ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ཆང་བཏུང་ནས་རླངས་འཁོར་གཏོང་རིགས་ཀྱིས་ངེས་པར་དུ་ཤེས་དགོས་པ་འགའ།

སྤེལ་དུས 2018-02-13 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
              གནམ་ལོ་གསར་ཚེས་འཆར་ལ་ཉེ་བ་དང་བསྟུན་ནས། གྲོགས་པོ་གཉེན་ཉེ་ལྷན་འཛོམས་ཐོག་ཆང་རག་འཐུང་བའི་དུས་ཚོད་མང་ལ། ཆང་བཏུང་ནས་རླངས་འཁོར་གཏོང་བའང་མང་དུ་འགྲོ་བས། གལ་སྲིད་རླངས་འཁོར་གྱི་དོན་རྐྱེན་བྱུང་ན། མཇུག་འབྲས་ཚབས་ཆེན་རེད། བསྡོམས་རྩིས་བྱས་པ་ལྟར་ན། ཟླ་འདིར་རྒྱལ་ཡོངས་སུ་ཆང་བཏུང་ནས་རླངས་འཁོར་བཏང་རིགས་བསྟུད་མར་བྱུང་སྟེ་ཐེངས་གཅིག་ལ་མི་5ཡན་གྲོངས་པའི་དོན་རྐྱེན་ཚབས་ཆེན་བྱུང་ཡོད་ཅིང་། ཉེ་དུས་ཟླ་བ་གཉིས་རིང་ལ། རྒྱལ་ཡོངས་སུ་ཆང་བཏུང་ནས་རླངས་འཁོར་གཏོང་བའི་དོན་རྐྱེན་ཐེངས302བྱུང་ཡོད་པ་དང་། མི་གྲངས104གྲོངས་ཡོད་པ། མི་གྲངས268རྨས་སྐྱོན་ཕོག་ཡོད་པ་རེད།
              ཉེ་སྔོན། སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུད་ཀྱིས་རྒྱལ་ཡོངས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ཏེ་གནམ་ལོ་གསར་ཚེས་ཀྱི་སྔ་གཞུག་ཏུ་རྒྱལ་ཡོངས་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་གནས་བབ་སྐོར་དབྱེ་ཞིབ་ཞིབ་འཇུག་བྱས་ནས་ལོ་འདིར་འགྲིམ་འགྲུལ་བདེ་འཇགས་ངང་མཇུག་བསྒྲིལ་གྱི་འབད་འཐབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་འགྲིམ་འགྲུལ་དོན་ཆེན་ཚབས་ཆེན་མི་འབྱུང་བའི་བཀོད་སྒྲིག་བྱས་པར་མ་ཟད། ཉིན་དེ་ནས་བཟུང་བཅོས་སྐྱོང་གི་ལས་འགུལ་སྤེལ་ཏེ་ཆང་བཏུང་ནས་རླངས་འཁོར་གཏོང་རིགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ཚ་ནན་བྱ་རྒྱུ་རེད།
              ཆང་བཏུང་ནས་རླངས་འཁོར་གཏོང་བ་ཞེས་པ་ཅི་ཞིག་ཡིན་ནམ།
              ཆང་བཏུང་ནས་རླངས་འཁོར་གཏོང་བ་དང་ར་ཟི་ནས་རླངས་འཁོར་གཏོང་བ་ནི་ཁ་ལོ་བའི་ཁྲག་རྒྱུན་དང་དབུགས་འབྱིན་རྔུབ་ཀྱི་ཚད་ལ་གཞིགས་ནས་ཆང་གི་ཉིང་ཁུ་འདུས་ཚད་བརྟག་པ་རེད།
              ཆང་བཏུང་ནས་རླངས་འཁོར་གཏོང་བའི་ཆ་རྐྱེན་ནི། 20mg/100ml≤ཁྲག་རྒྱུན་ཁྲོད་ཆང་གི་ཉིང་ཁུ་འདུས་ཚད<80mg/100mlཡིན་དགོས་པ།
              ར་ཟི་ནས་རླངས་འཁོར་གཏོང་བའི་ཆ་རྐྱེན་ནི། ཁྲག་རྒྱུན་ཁྲོད་ཆང་གི་ཉིང་ཁུ་འདུས་ཚད་≥80mg/100mlཡིན་དགོས་པ།
【གསལ་བརྡ།】 སྤྱིར་ན། སྦི་རག350mlཙམ་འཐུང་རྗེས། ཁྲག་རྒྱུན་ཁྲོད་ཆང་གི་ཉིང་ཁུ་འདུས་ཚད20mg/100mlཙམ་ཡིན་པས། ར་ཟི་ནས་རླངས་འཁོར་བཏང་བའི་ཚད་དུ་སླེབས་ཡོད་པ་རེད། 
              ཆང་བཏུང་ནས་རླངས་འཁོར་བཏང་བའི་མཇུག་འབྲས་ཚབས་ཆེན་ཡིན་ལ། དེ་དག་ལ་ཆད་པ་གང་དག་ཡོད་དམ།
              ༡ ཆང་བཏུང་རྗེས་འཕྲུལ་སྒུལ་འཁོར་ལོ་གཏོང་བ།
              ཆད་པ་གཅོད་ཐབས་ནི་འཁོར་གཏོང་དཔང་ཡིག་ཟླ་དྲུག་རིང་བཀག་ཉར་བྱེད་པ་དང་། སྒོར1000ཡན་ནས་སྒོར2000མན་གྱི་ཆད་པ་གཅོད་པ།
              ༢ ར་ཟི་རྗེས་འཕྲུལ་སྒུལ་འཁོར་ལོ་གཏོང་བ།
              ཆད་པ་གཅོད་ཐབས་ནི་སྤྱི་བདེ་སྡེ་ཁག་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཚོད་འཛིན་བྱས་ཏེ་ར་ཟི་བ་དྭངས་པར་བྱེད་པ་དང་། འཁོར་གཏོང་དཔང་ཡིག་མེད་པར་བཟོ་བ། ཁྲིམས་ལྟར་ཉེས་འགན་རྩད་གཅོད་བྱེད་པ། ལོ5རིང་ཡང་བསྐྱར་འཁོར་གཏོང་དཔང་ཡིག་བླངས་མི་ཆོག་པ།
              ༣ ཆང་བཏུང་རྗེས་སྐྱེལ་འདྲེན་འཕྲུལ་སྒུལ་འཁོར་ལོ་གཏོང་བ།
              ཆད་པ་གཅོད་ཐབས་ནི་ཉིན་15རིང་བཀག་ཉར་བྱེད་པ་དང་། ཆད་པ་སྒོར5000གཅོད་རྒྱུ། འཁོར་གཏོང་དཔང་ཡིག་མེད་པར་བཟོ་བ། ལོ5རིང་ལ་ཡང་བསྐྱར་འཁོར་གཏོང་དཔང་ཡིག་བླངས་མི་ཆོག་པ།
              ༤ ར་ཟི་རྗེས་སྐྱེལ་འདྲེན་འཕྲུལ་སྒུལ་འཁོར་ལོ་གཏོང་བ།
              ཆད་པ་གཅོད་ཐབས་ནི་སྤྱི་བདེ་སྡེ་ཁག་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཚོད་འཛིན་བྱས་ཏེ་ར་ཟི་བ་དྭངས་པར་བྱེད་པ་དང་། འཁོར་གཏོང་དཔང་ཡིག་མེད་པར་བཟོ་བ། ཁྲིམས་ལྟར་ཉེས་འགན་རྩད་གཅོད་བྱེད་པ། ལོ་10རིང་ལ་ཡང་བསྐྱར་འཁོར་གཏོང་དཔང་ཡིག་བླངས་མི་ཆོག་པ། (ཡང་བསྐྱར་འཁོར་གཏོང་དཔང་ཡིག་བླངས་རྗེས་སྐྱེལ་འདྲེན་འཕྲུལ་སྒུལ་འཁོར་ལོ་བཏང་མི་ཆོག་པ།)
              ༥ ཆང་བཏུང་རྗེས་སམ་ར་ཟི་བའི་རྗེས་འཕྲུལ་སྒུལ་འཁོར་ལོ་བཏང་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་ན་ནག་ཉེས་བཟོས་པར་གྱུར་པ།
              ཆད་པ་གཅོད་ཐབས་ནི་ཁྲིམས་ལྟར་ཉེས་འགན་རྩད་གཅོད་བྱེད་པ་དང་། སྤྱི་བདེ་སྡེ་ཁག་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འཁོར་གཏོང་དཔང་ཡིག་མེད་པར་བཟོ་བ། ཚེ་གང་རིང་འཁོར་གཏོང་དཔང་ཡིག་བླངས་མི་ཆོག་པ།
【ཡིད་འཇོག་གནང་བྱ།】 གཤམ་གསལ་དོན་དག་ཚང་མ་ཆང་བཏུང་ནས་རླངས་འཁོར་བཏང་བའི་ཚུལ་རེད།
              ནོར་འཛོལ་འབྱུང་གཞི་དང་པོ། ཆང་མང་པོ་འཐུང་ཐུབ་ཀྱི་ཡོད་པས། ཉུང་ཙམ་བཏུང་ན་སྐྱོན་མེད་སྙམ་པ།
              ཆང་བཏུང་ནས་རླངས་འཁོར་གཏོང་བའི་ཚད་གཞི་དང་ཆང་མང་པོ་འཐུང་ཐུབ་མིན་བར་ལ་འབྲེལ་བ་གང་ཡང་མེད་ལ། གཙོ་བོ་ནི་ཁྲག་རྒྱུན་ཁྲོད་དུ་ཆང་གི་ཉིང་ཁུ་འདུས་ཚད་དེ་ཚད་གཞི་ལས་བརྒལ་མ་བརྒལ་ལྟ་དགོས་པ་རེད།
              ནོར་འཛོལ་འབྱུང་གཞི་གཉིས་པ། ཆང་བཏུང་རྗེས་རླངས་འཁོར་གནས་སྤོ་བ་ནི་ཆང་བཏུང་ནས་རླངས་འཁོར་གཏོང་བ་མིན་པ།
              རླངས་འཁོར་སྒུལ་བྱེད་སྐོར་བ་མ་ཟད་གནས་སྤོ་བ་ནི་ཁ་ལོ་བས་རླངས་འཁོར་གཏོང་བཞིན་ཡོད་པ་རེད། ཆང་བཏུང་རྗེས་རླངས་འཁོར་བཏང་ནས་མྱུར་ཚད་དལ་ཡང་། ཁ་ལོ་བའི་ཚོད་འཛིན་ནུས་པ་དང་ཚོར་ནུས་ཀྱི་ཚད་རིམ་ཇེ་ཞན་དུ་སོང་ཡོད་སྟབས། དོན་རྐྱེན་འབྱུང་སླ་བས། ཉེན་ཡོད་རླངས་འཁོར་གཏོང་བ་ཞེས་པའི་ཆད་པ་ཡོད།
              ནོར་འཛོལ་འབྱུང་གཞི་གསུམ་པ། སྡེ་ཁུལ་དུ་ཆང་བཏུང་ནས་རླངས་འཁོར་བཏང་ན་སྐྱོན་མེད་པ།
              སྡེ་ཁུལ་དང་ལམ་འགྲམ་སོགས་སུ་ཆང་བཏུང་ནས་རླངས་འཁོར་བཏང་ནའང་། འབྲེལ་ཡོད་གཏན་འབེབས་ཀྱི་སྒྲིག་སྲོལ་བཞིན་ཐག་གཅོད་བྱེད་པ།
              ནོར་འཛུལ་འབྱུང་གཞི་ཁུལ་བཞི་པ། ཆང་བཏུང་ནས་སྦག་སྦག་བཏང་ན་ཆང་བཏུང་ནས་རླངས་འཁོར་གཏོང་བ་མིན་པ།
              འཁོར་གཉིས་དང་འཁོར་གསུམ་སྦག་སྦག་ཚང་མ་འཕྲུལ་སྒུལ་འཁོར་ལོ་ཡིན་ལ། རླངས་འཁོར་དང་གཅིག་པ་རེད། ཆང་བཏུང་རྗེས་སྦག་སྦག་བཏང་ནའང་ཉེས་ཆད་གཅིག་མཚུངས་གཅོད་དགོས།
              ནོར་འཛོལ་འབྱུང་གཞི་ལྔ་པ། ཆང་བཏུང་ཁ་ལོ་བའི་རླངས་འཁོར་ལ་བསྡད་ན་དོན་རྐྱེན་བྱུང་རྗེས་འགན་མེད་པ།
              མི་འགའ་ཞིག་གི་བསམ་པར་ཆང་བཏུང་ཁ་ལོ་བའི་རླངས་འཁོར་ལ་བསྡད་ན་དོན་རྐྱེན་བྱུང་རྗེས། ཆང་བཏུང་རླངས་འཁོར་གཏོང་མཁན་ཁ་ལོ་བར་འགན་ཁུར་ཡོད་པ་ལས། དེར་སྡོད་མཁན་ལ་འགན་མེད་པར་འདོད་པ་རེད། བསམ་ཚུལ་འདི་ནི་ནོར་འཁྲུལ་རེད། རང་ཉིད"ཆང་བཏུང་ནས་རླངས་འཁོར་གཏོང་བ"དང་རིང་དུ་གྱེས་དགོས་པ་དུས་མཚུངས་སུ། མི་གཞན་པས་ཆང་བཏུང་ནས་རླངས་འཁོར་གཏོང་རིགས་ལའང་དུས་ཐོག་ཏུ་ཁ་ཏ་བསླབ་བྱ་བྱེད་དགོས་པར་མ་ཟད། ཆང་བཏུང་ནས་རླངས་འཁོར་གཏོང་མཁན་གྱི་རླངས་འཁོར་དུ་ཞུགས་མི་རུང་།
              ནོར་འཛོལ་འབྱུང་གཞི་དྲུག་པ། ཟ་མའི་སྔོན་ལ་ཆང་བཏུང་བ་དང་ཉིན་སྔ་མར་ཆང་བཏུང་བའི་སྐོར་ནི་ཆང་བཏུང་ནས་རླངས་འཁོར་གཏོང་བར་མི་གཏོགས་པ།
              ཆང་བཏུང་ནས་རླངས་འཁོར་གཏོང་བ་ནི་ཆང་བཏུང་རྗེས་ཀྱི་དུས་ཡུན་རིང་མིན་གྱི་ཚད་གཞིར་འཇོག་པ་མིན་ལ། དེ་ནི་ཁྲག་རྒྱུན་ཁྲོད་དུ་ཆང་གི་ཉིང་ཁུ་འདུས་ཚད་ཚད་ལེན་ཚོད་ལྟ་བྱས་པའི་མཇུག་འབྲས་ཚད་གཞིར་འཛིན་པ་ཡིན། གལ་སྲིད། ཁྲག་རྒྱུན་ཁྲོད་དུ་ཆང་གི་ཉིང་ཁུ་འདུས་ཚད་དེ་ཚད་གཞི་ལས་བརྒལ་ན། ད་དུང་ཆང་བཏུང་ནས་རླངས་འཁོར་གཏོང་བའམ་ར་བཟི་རྗེས་རླངས་འཁོར་གཏོང་བར་གཏོགས་པ་རེད།
              ནོར་འཛོལ་འབྱུང་གཞི་བདུན་པ། ཆང་བཏུང་རྗེས་ཆུ་མང་པོ་བཏུང་ན་ཆང་གི་ཉིང་ཁུ་འདུས་ཚད་ཉུང་དུ་འགྲོ་བར་བྱེད་ཐུབ་པ།
              བྱེད་ཐབས་འདིས་གོ་མི་ཆོད་དེ། འགྲིམ་འགྲུལ་ཉེན་རྟོག་པས་ཆང་གི་ཉིང་ཁུ་ཚད་ལེན་ལྟ་ཞིབ་བྱེད་པ་དེ་ནི་གློ་བ་ལས་ཐོན་པའི་ཁ་རླུང་ཡིན་པ་ལས་ཁའི་ནང་ནས་བྱུང་བ་མ་ཡིན། ཆུ་མང་པོ་ཞིག་བཏུངས་ནའང་ཉུང་དུ་འགྲོ་བ་མ་ཡིན།