ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

བུ་བཅོལ་ཁང་དུ་བྱིས་པར་རྨས་སྐྱོན་ཕོག་ན་སྐྱིན་ཚབ་ཀྱི་འགན་སུས་འཁུར་དགོས་སམ།

སྤེལ་དུས 2017-08-25 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། མི་གསལ།
          རིག་འཛིན་སྒྲོལ་མས་བུ་བཅོལ་ཁང་ཞིག་གི་ནང་དུ་དགེ་རྒན་གྱི་འགན་ཁུར་ཡོད།ཉིན་ཞིག་གི་སྔ་དྲོའི་དུས་ཚོད9ཡས་མས་སུ་བྱིས་པ་རྣམས་རྩེ་རུ་བཅུག་རྗེས།ཁོ་མོ་སློབ་ཁང་ཕྱི་རོལ་ཏུ་སོང་ནས་ཁ་པར་ཞིག་བཏང་། ཅང་མ་འགོར་བར་དེའི་ནང་གི་བྱིས་པ་བཀྲ་ཤིས﹙ལོ་ལྔ﹚དང་ཚེ་དཔལ﹙ལོ་བཞི﹚གཉིས་རྩེད་ཆས་བརྩད་དེ་རྡུང་རེས་བརྒྱབ་པ་དང་།བཀྲ་ཤིས་ཀྱིས་རྐུབ་སྟེགས་བླངས་ནས་ཚེ་དཔལ་གྱི་མགོ་ལ་བརྒྱབ་པས། ཚེ་དཔལ་གྱིས་ཀྱང་བཀྲ་ཤིས་སར་མནན་ཏེ་ལག་གི་རྩེད་ཆས་ཀྱིས་ཁོའི་གདོང་ལ་རྨ་ཁ་བཏོད།དེའི་རྐྱེན་གྱིས་བཀྲ་ཤིས་ལ་སྨན་ཡོན་སྒོར500དང་ཚེ་དཔལ་ལ་སྨན་ཡོན་སྒོར2000བཀོལ།འདིར་འདྲི་རྒྱུ་ཞིག་ནི་བཀྲ་ཤིས་དང་ཚེ་དཔལ་གཉིས་ཀྱི་སྨན་ཡོན་ལ་འགན་སུས་འཁུར་དགོས་སམ།
ཆེད་མཁས་པས་འགྲེལ་བཤད།

          དམངས་ཁྲིམས་སྤྱི་སྲོལ་གྱི་དོན་ཚན133པའི་ནང་གི་གཏན་འཁེལ་ལྟར་ན།དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མིས་མི་གཞན་ལ་རྨས་སྐྱོན་བཟོས་ན།དེའི་ལྟ་སྐྱོང་མཁན་གྱིས་དམངས་དོན་གྱི་འགན་འཁྲི་འཁུར་དགོས་པ་དང་།《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱི་སྲོལ〉ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གྱི་གནད་དོན་འགའི་བསམ་འཆར﹙ཚོད་སྤྱོད﹚》གྱི་དོན་ཚན159པའི་ནང་དུ“ལྟ་སྐྱོང་བྱེད་དགོས་པའི་མི་དེས་མི་གཞན་ལ་གནོད་འཚེ་བཏང་བར་ལྟ་སྐྱོང་མཁན་ངེས་ཅན་ཞིག་ཡོད་ན།ལྟ་སྐྱོང་མཁན་དེས་དམངས་དོན་གྱི་འགན་འཁྲི་འཁུར་དགོས་པ”གཏན་འཁེལ་བྱས་ཡོད།གྱོད་དོན་འདིའི་ནང་གི་བཀྲ་ཤིས་དང་ཚེ་དཔལ་གཉིས་རྩེད་ཆས་བརྩད་དེ་རྡུང་རེས་བརྒྱབ་པ་དང་གཉིས་ཀ་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་ཡིན་པས།དེས་བཟོས་པའི་གྱོང་གུན་དེ་ལྟ་སྐྱོང་མཁན་གྱིས་འཁུར་དགོས།《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱི་སྲོལ〉ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གྱི་གནད་དོན་འགའི་བསམ་འཆར﹙ཚོད་སྤྱོད﹚》གྱི་དོན་ཚན160པའི་ནང་དུ“བུ་བཅོལ་ཁང་ངམ་སློབ་གྲྭའི་ནང་དུ་འཚོ་བ་རོལ་བའམ་ཡང་ན་སློབ་སྦྱོང་བྱེད་ཀྱིན་པའི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིའམ་ཡང་ན་སྨྱོ་ནད་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་པའི་ནད་པར་རྨས་སྐྱོན་ཕོག་པའམ་ཡང་ན་མི་གཞན་ལ་གནོད་འཚེ་བཏང་བར།སྡེ་ཁག་དེར་ནོར་འཁྲུལ་ཡོད་ན།སྡེ་ཁག་དེས་དེ་བསྟུན་གྱི་སྐྱིན་ཚབ་སྤྲོད་འགན་འཁུར་དགོས་པ”གཏན་འཁེལ་བྱས་ཡོད།གྱོད་དོན་འདིའི་ནང་གི་བཀྲ་ཤིས་དང་ཚེ་དཔལ་གཉིས་རྡུང་རེས་བརྒྱབ་སྟེ་གཉིས་ཀར་རྨས་སྐྱོན་ཕོག་པ་དང་།དོན་དག་བྱུང་ཡུལ་བུ་བཅོལ་ཁང་གི་ནང་ཡིན་པར་མ་ཟད།སྐབས་དེར་སློབ་གྲྭའི་དགེ་རྒན་སློབ་ཁང་དང་བྲལ་ཏེ་ཕྱི་རོལ་ལ་ཁ་པར་གཏོང་དུ་སོང་བའི་རྐྱེན་གྱིས།ལྟ་སྐྱོང་གི་འགན་མ་ཁུར་པ་རེད།དེའི་རྐྱེན་གྱིས་བུ་བཅོལ་ཁང་འདི་ལ་ནོར་འཁྲུལ་ལྡན་པས་སྐྱིན་ཚབ་ངེས་ཅན་ཞིག་འཇལ་དགོས་སོ། །