ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ལོ་རེའི་ཟླ ༡༢པའི་ཚེས ༤ཉིན་ནི་རྒྱལ་ཡོངས་རྩ་ཁྲིམས་ཉིན་མོར་གཏན་ཁེལ་བྱས།

སྤེལ་དུས 2017-08-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། མང་མཁར་བློ་ཕུན།
         སྤྱི་ཟླ༡༡པའི་ཚེས༡ཉིན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ཚོགས་འདུ་ཐེངས་བཅུ་གཅིག་པ་ཡོངས་སུ་མཇུག་སྒྲིལ། དེར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ཚོགས་འདུར་བཏོན་པའི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་གཏན་ཁེལ་གྱི་བསམ་འཆར་ཐད་ལ་དངོས་སུ་གྲོས་མཐུན་ཐག་ཆོད་བྱུང་ཡོད་འདུག  དེ་ཡང་ལོ་རེའི་ཟླ༡༢པའི་ཚེས༤ཡི་ཉིན་མོ་འདི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོར་གཏན་ཁེལ་བྱས།

         ཆོད་དོན་གཏན་འབེབས་ནང་གསལ་འགྲེལ་བྱེད་རྒྱུར། ༡༩༨༢ལོའི་ཟླ༡༢ཚེས༤ཉིན་འཚོགས་པའི་སྐབས་ལྔ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ད་སྔར་སྤྱད་དང་སྤྱོད་མུས་ཡིན་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》གྲོས་འཆམ་གཏན་འབེབས་བྱུང་བ་དང་། ད་སྔའི་རྩ་ཁྲིམས་འདི་ནི༡༩༥༤ལོར་གཏན་འབེབས་བྱས་པའི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་རྩ་ཁྲིམས་ཐོག་མ་དེའི་རྒྱུན་འཛིན་དང་བཟོ་བཅོས་ཀྱི་འབྲས་བུ་ཡིན། ཆོད་དོན་ཚོགས་འདུར་རང་རྒྱལ་གྱི་ད་སྔའི་རྩ་ཁྲིམས་གཏན་ཁེལ་བྱུང་རྗེས་ཀྱི་ཁྱབ་བསྒྲགས་ལག་བསྟར་དུས་ཚོད་དེ་ཟླ༡༢པའི་ཚེས༤ཡི་ཉིན་མོ་འདི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོར་གཏན་འབེབས་བྱུང་བ་རེད་ཅེས་དང་རྒྱལ་ཁབ་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་རྩ་ཁྲིམས་དྲིལ་སྒྲོག་སློབ་གསོའི་ལས་འགུལ་སྤེལ་རྒྱུ་ཡིན་འདུག

         གཞན་ཡང་ཡིག་ཆའི་ནང་འཁོད་དོན་རྩ་ཁྲིམས་ནི་རྒྱལ་ཁབ་ཞིག་གི་རྨང་གཞིའི་ཁྲིམས་སམ་མ་ཁྲིམས་ཡིན་ཅིང་རྒྱལ་སྐྱོང་འབངས་བདེ་ཡོང་བའི་སྤྱིའི་སྒྲིག་སྲོལ་ཡིག་ཆ་དེ་རེད། དེ་ནི་ཁྲིམས་ཀྱི་གོ་ས་དང་ཁྲིམས་ཀྱི་དབང་གྲགས། ཁྲིམས་ཀྱི་ནུས་པ་མཐོ་ཤོས་ཀྱི་སྲོལ་ཡིག་དེ་ཡང་ཡིན་པ་རེད། ཅེས་འཁོད་འདུག  ཕྱོགས་ཡོངས་ནས་རྩ་ཁྲིམས་ནང་འཁོད་པའི་ནང་དོན་དག་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་ནི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་དང་འཕེལ་རྒྱས་ཀྱི་རྩ་བའི་ལམ་ཕྱོགས་དང་རྨང་གཞིའི་ལས་འགན་ཡང་ཡིན།  

         "སྤྱི་ཚོགས་ཀྱི་སྒྲིག་འཛུགས་དང་མི་བུ་སྒེར་སུ་ཞིག་ཡིན་རུང་རྩ་ཁྲིམས་དང་ཁྲིམས་སྲོལ་ལས་བརྒལ་ཆོག་པའི་དམིགས་བསལ་གྱི་དབང་ཆ་མེད། རྩ་ཁྲིམས་དང་ཁྲིམས་སྲོལ་ལས་བརྒལ་བའི་བྱ་ངན་མཐའ་དག་ལ་ཁྲིམས་བཞིན་འགན་འཁྲི་རྩད་གཅོད་བྱས་ཏེ་ཐག་གཅོད་ནན་མོ་འཕོག་རྒྱུ་རེད"ཆོད་དོན་གསལ་བཤད་ནང་འཁོད་པར་གཞིགས་ན་སྤྱི་ཚོགས་ཡོངས་ཀྱི་རྩ་ཁྲིམས་ཀྱི་འདུ་ཤེས་ཁྱབ་སྤེལ་དང་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ། རྩ་ཁྲིམས་ཀྱི་ལག་ལེན་འདོན་སྤེལ་གང་ལེགས་བྱས་ཏེ་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུ་ནི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རྒྱུན་ཨུ་ཚོགས་འདུ་ཐེངས་བཅུ་གཅིག་པའི་གྲོས་མཐུན་ཐག་ཆོད་ཀྱི་ནང་དོན་ཡིན་པ་རེད།

         བསྒྱུར་བཅོས་སྒོ་འབྱེད་ལག་བསྟར་བྱས་པའི་རྗེས་སུ་རང་རྒྱལ་གྱིས༡༩༨༨ལོ་དང༡༩༩༣ལོ། ༡༩༩༩ལོ། ༢༠༠༢ལོ་བཅས་ཁྱོན་ཐེངས་བཞི་ལ་ད་སྔའི་རྩ་ཁྲིམས་འདིར་བཟོ་བཅོས་བྱས་མྱོང་། གཟའ་འཁོར་སྔོན་མར་མཇུག་སྒྲིལ་བའི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་དགོངས་དོན་གསལ་བསྒྲགས་བྱས་པར་གཞིགས་ན། ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་ཐོག་མའི་ཆ་རྐྱེན་ནི་རྩ་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་དེ་ཡིན་པདང་ཁྲིམས་བཞིན་སྲིད་དབང་འཛིན་པའི་ཐོག་མའི་ཆ་རྐྱེན་ནི་རྩ་ཁྲིམས་བཞིན་སྲིད་དབང་འཛིན་རྒྱུ་དེ་ཡིན་ཅིང་དུས་ཀུན་ཏུ་རྩ་ཁྲིམས་ལག་བསྟར་དོན་འཁྱོལ་གྱི་བླང་བྱ་ལྟར་ལོ་རེའི་ཟླ༡༢པའི་ཚེས༤ཉིན་རྒྱལ་ཁབ་རྩ་ཁྲིམས་ཉིན་མོར་གཏན་འབེབས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་འདུ་ཤེས་དང་རྩ་ཁྲིམས་སློབ་གསོའི་དྲིལ་བསྒྲགས་ཁྱབ་གདལ་ཡོང་བ་བྱེད་དགོས་སྐོར་འཁོད་འདུག

     ཁ་བྱང་ཕྱི་མོ། ལོ་རེའི་ཟླ༡༢པའི་ཚེས༤ཉིན་ནི་རྒྱལ་ཡོངས་རྩ་ཁྲིམས་ཉིན་མོར་གཏན་ཁེལ་བྱས།