའུ·ལཱ་ཧོ་མན་འཁྲུངས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བ་དང་རང་བཙན་ཐོབ་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་བརྙན་ལམ་ཐོག་ནས་ཤིས་ཚིག་གསུངས་པ་དང་། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཙུང་ཐུང་ཧ་སྨི་ཏེ་དང་ཙུང་ལི་ཧ་ཤིས་ནཱ་དང་བྷང་ག་ལའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད།
        ཞི་ཅིན་ཕིང་གིས། ལོ་ངོ་50ཡི་གོང་སྐུ་ཞབས་མུའུ་ཅི་པུའུ·ལཱ་ཧོ་མན་སྐུ་ངོ་མས་བྷང་ག་ལ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་རེད། ཁོང་ནི་ཀྲུང་གོའི་མི་དམངས་ཀྱི་གྲོགས་པོ་རྙིང་པ་དང་གྲོགས་པོ་བཟང་པོ་རེད། ཀྲུང་གོར་འཚམས་འདྲི་ཐེངས་གཉིས་གནང་རིང་ཀྲུང་གོའི་འགོ་ཁྲིད་མི་སྣ་རྒན་རབས་ཚོ་དང་མཛའ་མཐུན་འབྲེལ་བ་བཟང་པོ་བཙུགས་གནང་ཡོད། ང་ཚོས་འགོ་ཁྲིད་མི་སྣ་རྒན་རབས་ཚོས་ཀྲུང་བྷང་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བ་སེམས་ལ་བརྟན་པོར་ངེས་ནས་ཀྲུང་བྷང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་རྒྱུག་མཐུད་དབྱུག་པ་བརྒྱུད་སྤྲོད་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས། བྷང་ག་ལར་རང་བཙན་ཐོབ་ནས་ལོ་ངོ་50ཡི་རིང་རྒྱལ་ཁབ་འཛུགས་སྐྲུན་ལམ་བུར་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་ཡོད། མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཆ་ནས་ང་ཚོ་ཧ་ཅང་དགའ་པོ་འདུག་ཅེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས། ཀྲུང་གོ་དང་བྷང་ག་ལ་ནི་གནའ་སྔ་མོ་ནས་བཟུང་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། གནའ་བོའི་དར་གོས་ལམ་བུས་རྒྱལ་ཁབ་གཉིས་པོའི་ལོ་ངོ་སྟོང་གི་མཛའ་མཐུན་གྱི་དཔང་པོ་བྱེད་ཐུབ། ཕྱི་འབྲེལ་བཙུགས་ནས་ལོ་46ཡི་རིང་ཕྱོགས་གཉིས་ཀྱིས་སྔ་བར་ཕྱི་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་སྟེ་ཕན་ཚུན་རྒྱབ་སྐྱོར་དང་མཉམ་དུ་མདུན་སྐྱོད་བྱས་ཡོད། དེང་སྐབས་ཀྲུང་བྷང་རྒྱལ་ཁབ་གཉིས་པོ་དར་རྒྱས་དང་གོང་འཕེལ་གྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་དང“གསེར་ལྡོག་ཅན་གྱི་བྷང་ག་ལའི”ཕུགས་འདུན་ཕན་ཚུན་དམ་པོར་འབྲེལ་ནས་ཡོད་པ་དང་། ཀྲུང་བྷང་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་རྩ་ཡོང་རྒྱུ་རེད། ཏོག་གསར་གློ་ཚད་རིམས་ནད་མཆེད་པ་ནས་བཟུང་རྒྱལ་ཁབ་གཉིས་པོས་འགག་སྒྲོལ་དཀའ་སེལ་དང་ཕན་ཚུན་རོགས་རམ་བྱས་ཏེ་ཀྲུང་གོའི་ཁེ་ལས་ཀྱིས་ཐེ་ཇུས་འཛུགས་སྐྲུན་བྱས་པའི་བྷང་ག་ལ་ཕྱོགས་ཀྱི་རྣམ་གྲངས་གལ་ཆེན་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རིམ་བྱུང་བ་དང་། བྷང་ག་ལའི་དཔྱ་ཁྲལ་རྣམ་གྲངས་ནང་ཚུད་པའི་ཚོང་ཟོག་97%ཀྲུང་གོར་གཏོང་སྐབས་སྒོ་ཁྲལ་གཅིག་ཀྱང་སྤྲོད་མི་དགོས་པའི་སྲིད་ཇུས་ལ་དངོས་སུ་ནུས་པ་ཐོན་ཡོད་ཅེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས། ངས་ཀྲུང་བྷང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། བྷང་ག་ལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། ཀྲུང་བྷང་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་མཐོ་ཚད་གསར་པར་སྐུལ་འདེད་གཏོང་འདོད་ཡོད། བྷང་ག་ལ་རྒྱལ་ཁབ་དར་ཞིང་རྒྱས་པ་དང་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཀྲུང་བྷང་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་མི་ཉམས་ཡུན་དུ་གནས་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།