དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་ཕྱོཌ་སྡོམ་གཟེངས་བསྟོད་ཚོགས་ཆེན་གྱི་འཐུས་མི་དང་མཇལ་འཕྲད་གནང་བ།

སྤེལ་དུས 2021-03-31 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
         ཟླ་3ཚེས་29ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི་སོགས་ཀྱིས་པེ་ཅིང་དུ་རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་གྱི་འཐུས་མི་དང་མཇལ་འཕྲད་གནང་བ། 
         ཚེས་29ཉིན་རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་ཆེན་ནང་ཞུགས་མཁན་གཟེངས་བསྟོད་ཐོབ་མཁན་དང་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལེ་ཅི་མཇལ་འཕྲད་ནང་ཞུགས་པ་རེད།
         སྔ་དྲོའི་ཆུ་ཚོད་10པར་ཞི་ཅིན་ཕིང་སོགས་ཅིང་ཤིས་མགྲོན་ཁང་གི་ཚོགས་འདུའི་ཐོག་ཁང་གི་ཚོམས་ཆེན་མདུན་མར་ཕེབས་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་དང་ཞི་ཅིན་ཕིང་སོགས་འཐུས་མི་ཚོའི་དབུས་སུ་ཕེབས་ནས་ཚང་མ་དང་བྱམས་བརྩེའི་སྤེལ་རེས་གནང་བ་དང་འབྲེལ་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀུའོ་ཧྲེང་ཁུན་མཇལ་འཕྲད་ནང་ཞུགས་པ་དང་འབྲེལ་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པའི་རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ། ཏང་གི་འགོ་ཁྲིད་ཀྱི་ཆབ་སྲིད་ལེགས་ཆ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་བཅས་ལ་ཐུག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་སྒུལ་ཤུགས་སྟོབས་ཆེན་དུ་བསྒྱུར་ཏེ་བློ་རྩ་བརྟན་པོས་ཡར་བརྩོན་དང་ཡང་འབད་བསྐྱར་འབད་བྱས་ཏེ་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་ལ་རྒྱུན་རྣམ་ཅན་གྱི་སྐུལ་འདེད་གཏོང་བ་དང་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་ཧུར་ཐག་བསྐྲུན་ཐོག་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་བསྟན་གནང་བ་རེད།
         ཏིང་ཤུའེ་ཞང་དང་། དབྱང་ཞའོ་ཏུའུ། ཁྲེན་ཤིས། ཧོང་ཁུན་མིང་བཅས་མཇལ་འཕྲད་ནང་ཞུགས་པ་དང་ཀྲའོ་ཁེ་ཀྲི་མཇལ་འཕྲད་ནང་ཞུགས་པ་དང་འབྲེལ་ཚོགས་ཆེན་གཙོ་སྐྱོང་གནང་བ། ཀྲོའུ་ཆང་དང་ཀྲང་ཅུན་མཇལ་འཕྲད་ནང་ཞུགས་པ་དང་འབྲེལ་ཚོགས་ཆེན་ལ་ཕེབས་པ་བཅས་རེད།
         ཚོགས་ཆེན་ཐོག་གཟེངས་བསྟོད་ཐོབ་མཁན་དང་བྱ་དགའ་ཐོབ་མཁན་ལ་བྱ་དགའ་གནང་བ་དང་རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་སྔོན་ཐོན་མཉམ་སྡེབ་དང་། སྔོན་ཐོན་ལས་དོན་པ། བྱ་དགའ་ཐོབ་མཁན་ལས་བྱེད་པའི་འཐུས་མི་བཅས་ཀྱིས་ཚོགས་ཆེན་ཐོག་ཁག་སོ་སོར་གཏམ་བཤད་སྤེལ་བ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།