ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

​ན་གཞོན་ཁྲིམས་འཛིན་ལ་ཤུགས་བསྣན་ནས་ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྲུང་སྐྱོབ་བྱེད་དགོས།

སྤེལ་དུས 2017-08-29 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། མཁའ་མཚོ་སྐྱིད།
          ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆིང་གིས་ཉེ་ཆར་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ནར་མ་སོན་པའི་མི་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དགོས་པའི་སྐོར་གྱི་བྱེད་ཕྱོགས་སྲིད་ཇུས་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་དང་། སྤྱི་ཚོགས་ཀྱི་ཐུགས་ཁུར་ལ་ཧུར་བརྩོན་སྒོས་ཨ་ལན་སློག་པ། ན་གཞོན་ཁྲིམས་འཛིན་ལ་ཤུགས་བསྣན་ཏེ། ཁྲིམས་འཛིན་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་བཅས་ཀྱིས། ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་དངོས་གནས་སྲུང་སྐྱོབ་དང་ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་འབྱུང་བར་དངོས་གནས་སྲུང་སྐྱོབ་བྱེད་དགོས།
          ཀྲོའུ་ཆིང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བསྡུས་པའི་ན་གཞོན་ཁྲིམས་འཛིན་བཞུགས་མོལ་ཚོགས་འདུའི་སྟེང་བསྟན་དོན། ན་གཞོན་ཁྲིམས་འཛིན་བྱ་བར་འཕྲད་པའི་གནས་བབ་གསར་པ་དང་ལས་འགན་གསར་པར་ངོས་འཛིན་གང་ལེགས་བྱེད་པ་དང་། "དམིགས་སུ་འཛིན་པ་དང་དམིགས་བསལ་གྱིས་སྲུང་སྐྱོབ་བྱེད་པ"ཡི་ཁྲིམས་འཛིན་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ནར་མ་སོན་པའི་མིའི་ཁྲིམས་འགལ་ཉེས་བསགས་བྱ་འགུལ་ལ་ཁྲིམས་ལྟར་ཆད་གཅོད་བྱེད་པ་དང་། སློབ་རྭའི་བརྙས་སྨོད་དང་སློབ་རའི་དྲག་ཤུགས་ལ་དངོས་གནས་འགོག་བཅོས། ནར་མ་སོན་པའི་མི་དང་འབྲེལ་བའི་རྩོད་གཞི་ཐག་གཅོད་ཡང་དག་བཅས་བྱས་ནས། བདེ་འཇགས་ཀྱི་སློབ་ར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་། ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས།
          ཀྲོའུ་ཆིང་གིས་ནན་གྱིས་བསྟན་དོན། གྱོད་བསྟུན་ཁྲིམས་འགྲེལ་བྱེད་པར་ཤུགས་སྣོན་དང་། ནར་མ་སོན་པའི་མིས་དང་ལེན་བྱེད་སླ་བའི་བྱེད་ཐབས་ཀྱིས་ཁྲིམས་ལུགས་དྲིལ་སྒྲོག་བྱེད་པའི་སློབ་གསོ་སྤེལ་ཏེ། ནར་མ་སོན་པའི་མིའི་ཁྲིམས་སྲུང་བ་དང་ཁྲིམས་སློབ་པ།ཁྲིམས་བརྩི་བ། ཁྲིམས་སྤྱོད་པ་བཅས་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། བཅོས་བསྒྱུར་གསར་སྐྲུན་བྱེད་པ་རྒྱུན་འཁྱོངས་དང་། སྤྱི་ཚོགས་ཀྱི་ཕྱོགས་ཡོངས་མཐུན་སྦྱོར་མཉམ་སྡེབ་ཡོང་བར་བྱས་ཏེ། ནར་མ་སོན་པའི་མི་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་མུ་མཐུད་དུ་གོང་འཕེལ་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་དགོས། །