ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ནར་མ་སོན་པའི་མིའི་བཅའ་ཁྲིམས་རྒྱུན་ཤེས།

སྤེལ་དུས 2018-03-07 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
༡. བཅའ་ཁྲིམས་ལས་གཏན་འབེབས་ལྟར་ན་ཕ་མའམ་ལྟ་སྐྱོང་བས་ནར་མ་སོན་པའི་མིར་སློབ་གསོ་བཏང་ནས་སྤྱོད་ངན་གང་དག་མི་བཟོ་བར་གཏན་འགོག་བྱ་དགོས།
༡. སློབ་བྱོལ་དང་མཚན་མོར་ཁྱིམ་དུ་མི་ལོག་པ།
༢.གྲི་སོགས་མཚོན་ཆ་འཛིན་པ།
༣.རྡུང་རེས་རྒྱག་པ་དང་མི་གཞན་ལ་དམའ་འབེབས་བྱེད་པ།
༤.བཙན་ཤེད་ཀྱིས་གཞན་གྱི་རྒྱུ་ནོར་ལེན་པ།
༥.རྐུ་འཕྲོག་བྱེད་པ་དང་བསམ་བཞིན་དུ་གཞན་གྱི་རྒྱུ་ནོར་ལ་གནོད་འཚེ་གཏོང་བ།
༦.རྒྱན་ལྐུགས་ལ་ཞུགས་པའམ་རྒྱན་ལྐུགས་ཀྱི་ལས་ལ་ཕྱོགས་པ།
༧.ཆགས་སྤྱོད་འདོད་སྲེད་ཀྱི་སྒྲ་གཟུགས་ལ་ཉན་པ་དང་ལྟ་བ། དེའི་སྐོར་གྱི་དཔེ་ཆ་ཀློག་པ།
༨.བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་ནར་མ་སོན་པའི་མི་འགྲོ་མི་ཆོག་པའི་ཚོང་གཉེར་རང་བཞིན་གྱི་གླུ་གར་ཁང་སོགས་སུ་འགྲོ་བ།
༩.དེ་ལས་གཞན་པའི་སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་རྒྱབ་འགལ་བྱས་པའི་བྱ་སྤྱོད་ཚབས་ཆེན།
༢.ཕ་མས་གང་འདོད་ལྟར་བུ་ཕྲུག་གི་ཉིན་ཐོ་ལ་བལྟས་ཆོག་གམ།
          ནར་མ་སོན་པའི་མིར་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལས་གཏན་འབེབས་བྱས་པ་ལྟར་ན། ནར་མ་སོན་པའི་མིའི་འཕྲིན་ཡིག་དང་ཉིན་ཐོ། གློག་རྡུལ་ཡིག་ཟམ་སོགས་རྩ་འཛུགས་དང་མི་སྒེར་གང་གིས་ཀྱང་ལྐོག་ཏུ་མེད་པར་གཏོང་མི་རུང་། དེ་མིན་ནག་ཉེས་སུ་གྲུབ་པ་དེ་སྤྱི་བདེ་ལས་ཁུངས་སམ་མི་དམངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་གཏན་འབེབས་ཀྱི་འགྲོ་ལུགས་ལྟར་ཞིབ་བཤེར་བྱེད་པའམ་ཡང་ན་ནུས་པ་ཞན་པའི་ནར་མ་སོན་པའི་མིའི་འཕྲིན་ཡིག་ལ་ཕ་མ་དང་གཞན་པའི་ལྟ་སྐྱོང་བས་ཁོའི་ཚབ་དུ་ཁ་འབྱེད་པ་ལས་རྩ་འཛུགས་དང་མི་སྒེར་སུས་ཀྱང་གཤག་ནས་བལྟས་མི་ཆོག
༣ . རྒྱུགས་འབྲས་ཞན་ཚེ། དགེ་རྒན་གྱིས་སློབ་མ་སློབ་ཁང་ལས་ཕྱིར་ཕུད་གཏོང་བའི་བྱ་སྤྱོད་འགྲིག་གམ།
          ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། སློབ་གྲྭ་དང་བྱིས་སྐྱོང་ཁང་། བྱིས་གཉོར་ཁང་སོགས་ཀྱི་དགེ་རྒན་དང་ལས་བཟོ་བས་ངེས་པར་དུ་ནར་མ་སོན་པའི་མིའི་མི་གཞི་ལ་སྲུང་སྐྱོབ་བྱེད་པ་ལས། ནར་མ་སོན་པའི་མིའི་ལུས་པོར་ཆད་གཅོད་ལག་བསྟར་བྱེད་པ་དང་རྣམ་པ་གཞན་གྱི་ཁྲིམས་ཆད། ཡང་ན་གཞན་པའི་མི་གཞི་ལ་དམའ་འབེབས་བྱེད་པའི་བྱ་སྤྱོད་ཀྱི་རིགས་སྤེལ་མི་རུང་། དགེ་རྒན་གྱིས་སློབ་མ་སློབ་ཁང་ནས་ཕྱིར་ཕུད་གཏོང་བ་ནི་རྣམ་པ་འགྱུར་བའི་ལུས་ཆད་ལ་གཏོགས་པས། བྱ་སྤྱོད་དེའི་རིགས་ནི་ཡང་དག་མིན།
༤. ཕ་མར་རང་ཉིད་ཀྱི་བྱིས་པར་གང་འདོད་དུ་གཅར་རྡུང་བྱེད་པའི་དབང་ཆ་ཡོད་དམ།
          ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བའི་གཏན་འབེབས་ལྟར་ན། ཕ་མ་དང་ཡང་ན་གཞན་པའི་ལྟ་སྐྱོང་བས་ངེས་པར་དུ་ཁྱིམ་ཚང་འཆམ་མཐུན་གྱི་ཁོར་ཡུག་ལེགས་པོ་བསྐྲུན་ནས། བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ནར་མ་སོན་པའི་མི་ལ་ལྟ་སྐྱོང་དང་གཉོར་སྐྱོང་གི་འོས་འགན་སྒྲུབ་དགོས། ནར་མ་སོན་པའི་མིར་ཁྱིམ་ཚང་གི་གཏུམ་སྤྱོད་དང་བརྙས་བཅོས་གཏོང་བ་གཏན་འགོག་དང་། ནར་མ་སོན་པའི་མི་གཉོར་སྐྱོང་མི་བྱ་བ་དང་ཁྱེའུ་དམར་རྗེན་ཕྱིར་གཡུག་པ། དེ་མིན་ཁྱེའུ་དམར་རྗེན་ལ་གནོད་སྐྱོན་བཟོ་བ་སོགས་ཀྱི་བྱ་སྤྱོད་གཏན་འགོག་བྱ་དགོས།