ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

འགྲིམ་འགྲུལ་ཁྲིམས་འགལ་བྱས་ཚེ་མིང་ཐོ་ནག་པོའི་ནང་འཇུག་རྒྱུ།

སྤེལ་དུས 2018-01-23 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། རྡོ་རྗེས་བསྒྲིགས།

          ༢༠༡༧ལོར་ལྷ་ས་གྲོང་ཁྱེར་གྱིས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་༣༣༢༢༡༥བཅོས་སྒྲིག་བྱས་པ་དང་། ས་གནས་རང་དུ་ཁྲིམས་འགལ་བྱེད་སྤྱོད་༩༦༢༠༢བཅོས་སྒྲིག་བྱས་པ། ཞིབ་བཤེར་ས་ཚིགས་མ་ཡིན་པའི་ས་ཆ་གཞན་དུ་ཁྲིམས་འགལ་བྱེད་སྤྱོད་༢༣༦༠༡༣བཅོས་སྒྲིག་བྱས་པ། འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་༣༠༥༥༢༦ཐག་གཅོད་བྱས་པ། མི་༡༨༣སྲིད་འཛིན་བཀག་ཉར་བྱས་པ་ལས་མི་༡༣༩ནི་ལག་ཁྱེར་མེད་པར་རླངས་འཁོར་གཏོང་མཁན་ཡིན་པ་རེད། ན་ནིང་ལྷ་ས་གྲོང་ཁྱེར་གྱིས་ཆང་འཐུང་སྟེ་འཁོར་གཏོང་གི་གྱོད་གཞི་༣༡༣ཞིབ་བཤེར་རྩད་ཆོད་བྱས་པ་ལས་ཆང་འཐུང་འཁོར་གཏོང་༢༢༢དང་། ར་བཟི་འཁོར་གཏོང་༧༠ཁྲག་རྒྱུན་ཞིབ་བཤེར་བྱས་པ་ལས་ཞིབ་བཤེར་མ་ཐུབ་པ་༢༡ཡོད་པ་རེད། ༢༠༡༧ལོར་འགྲུལ་སྐྱེལ་རླངས་འཁོར་གྱི་ཁྲིམས་འགལ་བྱེད་སྤྱོད་༥༠༢༦༢ཤེས་རྟོགས་ཐུབ་པ་ལས་བོགས་གཏོང་རླངས་འཁོར་གྱི་ཁྲིམས་འགལ་བྱེད་སྤྱོད་༡༤༤༠༠དང་། ཡུལ་སྐོར་རླངས་འཁོར་གྱི་ཁྲིམས་འགལ་བྱེད་སྤྱོད་༣༢༤༠༠སྤྱི་སྤྱོད་རླངས་འཁོར་གྱི་ཁྲིམས་འགལ་བྱེད་སྤྱོད་༤༦༢དུས་གཏན་འགྲུལ་སྐྱེལ་རླངས་འཁོར་གྱི་ཁྲིམས་འགལ་བྱེད་སྤྱོད་༣༠༠༠བཅས་ཡོད་པ་རེད།

          གོམ་སྟབས་རྗེས་མར་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་སྐྱེལ་འདྲེན་སྡེ་ཚན་དང་མཉམ་དུ་མིང་ཐོ་ནག་པོའི་ལམ་སྲོལ་འཛུགས་རྒྱུ་དཔེར་ན། ཟོག་འདྲེན་འཁོར་རིགས་ཀྱི་ཁ་ལོ་བས་ཟོག་འདྲེན་རླངས་འཁོར་གཏོང་རིང་ར་བཟི་འཁོར་གཏོང་སོགས་ཁྲིམས་འགལ་གནས་ཚུལ་ཐོན་ཚེ་ཁྲིམས་ལྟར་དེའི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན་པ་མ་ཟད། ད་དུང་མིང་ཐོ་ནག་པོའི་ནང་འཇུག་རྒྱུ་དང་གཏན་འབེབས་ཀྱི་ལོ་ཚད་ནང་ཟོག་འདྲེན་རླངས་འཁོར་གཏོང་མི་ཆོག་པ་དང་ཆབས་ཅིག མིང་ཐོ་ནག་པོའི་ལམ་སྲོལ་རྒྱལ་ཡོངས་ཀྱི་དྲ་བ་དང་སྦྲེལ་ནས་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བས་ར་བཟི་འཁོར་གཏོང་གི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཐོན་ཚེ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་གཞན་དུའང་ཟོག་འདྲེན་རླངས་འཁོར་གཏོང་ཆོག་གི་མེད།