གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ཁ་པར་གྲོན་དངུལ་སྤྲད་ན་གྲོན་དངུལ་སྟེར་བའི་འཕྲིན་ཐུང་དེ་ནི་གཡོ་ཐབས་ཡིན།

སྤེལ་དུས 2018-01-22 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། སྒྲོལ་མས་བསྒྲིགས།

          “བཀུར་བར་འོས་པའི་སྐུ་མགྲོན་ལགས། ཟླ12པའི་ཚེས23ཉིན་གྱི་སྔོན་ལ་དྲ་ཚིགསwap.chongfl.comསྟེང་ནས་ཁ་པར་གྲོན་དངུལ་སྤྲད་ན།སྒོར100སྤྲད་ན་སྒོར200དང3Gཡི་རྒྱལ་ནང་གི་བཞུར་ཚད་སྟེར་བ་དང་།སྒོར200སྤྲད་ན་སྒོར500དང7Gགྱི་རྒྱལ་ནང་གི་བཞུར་ཚད་སྟེར་ངེས་ཡིན།”ཞེས་ལུགས་གསར་ལོ་གསར་གྱི་སྔོན་དུ། སྤྱི་དམངས་མང་པོ་ཞིག་ལ10086གིས་བསྐུར་ཡོང་བའི་འཕྲིན་ཐུང་དེའི་རིགས་འབྱོར་བས།མི་མང་པོ་ཞིག་གིས་སྤོ་སྒུལ་ཀུང་སིས་ལོ་མཇུག་ཏུ་སྐུ་མགྲོན་ལ་འོ་བརྒྱལ་ཞུ་བའི་བྱ་འགུལ་ཞིག་ཡིན་པར་འདོད་ཀྱིན་ཡོད་མོད།འོན་ཀྱང་དོན་དངོས་སུ་དེ་ནི་གཡོ་ཐབས་ཤིག་རེད། ད་ལྟ་དྲ་ཚིགས་རྫུན་མ་སྤྱད་དེ་བསྐུར་བའི་འཕྲིན་ཐུང་དེའི་རིགས་ནི་ཚོང་སྐུལ་བྱེད་ཐབས་ཤིག་ཏུ་གྱུར་ཡོད་ལ།དེས་སྤྱི་དམངས་ཀྱི་ཆ་འཕྲིན་ལ་གནོད་འཚེ་བཏང་བར་མ་ཟད་དྲ་ཐོག་གི་མགོ་སྐོར་དང་གཡོ་ལེན་བྱེད་ཐབས་ཤིག་ཏུའང་གྱུར་ཡོད།ལོ་རེ་རེར་སྤྱི་དམངས་མང་པོ་ཞིག་གིས་འཕྲིན་ཐུང་དེའི་སྟེང་གི་འབྲེལ་མཐུད་སྦྲེལ་རྗེས་ཆ་འཕྲིན་ཕྱི་རུ་ཤོར་བ་དང་དྲ་ཐོག་དངུལ་བྱང་སྟེང་གི་སྒོར་མོ་རྐུ་ལ་ཤོར་བ་སོགས་ཀྱི་གནས་ཚུལ་མི་ཉུང་བ་འབྱུང་གིན་ཡོད།
          2017ལོའི་ཟླ12པའི་ཚེས21ཉིན།ཚེ་དབང་རིག་འཛིན་ལ་ཀྲུང་གོའི་སྤོ་སྒུལ་ཀུང་སི་ལ་རྫུས་པའི་དྲ་ཚིགས་རྫུན་མ་ཞིག་གིས་བསྐུར་ཡོང་བའི་འཕྲིན་ཐུང་ཞིག་འབྱོར་བ་དང་།འཕྲིན་ཐུང་དེས་ཚེ་དབང་རིག་འཛིན་ལ་གྱོང་གུན་ཆེན་པོ་བཟོས།ཟི་ལིང་གྲོང་ཁྱེར་གྱི་གློག་འཕྲིན་དང་དྲ་བའི་མགོ་སྐོར་ལ་རྒོལ་བའི་ལྟེ་གནས་ཀྱིས་གཏུག་བཤེར་གྱི་ཁ་པར་འབྱོར་རྗེས།ཀྲུང་གོ་སྤོ་སྒུལ་འཕྲིན་གཏོང་ཚོགས་སྒྲིལ་མཚོ་སྔོན་ཚད་ཡོད་ཀུང་སི་དང་ཟི་ལིང་གྲོང་ཁྱེར་སྐུད་མེད་གློག་དོ་དམ་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མཉམ་སྡེབ་འོག 2017ལོའི་ཟླ12པའི་ཚེས22ཉིན་མྱུར་དུ་དྲ་ཚིགས་རྫུན་མས་བཟོས་པའི་མགོ་སྐོར་གྱི་གྱོད་དོན7རྩད་བཅད་པ་དང་།དོགས་ཅན་མི་སྣ1དང་དྲ་ཚིགས་རྫུན་མའི་སྒྲིག་ཆས་ཆ་གཅིག་བླངས་ཏེ།མང་ཚོགས་ཀྱི་སྒོར་ཁྲི6གི་གྱོང་གུན་ཕྱིར་འཐེན་བྱས།
          གྱོད་སྒྲུབ་ཉེན་རྟོག་པས་བཤད་པ་ལྟར་ན།ད་ལྟ་དྲ་ཚིགས་རྗུན་མ་དེའི་རིགས་མང་པོ་ཡོད་ལ།མགོ་སྐོར་གཏོང་ཐབས་ལའང་རྣམ་པ་སྣ་ཚོགས་ཡོད་པས།གལ་ཏེ་སྤྱི་དམངས་རྣམས་ལ་འཕྲིན་ཐུང་དེའི་རིགས་འབྱོར་རྗེས།འཕྲིན་ཐུང་གི་ནང་དོན་ལ་ཡིད་ཆེས་མི་རུང་བ་དང་།གང་འདོད་དུ་རང་ཉིད་ཀྱི་དངུལ་ཁང་གི་རྩིས་ཐོ་དང་ཐོང་ཐང་ལག་ཁྱེར་གྱི་ཨང་གྲངས་སོགས་ནང་འཇུག་བྱ་མི་རུང་བར་མ་ཟད།གཉེར་སྐྱོང་ཚོང་པར་ཁ་པར་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཞུ་གཏུག་བྱེད་དགོས།
ཉེན་རྟོག་པའི་དྲན་སྐུལ།
          ཉེ་བའི་ལོ་འདི་འགར།རང་ཞིང་གི་ཉེན་རྟོག་པས་གློག་འཕྲིན་མགོ་སྐོར་གྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་གཏོང་ཚད་ཇེ་ཆེར་བཏང་མོད།འོན་ཀྱང་གློག་འཕྲིན་མགོ་སྐོར་གཏན་འགོག་བྱ་དགོས་ན།ཉེན་རྟོག་པས་ཧུར་བརྩོན་བྱེད་དགོས་པ་ལས་གཞན་ད་རུང་།མི་རང་ཉིད་ཀྱིས་དོགས་ཟོན་ལེགས་པོ་བྱེད་དགོས། དེའི་རྐྱེན་གྱིས་ཉེན་རྟོག་པས་དྲན་སྐུལ་བྱེད་ཀྱིན་ཡོད་པ་སྟེ།གལ་ཏེ་ཁྱེད་ལ“དངུལ་བྱང་གི་གསང་གྲངས་རིམ་པ་སྤར་དགོས་པ”དང“གསོག་སྐར་གྲོན་དངུལ་ལ་བརྗེ་བ”“བྱ་དགའ་ཐོབ་པ”“སྒོར་མོ་བསྐུར་དགོས་པ”སོགས་ཀྱི་འཕྲིན་ཐུང་འབྱོར་སྐབས།ངེས་པར་དོགས་ཟོན་བྱེད་དགོས་པ་ལས།འཕྲིན་ཐུང་སྟེང་གི་དྲ་བའི་སྦྲེལ་མཐུད་སོགས་གང་འདོད་དུ་སྦྲེལ་མི་རུང་ལ།སྒོར་མོ་དེ་བས་ཀྱང་བསྐུར་མི་རུང་།
          སྤྱི་དམངས་རྣམས་ཀྱིས་གལ་ཏེ་འཕྲིན་གཏོང་བྱེད་སྒོ་བསྒྲུབ་དགོས་ན།ངེས་པར་དཔོན་ཕྱོགས་དྲ་ཚིགས་སྟེང་ནས་བསྒྲུབ་དགོས་པ་སྟེ།མཉམ་འབྲེལ་ཀུང་སིའི་ལས་གཉེར་ཚོམས་ཆེན་གྱི་དྲ་ཚིགས་ནི་www.10010.comདང་།གློག་འཕྲིན་ཀུང་སིའི་ཚོང་གཉེར་ཚོམས་ཆེན་གྱི་དྲ་ཚིགས་ནིwww.189.cn།སྤོ་སྒུལ་ཀུང་སིའི་ཚོང་གཉེར་ཚོམས་ཆེན་གྱི་དྲ་ཚིགས་ནི་www.10086.cnབཅས་ཡིན།   །