ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བརྡར་ཤ་གལ་ཆེན་བཞི་བཅད། ༡

སྤེལ་དུས 2018-01-04 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། ཀླུ་མོ་མཚོ།
གཅིག དུས་རབས་གསར་པ།
          【བརྡར་ཤ་གཅོད་པ】 “ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་པ་དེ་ནི་རང་རྒྱལ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་ཞིག་ཡིན”
          【གསལ་འགྲེལ】 སྙན་སྒྲོན་ནང་ཚོགས་ཆེན་བཅུ་དགུ་པ་ནི“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་འགག་རྩའི་དུས་སུ་འཚོགས་པའི་ཧ་ཅང་གལ་འགངས་ཆེ་བའི་ཚོཌ་ཆེན་ཞིག་རེད”ཅེས་མདོར་བསྡུས་ནས་བཏོན་ཡོད།
          སྙན་སྒྲོན་ནང་དུས་རབས་གསར་པ་ཞེས་པར“དུས་རབས་ལྔ”ཡི་ཐོག་ནས་མཚན་ཉིད་བཞག་པ་སྟེ།
1.སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་ཀྱིས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་མུ་མཐུད་ལེན་པའི་དུས་རབས་དང་། 
2.ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་དུས་རབས། 
3.རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་རྒྱུན་ཆད་མེད་པར་བཏོད་དེ་མི་དམངས་ཡོངས་ཐུན་མོང་ཐོག་རིམ་གྱིས་འབྱོར་ཕྱུག་ཡོང་བའི་དུས་རབས། 
4.ཀྲུང་ཧྭའི་བུ་ཕྲུག་ཚང་མས་སེམས་ནུས་གཅིག་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དུས་རབས། 
5.རང་རྒྱལ་ཉིན་བཞིན་འཛམ་གླིང་གི་གར་སྟེགས་དབུས་སུ་བསྐྱོད་དེ་མིའི་རིགས་ལ་རྒྱུན་ཆད་མེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བའི་དུས་རབས་བཅས་སོ།
          “དུས་རབས་ལྔ”འདིའི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་ཤིང་། དེའི་གནད་ཚིག་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་། དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ། ཐུན་མོང་འབྱོར་ཕྱུག མི་རིགས་བསྐྱར་དར། འཛམ་གླིང་གི་གར་སྟེགས་བཅས་སོ། གནད་ཚིག་ལྔ་ལས་གནད་དོན་དེ་འདྲ་ལྔ་ལ་ལན་བཏབ་པ་སྟེ། ང་ཚོས་ལམ་བུ་གང་ཞིག་གི་ཐོག་བསྐྱོད་དགོས་པ་དང་། ང་ཚོས་རྒྱལ་ཁབ་གང་ཞིག་འཛུགས་སྐྲུན་བྱེད་དགོས་པ། ང་ཚོས་འཕེལ་རྒྱས་ཇི་འདྲ་ཞིག་མངོན་འགྱུར་བྱེད་དགོས་པ། ང་ཚོས་དམིགས་ཚད་གང་ཞིག་སྒྲུབ་དགོས་པ། ང་ཚོས་ལེགས་སྐྱེས་གང་ཞིག་འབུལ་དགོས་པ་བཅས་སོ།
གཉིས། དགོངས་པ་གསར་པ།
          【བརྡར་ཤ་གཅོད་པ】 “དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གྲུབ་པ”
          【གསལ་འགྲེལ】 སྙན་སྒྲོན་ནང“དུས་རབས་ནི་བསམ་བློའི་འབྱུང་རྩ་དང་ལག་ལེན་ནི་རིགས་པའི་གཞུང་ལུགས་ཀྱི་འབྱུང་ས་ཡིན”“དུས་རབས་གསར་པར”བརྡར་ཤ་བཅད་པར་གཞིགས་ནས“རིགས་པའི་གཞུང་ལུགས་གསར་པ”ཡང་ཡོད་དགོས་ཞེས་བསྟན་ཡོད། འདས་ཟིན་པའི་ལོ་ལྔའི་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གྲུབ་ཀྱི་ཡོད།
          སྔར་སོང་ལ་ཕྱིར་དྲན་བྱེད་སྐབས་མར་ཁེ་སི་རིང་ལུགས་དང་ཀྲུང་གོའི་ལག་ལེན་ཟུང་འབྲེལ་བྱས་པས“མཆོང་སྐྱོད”ཐེངས་གཉིས་བྱུང་ཡོད། “མཆོང་སྐྱོད”ཐེངས་དང་པོ་ལས་མའོ་ཙེ་ཏུང་གི་དགོངས་པ་བྱུང་བ་དང་། “མཆོང་སྐྱོད”ཐེངས་གཉིས་པ་ལས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཚུད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་བྱུང་ཡོད།
          མཆོང་སྐྱོད་གཉིས་ལས་ཀྲུང་གོས་གསར་བརྗེ་བྱེད་དགོས་དོན་དང་། སུའི་ཆེད་གསར་བརྗེ་བྱེད་དགོས་པ། སུ་ལ་བརྟེན་ནས་གསར་བརྗེ་བྱེད་དགོས་པ། ཇི་ལྟར་བྱས་ནས་གསར་བརྗེ་བྱེད་དགོས་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་ལན་བཏབ་པ་མ་ཟད། གང་འདྲ་ཞིག་ལ་སྤྱི་ཚོགས་རིང་ལུགས་དང་ཇི་ལྟར་བྱས་ནས་སྤྱི་ཚོགས་རིང་ལུགས་བསྐྲུན་དགོས་པ་དང་། ཏང་གང་འདྲ་ཞིག་འཛུགས་སྐྱོང་བྱེད་དགོས་པ་དང་ཇི་ལྟར་བྱས་ནས་ཏང་འཛུགས་སྐྱོང་བྱེད་དགོས་པ། འཕེལ་རྒྱས་གང་འདྲ་ཞིག་མངོན་འགྱུར་བྱེད་དགོས་པ་དང་ཇི་ལྟར་བྱས་ནས་འཕེལ་རྒྱས་གཏོང་བ་སོགས་ཀྱི་གནད་དོན་ལའང་ལན་བཏབ་ཡོད།
          “དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ”ནི“གལ་ཆེའི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས”ཤིག་དང་། “མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས”ཤིག “ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན”ཞིག་བཅས་ཡིན་པའི་བརྡར་ཤ་བཅད་ཡོད། “དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་དང་ཇི་ལྟར་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པའི”གནད་དོན་དེར་དམིགས་ནས་གོ་རིམ་ལྡན་པའི་ངང་ལན་འདི་བཏབ་ཡོད།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་སྤྱི་ཚོགས་རིང་ལུགས་ཀྱི་ལོ་500དུས་མཚམས་དྲུག་ལ་ཕྱེ་གནང་ཡོད་པ་སྟེ། ①སྟོང་བསམ་སྤྱི་ཚོགས་རིང་ལུགས་ཐོན་པ་དང་འཕེལ་རྒྱས་བྱུང་བ་དང་། ②མར་ཁེ་སི་དང་ཨེན་ཀེ་སིས་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་བཏོད་པ། ③ལེ་ཉིང་གིས་འགོ་ཁྲིད་གནང་བའི་ཟླ་བ་བཅུ་པའི་གསར་བརྗེར་རྒྱལ་ཁ་ཐོབ་པ་དང་སྦྲགས་སྤྱི་ཚོགས་རིང་ལུགས་ལག་ལེན་བསྟར་བ། ④སུའུ་ལེན་རྣམ་པ་རིམ་གྱིས་ཆགས་པ། ⑤ཀྲུང་གོ་གསར་པ་དབུ་བརྙེས་རྗེས་རང་རེའི་ཏང་གིས་སྤྱི་ཚོགས་རིང་ལུགས་ལ་འཚོལ་ཞིབ་དང་ལག་ལེན་བསྟར་བ། ⑥རང་རེའི་ཏང་གིས་སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས་རང་བཞིན་གྱི་ཐབས་ཇུས་བཏོན་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གསར་གཏོད་དང་འཕེལ་རྒྱས་བཏང་བ་བཅས་ཡིན། དེ་ལས་ད་ཆ་ཀྲུང་གོ་འཛམ་གླིང་སྤྱི་ཚོགས་རིང་ལུགས་ལས་འགུལ་གྱི་མདུན་གྲལ་དུ་གནས་པ་དང་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཀྲུང་གོས་འཛམ་གླིང་སྤྱི་ཚོགས་རིང་ལུགས་ལས་འགུལ་གྱི་ལས་དབང་ཐག་གཅོད་ཐུབ་པས་ང་ཚོས་རིགས་པའི་གཞུང་ལུགས་ཐད་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་། ཕྱོགས་སྡོམ། གཏིང་ཟབ་བཅས་བྱ་རྒྱུར་དགོས་པ་དང་འགན་འཁྲི་ཡོད་པ་མཐོང་ཐུབ།
          ང་ཚོས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་ལོ་རྒྱུས་འཕེལ་རིམ་དང་འཛམ་གླིང་སྤྱི་ཚོགས་རིང་ལུགས་ལས་འགུལ་གྱི་ལོ་རྒྱུས་འཕེལ་རིམ་ཆ་ནས་བལྟས་ཚེ། གཞི་ནས་དགོངས་པ་གསར་པ་དེའི་དོན་སྙིང་རྟོགས་ཐུབ།