ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

བཟའ་ཚང་ཐོར་བའི་ཕ་མ་ལ། བྱིས་པར་མཇལ་བའི་དབང་ཆ་ཡོད།

སྤེལ་དུས 2017-08-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ། རྩོམ་པ་པོ། ནོར་བུས་བསྒྲིགས།
          ཁྱོ་ཤུག་ཐོར་ནས་མ་བུ་ཁ་བྲལ་དུ་སོང་ཡང་།  བྱིས་པ་ཐད་ཀར་གསོ་སྐྱོང་མི་བྱེད་པའི་ཁྱོ་ཤུག་གང་རུང་ལ་རང་གི་བྱིས་པར་ཐུག་འཕྲད་བྱེད་པའི་དབང་ཆ་ཡོད།  ལྷ་མོ་དང་དཀོན་མཆོག་གཉིས་བཟའ་ཚང་ཐོར་སྟེ་གྲོས་ཆམས་ཡི་གེ་བྲིས་ནས་བུ་མོ་སྒྲོལ་མ་ཕ་ཡིས་གཉོར་སྐྱོང་བྱེད་རྒྱུ་བྱས།  ཁྱོ་ཤུག་ཁ་བྲལ་རྗེས།  དཀོན་མཆོག་གིས་བུ་མོ་ཨ་མྱེས་ཀྱི་ཁྱིམ་ལ་བསྐྱེལ་ཏེ་གཞན་ཡུལ་དུ་ཞོར་ལས་ལ་སོང་།  ལྷ་མོས་བཟའ་ཚང་ཁ་བྲལ་བ་ནས་བཟུང་རང་གི་བུ་མོ་ཤིན་ཏུ་དྲན་པས་རྟག་ཏུ་དངོས་པོ་སྣ་ཚོགས་ཉོས་ཏེ་བུ་མོར་ལྟ་རུ་སོང་བ་མ་ཟད།  གུང་སེང་སྐབས་སུ་བུ་མོ་རང་ཁྱིམ་དུ་ཁྲིད་ཡོང་འདོད་མོད།  དཀོན་མཆོག་གི་ཕ་མ་གཉིས་གཏན་ནས་འཐད་པ་མ་བྱུང་།  དེ་ནས་མོ་ལ་ཐབས་གཞན་མེད་པས་ཁྲིམས་ཁང་ལ་གཏུག་བཤེར་བྱས།  ཁྲིམས་ཁང་གིས་ཞིབ་བཤེར་བྱས་རྗེས།  ཕ་མ་བུ་ཕྲུག་ལ་ཐུག་འཕྲད་བྱེད་པའི་དབང་ཆ་ཡོད་ཟེར་བ་ནི།  ཕ་མ་གཉིས་བཟའ་ཚང་ཐོར་རྗེས།  བུ་ཕྲུག་ལ་ཁ་བྲལ་བའི་ཕ་མ་སུ་ཡིན་ཀྱང་དུས་ཚོད་དང་ས་གནས་གང་རུང་ནས་རང་གི་བྱིས་པར་འཇལ་བའི་དབང་ཆ་ཡོད།               《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་༣༨པའི་གཏན་ཁེལ་ལྟར་ན།  བཟའ་ཚང་ཐོར་རྗེས།  ཐད་ཀར་དུ་བུ་ཕྲུག་གསོ་སྐྱོང་མི་བྱེད་པའི་ཕའམ་མ་གང་རུང་བུ་ཕྲུག་ལ་ཐུག་འཕྲད་བྱེད་པའི་དབང་ཆ་ཡོད་ལ།  ཅིག་ཤོས་ལ་མཐུན་རྐྱེན་སྒྲུབ་པའི་འོས་འགན་ཡོད།  ལྷ་མོ་ས་ཆ་གཞན་དུ་ཡོད་པས་མོ་རང་དང་ལྷན་དུ་བུ་མོ་རང་ཡུལ་ལ་ཁྲིད་ནས་འཚོ་བ་རོལ་ཏེ་མ་བུའི་བརྩེ་འདང་ཇེ་ཟབ་ཏུ་གཏོང་འདོད་པ་དེ་ལུགས་དང་མཐུན་ལ་ཁྲིམས་ལའང་མཐུན་པ་རེད།  དེར་བརྟེན་ཁྲིམས་ཁང་གིས་མཐར་ལྷ་མོས་ལོ་རེའི་༼ལྔ་གཅིག༽དང་གུང་སེང་གི་སྐབས་སུ་བུ་མོ་རང་ཁྱིམ་ལ་ཁྲིད་ནས་མཉམ་དུ་འཚོ་བ་རོལ་ཆོག་པ་དང་།  སློབ་སྦྱོང་དང་འཚོ་བར་གནོད་པ་ཐེབས་མི་ཆོག་པའི་ཐག་བཅད།།