གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

མནའ་མར་སྒྱུག་པོའི་རྒྱུ་ནོར་ཤུལ་འཛིན་བྱེད་པའི་དབང་ཆ་ཡོད་དམ།

སྤེལ་དུས 2018-06-11 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། རམས་ཚེ་བྷོ།
གྱོད་དཔེ།
          ངའི་གྲོགས་པོ་མཁའ་འགྲོ་འཚོ་དང་མོའི་ཁྱོ་ག་གཉིས་ནི་དང་ཐོག་ངས་མཚམས་སྦྱོར་བྱས་ཏེ་ངོ་ཤེས་སུ་བཅུག་པ་ཡིན་ལ། ཕྱིས་སུ་ཁོ་གཉིས་ཀྱི་བར་ལ་ཆུ་དང་ཉ་མོ་ལྟ་བུའི་བརྩེ་དུངས་ཆགས་པའི་རྐྱེན་གྱིས་ཁྲིམས་ལྟར་གཉེན་སྒྲིག་བྱས་པ་རེད། ཁོ་གཉིས་གཉེན་སྒྲིག་བྱེད་དུས་ཁྱོ་ག་ཚང་ན་སྨྱུག་པོ་མ་གཏོགས་ཁྱིམ་མི་གཞན་མེད། ལོ་གཅིག་དང་ཕྱེད་ཀ་ཙམ་འགོར་རྗེས་མཁའ་འགྲོ་འཚོ་ཡིས་སྙིང་རྗེ་བའི་བྱིས་པ་ཞིག་བཙས། ཡིན་ན་ཡང་བསམ་ཡུལ་ལས་འདས་པ་ཞིག་ལ་ན་ནིང་མཁའ་འགྲོ་འཚོ་ཡི་ཁྱོ་ག་སྟབས་མ་ལེགས་པར་འགྲིམ་འགྲུལ་དོན་རྐྱེན་ཞིག་གི་ཁྲོད་ཚེ་ལས་འདས་སོང་། ཁྱོ་ག་ཚེ་ལས་འདས་རྗེས་མཁའ་འགྲོ་འཚོ་ཕྱིར་རང་ཁྱིམ་དུ་མ་སོང་བར་སུ་ལའང་གཉེན་སྒྲིག་མ་བྱས་པར་བྱིས་པ་ལ་བདག་སྐྱོང་བྱེད་ཞོར་སྒྱུག་པོ་དང་མཉམ་དུ་འཚོ་བ་རོལ་བར་མ་ཟད། སྒྱུག་པོ་སྙོར་སྐྱོང་བྱེད་པའི་འོས་འགན་གཙོ་བོ་རང་གི་ཕྲག་ཏུ་བླངས། ད་ལོའི་ལོ་སྟོད་དུ་མཁའ་འགྲོ་འཚོའི་སྒྱུག་པོ་གློ་བུར་དུ་ནད་ལྕི་མོ་ཞིག་ཕོག་ལ། མོས་མྱུར་དུ་སྒྱུག་པོ་སྨན་ཁང་དུ་ཁྲིད་ནས་སྨན་བཅོས་བྱས་ཀྱང་འབྲས་མེད་དུ་གྱུར་པས་ཚེ་ལས་འདས། སྒྱུག་པོ་འདས་ནས་དུས་ཡུན་ཅུང་མ་འགོར་བར་མཁའ་འགྲོ་འཚོ་ཡི་ཁྱོ་གའི་སྲིང་མོ་ཡོང་སྟེ་མོ་དང་བྱིས་པ་གཉིས་ཀ་སྒྱུག་པོ་ཚང་ནས་འབུད་དགོས་པར་མ་ཟད། འགྲོ་ཁར་ཁྱིམ་ཚང་དེའི་རྒྱུ་ནོར་སྐར་གང་ཡང་ཁྱེར་མི་ཆོག་ལ། ཁོ་མོ་སྒྱུག་པོའི་ཤུལ་འཛིན་མཁན་གཅིག་པུ་ཡིན་ཟེར། དེ་བས། མནའ་མར་སྒྱུག་པོའི་རྒྱུ་ནོར་ཤུལ་འཛིན་བྱེད་པའི་དབང་ཆ་ཡོད་དམ།
ཁྲིམས་བཤད།
          《སྐྱེས་མའི་ཁེ་ཕན་ཁག་ཐེག་བཅའ་ཁྲིམས》གྱི་ནང་དུ་སྐྱེས་མའི་སྐོར་གྱི་ཁེ་དབང་སྲུང་སྐྱོང་བྱེད་པར་ཆེད་དུ་གཏན་ཁེལ་གསལ་བོ་བྱས་ཡོད་དེ། ཁྱོ་ག་འདས་པའི་བུད་མེད་ཀྱིས་སྒྱུག་པོ་དང་སྒྱུག་མོ་གཉིས་གཉོར་སྐྱོང་བྱེད་པའི་འོས་འགན་གཙོ་བོ་འཁུར་ཚེ། སྒྱུག་པོ་དང་སྒྱུག་མོ་གཉིས་ཀྱི་རིམ་པ་དང་པོའི་ཁྲིམས་བཀོད་ཤུལ་འཛིན་པ་རུ་བརྩི་དགོས་ལ། ཤུལ་འཛིན་དབང་ཆ་དེར་བྱིས་པའི་ཚབ་བྱེད་ཤུལ་འཛིན་དབང་ཆ་ཡིས་ཤུགས་རྐྱེན་ཐེབས་མི་སྲིད། དེའི་རྐྱེན་གྱིས་མཁའ་འགྲོ་འཚོ་ཤུལ་འཛིན་བཅའ་ཁྲིམས་དང་སྐྱེས་མའི་ཁེ་ཕན་ཁག་ཐེག་བཅའ་ཁྲིམས་ཁྲོད། ཁྱོ་ག་འདས་པའི་མནའ་མས་སྒྱུག་པོ་སྒྱུག་མོ་གཉིས་ཀ་སྙོར་སྐྱོང་བྱེད་པའི་འོས་འགན་གཙོ་བོ་འཁུར་ཚེ། རིམ་པ་དང་པོའི་ཤུལ་འཛིན་མཁན་དུ་བརྩི་ཆོག་ཅེས་པའི་ཤུལ་བཞག་རྒྱུ་ནོར་གྱི་རིམ་པ་དང་པོའི་ཤུལ་འཛིན་མཁན་གྱི་ཐོབ་ཐང་སྟེང་ནས་རྒྱུ་ནོར་ཤུལ་འཛིན་བྱས་ཆོག་ཆོག་ཡིན་ནོ།   །