ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

བཟའ་འཐོར་བྱེད་སྐབས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་སྦས་སྐུང་བྱས་ཚེ་ཐག་གཅོད་ཇི་ལྟར་བྱེད་དགོས།

སྤེལ་དུས 2018-05-24 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། རམས་ཚེ་བྷོ།
གྱོད་དཔེ།
            ང་དང་གཡང་བྷ་གཉིས་གཉེན་སྒྲིག་བྱས་ཏེ་ལོ་བདུན་འགོར་ཞིང་། བུ་བུ་མོ་གཉིས་སྐྱེས་ཡོད། ངེད་གཉིས་གཉེན་སྒྲིག་བྱས་ཉིན་ནས་བཟུང་། ཁྱིམ་སྒོ་ཁེར་རྐྱང་དུ་བཟུང་བར་མ་ཟད། གཡང་བྷའི་ཕ་མས་ངེད་གཉིས་ལ་རྫོང་མཁར་ནས་སྒོར་ཁྲི་བཅུ་དྲུག་ཅན་གྱི་ཁང་བ་ཞིག་ཉོས་པ་དང་ངའི་ཕ་མས་ཀྱང་ངེད་གཉིས་ལ་རླངས་འཁོར་ཆུང་བ་ཞིག་ཉོས་ཡོད་པས། ངེད་ཚང་གི་ཆ་རྐྱེན་མི་བཟང་རྒྱུ་མེད། ངེད་བཟའ་ཟླ་གཉིས་ཀྱིས་ཚོང་ཁང་ཆུང་ཆུང་ཞིག་ཕྱེས་ཡོད་པས་ཡོང་སྒོར་ལོ་རེ་ནས་ལོ་རེར་ཇེ་མང་ཡིན་ལ། ན་ནིང་སྟོན་ཁར་སྒོར་ཁྲི་བཞི་བཅུ་ལ་སླེབས་ཡོད། ཡིན་ན་ཡང་། རྒྱུ་རྐྱེན་དུ་མ་ཞིག་གི་དབང་གིས་ངེད་གཉིས་ཟླ་གསུམ་གྱི་ཡར་སྔོན་ནས་བཟའ་འཐོར་བྱས་ཟིན་ལ། རྒྱུ་ནོར་བགོ་བྱ་རྒྱག་སྐབས། ཁོས་ངེད་གཉིས་ཀྱི་སྤྱི་སྒོར་གྱི་བརྒྱ་ཆའི་བདུན་ཅུ་ཁོ་གཅིག་པུའི་རྩོལ་བ་ལ་བརྟེན་ནས་ཐོབ་པ་ཡིན་ཟེར་བར་མ་ཟད། ངེད་ཚང་གི་དངུལ་བྱང་ཡང་བོར་སོང་ཟེར་ནས་ང་ལ་སྒོར་ཁྲི་བཅུ་མ་གཏོགས་མ་བྱིན། བཟའ་འཐོར་བྱེད་སྐབས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་སྦས་སྐུང་བྱས་ཚེ་ཐག་གཅོད་ཇི་ལྟར་བྱེད་དགོས།
ཁྲིམས་བཤད།
            གོང་གི་གྱོད་དཔེ་འདིར་མཚོན་ན། 《ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་བཟའ་འཐོར་གྱོད་དོན་ཞིབ་གཅོད་བྱེད་དུས་རྒྱུ་ནོར་བགོ་བཤའ་རྒྱག་པའི་གནད་དོན་ཐག་གཅོད་བྱེད་པའི་སྐོར་གྱི་བསམ་འཆར་བྱེ་བྲག་འགའ》ཞེས་པའི་ཁྲོད་འདི་ལྟར་བསྟན་ཡོད་དེ། བཟའ་ཟླ་ཕྱོགས་གཅིག་གིས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཁྲིམས་འགལ་སྒོས་བསྐུངས་པའམ་གནས་སྤར་ནས་སྤྱིའི་རྒྱུ་ནོར་ལ་འཇོག་ཁ་མི་ཉན་པ་དང་། ཡང་ན་ཁྲིམས་འགལ་སྒོས་བཙོང་བ་དང་མེད་བརླག་བཏང་བ་ཡིན་ན། རྒྱུ་ནོར་བགོ་བཤའ་རྒྱག་སྐབས་སྦ་མཁན་དང་། སྤོ་མཁན། འཚོང་མཁན། མེད་བརླག་གཏོང་མཁན་ཕྱོགས་ལ་ཉུང་ཙམ་བགོ་བའམ་མ་བགོས་ན་ཡང་ཆོག  རྒྱུ་ནོར་ཐག་གཅོད་བྱེད་སྐབས་ཁྱོ་ཤུག་ཕྱོགས་གཅིག་གིས་བསྐུངས་པ་དང་། སྤར་བ། བཙོང་བ། མེད་བརླག་བཏང་བ་སོགས་ཡིན་ན་སྐུང་མཁན་རང་ཉིད་ཀྱི་རྒྱུ་སྐལ་ལ་བརྩིས་ཏེ། ཕྱོགས་ཅིག་ཤོས་ལ་ཐོབ་འོས་པའི་རྒྱུ་སྐལ་དེ་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་གཞན་དག་ནང་ནས་བཅག་ཏེ་སྤྲོད་དགོས་ལ། དེས་མ་འདང་བའི་ཆད་ལྷག་ནི་སྦ་མཁན་དང་། སྤོ་མཁན། འཚོང་མཁན། མེད་བརླག་གཏོང་མཁན་ཕྱོགས་དེར་གོང་བཅག་ནས་སྐྱིན་ཚབ་འཇལ་དུ་འཇུག་དགོས། ཁྲིམས་འགལ་སྒོས་ཐུན་མོང་གི་རྒྱུ་ནོར་སྦ་མཁན་དང་། སྤོ་མཁན། འཚོང་མཁན། མེད་བརླག་གཏོང་མཁན་ཕྱོགས་དེར་མི་དམངས་ཁྲིམས་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་གཏུག་བཤེར་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱ་དང་གཉིས་པའི་གཏན་ཁེལ་ལྟར་ཐག་གཅོད་བྱེད་དགོས།
            དེ་བས། ཁྱོད་ཀྱི་ཁྱོ་གས་ཁྱོ་ཤུག་ཟུང་ལ་དབང་བའི་ཐུན་མོང་གི་རྒྱུ་ནོར་སྦས་སྐུང་དང་བོར་བ། མེད་བརླག་ཏུ་བཏང་བ་ཡིན་ཚེ། མི་དམངས་ཁྲིམས་ཁང་གི་ཞིབ་བཤེར་ནན་མོ་བརྒྱུད་དེ་ཁོ་ལ་སྐྱིན་ཚབ་འཇལ་དུ་འཇུག་པའམ། བཟའ་འཐོར་བྱེད་སྐབས་ཁོ་རང་ཉིད་ལ་དབང་བའི་སྒེར་གྱི་རྒྱུ་ནོར་ཁྲོད་ནས་ཚབ་ཏུ་འཇུག་དགོས།