ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་སློབ་གསོ་མྱང་བའི་ཁེ་དབང་ཡོད་དམ།

སྤེལ་དུས 2018-04-02 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། རམས་ཚེ་བྷོ།
གྱོད་དཔེ།
             ལོ་ཉེར་གསུམ་ལ་སོན་པའི་ལྷ་མོ་ནི་བྲག་དཀར་རྫོང་གི་སྡེ་བ་ག་གེ་མོའི་གཉེན་སྒྲིག་ཟིན་པའི་བུད་མེད་ཅིག་ཡིན། ཁོ་མོར་སྔོན་ཆད་སློབ་སྦྱོང་བྱེད་པའི་འདུན་པ་ཤིན་ཏུ་ཆེ་མོད། ཁྱིམ་ཚང་དབུལ་བོ་ཡིན་པས་སློབ་གྲྭ་འགྲོ་མ་ཐུབ་པར་ཁྱིམ་ལས་གཉེར། རྗེས་སུ་གཉེན་སྒྲིག་བྱས་ཏེ་བྱིས་པ་བཙས་པ་མ་ཟད། ད་ལྟ་ཁོ་མོའི་བྱིས་པས་སློབ་ཆུང་འདོན་བཞིན་ཡོད། ཁོ་མོས་ཁྱིམ་ལས་ཀྱི་ཞོར་དུ་སློབ་སྦྱོང་ལ་ཧུར་བརྩོན་བྱས་ཏེ་སྤྱི་ཚོགས་སྟེང་གི་དར་མའི་མཐོ་རྒྱུགས་སྤྲད་པས་ཞིང་ཆེན་གྱི་དར་མའི་སློབ་ཆེན་ཞིག་ལ་རྒྱུགས་འཕྲོད་སོང་། ཁོ་མོ་དགའ་སྤྲོའི་ངང་སློབ་གྲྭ་འགྲོ་བར་གྲ་སྒྲིག་བྱེད་སྐབས། ཁོ་མོའི་ཁྱོ་གས་སློབ་བསྡུ་བརྡ་ཐོ་སོགས་འབྲེལ་ཡོད་དཔང་ཡིག་རྣམས་སྦས་སྐུང་བྱས་ཏེ་ཁོ་མོ་སློབ་གྲྭ་འགྲོ་རུ་མ་བཅུག རྒྱུ་མཚན་ནི། ཁོ་མོ་གཉེན་སྒྲིག་ཟིན་པས་ཁྱིམ་ལས་གཉེར་ནས་བྱིས་པ་སྐྱོང་བ་ལས་སློབ་གྲྭར་འགྲོ་མི་ཆོག་ཟེར། བཅའ་ཁྲིམས་ཁྲོད་ནས་བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་སློབ་གསོ་མྱང་བའི་ཁེ་དབང་ཡོད་དམ།
ཁྲིམས་བཤད།
               《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་བཞི་བ་ལས་བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་སློབ་གསོ་མྱང་བའི་ཁེ་དབང་ཡོད་ཅེས་གཏན་ཁེལ་བྱས་ཡོད་ལ། རང་རྒྱལ་གྱི་སྤྱི་དམངས་ལ་སྐྱེས་པ་ཕོ་མོའི་དབྱེ་བ་མེད་པར་འདྲ་མཉམ་སྒོས་སློབ་གསོ་མྱང་བའི་དབང་ཆ་ཡོད། བུད་མེད་ཀྱི་སློབ་གསོ་མྱང་བའི་དབང་ཆ་འཕྲོག་མི་ཆོག་པ་དང་ལྷན་དུ་བུད་མེད་ལ་རིག་གནས་བྱ་འགུལ་ཐད་ལའང་སྐྱེས་པ་དང་འདྲ་མཉམ་གྱིས་ཞུགས་པའི་དབང་ཆ་ཡོད་ལ། ཚན་རིག་ཞིབ་འཇུག་དང་རིག་རྩལ་གསར་རྩོམ། དེ་མིན་གཞན་པའི་རིག་གནས་བྱ་འགུལ་སྤེལ་སྐབས། བུད་མེད་དང་སྐྱེས་པར་ཆ་རྐྱེན་འདྲ་མཉམ་གྱི་གོ་སྐབས་ཐོབ་དགོས་པ་ལས་བུད་མེད་ལ་མཐོང་ཆུང་བྱ་མི་རུང་བར། ཆ་རྐྱེན་དང་ཚད་གཞི་འོས་འཚམས་ཀྱིས་ཇེ་མཐོར་གཏོང་མི་རུང་། རང་རྒྱལ་གྱི《གཉེན་སྒྲིག་བཅའ་ཁྲིམས》སོགས་སུ་ཕོ་མོ་འདྲ་མཉམ་ཡིན་པ་བསྟན་ཡོད་ཅིང་། འདྲ་མཉམ་ཞེས་པ་གཙོ་བོ་ཕོ་མོ་གང་ཞིག་ཡིན་རུང་། དེར་འདྲ་མཉམ་གྱི་ཁེ་དབང་ཡོད་ཅིང་འདྲ་མཉམ་གྱི་འོས་འགན་ཡོད་པས། ཕོ་མཆོག་མོ་དམན་གྱི་ལྟ་སྤྱོད་གང་ཡང་ཡོད་མི་ཆོག་པ་གཏན་ཁེལ་བྱས་ཡོད།