ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

གྱོད་དོན་སྙན་སེང་ཞུ་སྐབས་རྐུ་ཤོར་གྲངས་འབོར་རྫུན་ཞུ་བྱས་ན་སྙོན་འཛུགས་ཞུ་སྦྱོར་བྱེད་པའི་ཁོངས་སུ་གཏོགས་པ།

སྤེལ་དུས 2017-08-25 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
བློ་མཐུན་རྩོམ་སྒྲིག་པ་ལགས།

          ཉེ་སྔོན། ངེད་ཚང་གི་ཁྱིམ་མཚེས་ཚང་ལ་རྐུན་མ་འཛུལ་ཏེ་སྒོར་སྟོང་གཅིག་བརྐུས་སོང་བ་རེད། དེ་ལ་ཁྱིམ་མཚེས་ཚང་གི་ཁྱིམ་བདག་མར་ཁོང་ཁྲོ་ཆེན་པོ་ལངས་ཀྱིན་འདུག  རྒྱུ་མཚན་ནི་རྐུན་མ་མོའི་བུའི་དམའ་འབྲིང་གི་སློབ་གྲོགས་ཤིག་ཡིན་པས་རེད། དེ་བས་ཁྱིམ་མཚེས་ཚང་གི་ཁྱིམ་བདག་མས་སྤྱི་བདེ་ལས་ཁུངས་ལ་གཏུག་བཤེར་བྱས་པ་དང་། རྐུན་མར་ཆད་པ་ལྗིད་མོ་གཅོད་རྒྱུའི་ཆེད་དུ། རྐུ་ལ་ཤོར་བའི་དངུལ་སྒོར་གྱི་གྲངས་འབོར་ཇེ་མང་དུ་བཏང་ནས་སྒོར་ཁྲི1.1ཡིན་པར་བཤད། ད་ལྟ་སྤྱི་བདེ་ལས་ཁུངས་ཀྱིས་ཉེས་བསགས་མི་སྣར་འདྲི་གཅོད་དང་ཉེས་དོན་བཀག་ཉར་བྱས་འདུག འདིར་འདྲི་རྒྱུ་ཞིག་ནི། ཁྱིམ་མཚེས་ཚང་གི་ཁྱིམ་བདག་མས་རྐུ་ཤོར་གྲངས་འབོར་རྫུན་ཞུ་བྱས་པ་དེས་ཉེས་པ་བསགས་ཡོད་དམ།
ཀློག་པ་པོ་ཚེ་ལོ་ནས།

བློ་མཐུན་ཚེ་ལོ་ལགས།

          ཁྱེད་ཚང་གི་ཁྱིམ་མཚེས་ཀྱིས་རྐུ་ཤོར་གྲངས་འབོར་རྫུན་ཞུ་བྱས་པ་དེས་སྙོན་འཛུགས་ཉེས་པ་བསགས་འདུག  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན243ནང"དོན་དངོས་རྫུན་བཟོ་བྱས་ནས་མི་གཞན་ལ་སྙོན་བཙུགས་ཏེ། མི་གཞན་གྱི་ཉེས་དོན་རྩད་གཅོད་ཐེབས་སུ་འཇུག་རྒྱུའི་བསམ་ངན་བཅངས་ན། ལོ་གསུམ་མན་གྱི་དུས་བཅད་བཙོན་འཇུག་དང་བཀག་སྐྱིལ།ཡང་ན་རྩིས་སྤྲོད་དོ་དམ་བཅས་བྱེད་ཆོག་པ་དང་། མཇུག་འབྲས་ཚབས་ཆེན་བཟོས་ན། ལོ་གསུམ་ཡན་དང་ལོ་བཅུའི་མན་གྱི་དུས་བཅད་བཙོན་འཇུག་བྱེད་ཆོག རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པས་གོང་གི་ཉེས་པ་འདི་ལྟ་བུ་བསགས་ན། ཆད་པ་ལྗིད་མོ་གཅོད་དགོས་པ་དང་། བསམ་བཞིན་མིན་པར་ནོར་ཞུ་བྱེད་པ་དང་། ཡང་ན་གཏུག་བཤེར་དོན་དངོས་དང་མི་མཐུན་པ་བྱུང་ན། གོང་གི་ཁོད་ཚན་འདིའི་གཏན་འཁེལ་མི་སྤྱོད་པ་ཡིན"ཞེས་གཏན་འཁེལ་གསལ་པོ་བྱས་ཡོད། ཁྱེད་ཚང་གི་ཁྱིམ་མཚེས་ཀྱི་ཁྱིམ་བདག་མས་རང་ཉིད་ཀྱི་རྐུ་ལ་ཤོར་བའི་སྒོར་གྲངས་སྟོང་གཅིག་ཡིན་པ་ཤེས་བཞིན་དུ། སྤྱི་བདེ་མི་སྣར་སྒོར་ཁྲི1.1ལྟར་རྫུན་ཞུ་བྱས་ཏེ། ཉེས་བསགས་མི་སྣར་སྤྱི་བདེ་ལས་ཁུངས་སོགས་རྒྱལ་ཁབ་ལས་ཁུངས་ཀྱི་རྩད་གཅོད་དང་ཆད་པ་ལྗིད་མོ་གཅོད་དུ་འཇུག་རྒྱུའི་བསམ་ངན་བཅངས་པ་དང་།དོན་དངོས་སུ་སྤྱི་བདེ་ལས་ཁུངས་ཀྱིས་ཀྱང་བྱེད་ཐབས་སྤྱད་དེ་ཉེས་དོན་བཀག་ཉར་སོགས་ཀྱི་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་ཟིན་པས།ཁྱེད་ཁྱིམ་མཚེས་ཚང་གི་ཁྱིམ་བདག་མའི་བྱ་སྤྱོད་དེ་ནི་སྙོན་འཛུགས་ཉེས་བསགས་ཀྱི་ཁོངས་སུ་གཏོགས་པ་རེད། །