ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ཕ་མར་ནར་མ་སོན་པའི་བྱིས་པ་གསོ་སྐྱོང་བྱེད་པའི་འོས་འགན་ཡོད་དམ།

སྤེལ་དུས 2018-05-04 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། རམས་ཚེ་བྷོ།

གྱོད་དཔེ།
               ངའི་མིང་ལ་མཚོ་སྐྱིད་ཟེར་ཞིང་ད་ལོར་ལོ་བདུན་ཡིན། གཡུ་ལུང་སྡེ་བའི་རུ་ཁག་གསུམ་པའི་མི་ཡིན། ང་རང་ཆུང་དུས་ནས་བཟུང་ཨ་མྱེས་ཀྱིས་གཉོར་སྐྱོང་གང་ལེགས་བྱས་ཏེ་ལོ་ལྔར་སོན་པའི་དུས་སུ། ཨ་མས་བདག་གི་ཨ་ཕ་དང་ངེད་མིང་སྲིང་གསུམ་བསྐྱུར་ཏེ་མི་གཞན་ལ་གཉེན་སྡེབ་བྱེད་རྩིས་བྱས་པས་ཕ་མ་གཉིས་གཉེན་འཐོར་བྱེད་དགོས་བྱུང་། ཉིས་སྟོང་གསུམ་ལོའི་ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན་ནས་བཟུང་ཨ་མ་རང་ཡུལ་དུ་སོང་ནས་ཕྱིར་མ་ལོག ཕྱིས་སུ་ཁོ་ཚོས་རྫོང་མི་དམངས་ཁྲིམས་ཁང་བརྒྱུད་ནས་བཟའ་འཐོར་ཡི་གེ་བླངས་པ་མ་ཟད། ང་རང་ཨ་མའི་གཉོར་སྐྱོང་བྱེད་དགོས་པར་ཁྲིམས་ཐག་བཅད་ཡོད་ནའང་། ཁོ་མོས་ད་རག་བར་དུ་བདག་ལ་ཁ་ཡ་མི་བྱེད་པར་མ་ཟད་ཐ་ན་ཀ་ར་རྡོག་གཅིག་ཀྱང་བྱིན་མ་མྱོང་། ད་ལོའི་ལོ་སར་གྱི་སྐབས་སུ་ཨ་མ་མི་གཞན་དང་གཉེན་སྒྲིག་བྱས་ཤིང་མི་དེ་ལ་བྱིས་པ་གཅིག་ཀྱང་ཡོད་ཟེར། ཁྲིམས་དཔོན་ལགས། བདག་ལ་མཁོ་བ་ནི་བྱམས་སྐྱོང་དང་དྲོད་ཁོལ་ཡིན་ལ། བདག་གི་རེ་སྨོན་ནི་བདེ་ཐང་གི་འཚར་ལོངས་ཡིན། ཨ་མའི་ང་རང་གསོ་སྐྱོང་བྱེད་པའི་འགན་འཁུར་དགོས་སམ།
ཁྲིམས་བཤད།
               《གཉེན་སྒྲིག་བཅའ་ཁྲིམས》ཀྱི་གཏན་ཁེལ་ལྟར་ན། ཕ་མས་བྱིས་པར་གཤམ་གསལ་གྱི་འོས་འགན་འཁུར་དགོས།
               གཅིག གསོ་སྐྱོང་དང་སློབ་གསོ་གཏོང་བའི་འོས་འགན་ཡོད། གསོ་སྐྱོང་འོས་འགན་ནི་བྱིས་པ་སྐྱེས་མ་ཐག་ནས་མགོ་བརྩམས་པ་དང་། བུ་དང་བུ་མོ་གང་ཡིན་རུང་དེ་ཚོ་གསོ་སྐྱོང་བྱས་ནས་ནར་སོན་དུ་འཇུག་དགོས་པའི་འོས་འགན་ཡོད། བྱིས་པར་སློབ་གསོ་གཏོང་བ་ཞེས་པ་ནི་བསམ་བློ་དང་ཀུན་སྤྱོད་ཐད་བྱིས་པར་ཤ་ཚ་བ་དང་གསོ་སྐྱོང་བྱེད་པ་དེ་ཡིན།
               གཉིས། ཕ་མར་ནར་མ་སོན་པའི་བྱིས་པར་རུས་མིང་འདོགས་དབང་ཡོད། དམངས་དོན་གྱི་བྱ་སྤྱོད་ཡོངས་སུ་མེད་པའི་ནར་མ་སོན་པའི་བྱིས་པ་ཡིན་ན་ཕ་མ་དེར་རུས་མིང་འདོགས་པའི་ཁེ་དབང་ཡོད། ནར་མ་སོན་པའི་བྱིས་པ་དེ་དམངས་དོན་གྱི་བྱ་སྤྱོད་ཚད་བཀག་ལྡན་ཡོད་མཁན་ཡིན་ན། བྱིས་པའི་རུས་མིང་བརྗེ་ན་རང་ཉིད་ཀྱི་བསམ་འཆར་ལ་ཉན་དགོས།
               གསུམ། ཕ་མར་ནར་མ་སོན་པའི་བྱིས་པ་སྲུང་སྐྱོབ་བྱེད་པའི་ཁེ་དབང་དང་འོས་འགན་ཡོད། ཕ་མ་ནི་ནར་མ་སོན་པའི་བྱིས་པའི་ལྟ་སྐྱོང་མཁན་དང་ཁྲིམས་བཀོད་ལས་ཚབ་པ་ཡིན་པས། ཁོ་ཚོས་ཁྲིམས་མཐུན་གྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཁེ་དབང་དང་འོས་འགན་ཡོད།
               བཞི། ནར་མ་སོན་པའི་བྱིས་པས་རྒྱལ་ཁབ་དང་། ཐུན་མོང་། སྐྱེ་བོ་གཞན་པ་བཅས་ལ་གནོད་འཚེ་བཏང་ཚེ། ཕ་མར་དམངས་དོན་གྱི་ཁག་འགན་འཁུར་རྒྱུའི་འོས་འགན་ཡོད།