ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་གི་ཟངས་གྱང་ལྕགས་རྩིག་བརྟན་པོ་བསྐྲུན་པ།

སྤེལ་དུས 2018-10-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
             རང་ལྗོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་སྔོན་འགོག་དང་། དབྱེ་འབྱེད། ཁ་གཏད་གཅོག་པ་བཅས་ཀྱི་འདུ་ཤེས་ཟབ་ཏུ་དང་ནུས་པ་ཆེ་རུ་གཏོང་བ་དང་། གཞི་རྩའི་ཆ་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཐོན་ཉུང་དུ་གཏོང་བ། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་ལ་སྲུང་སྐྱོང་ཡག་པོ་བཅས་བྱ་ཆེད། ཉིན་ཤས་གོང་། རང་ལྗོངས་ཀྱིས“གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་སྔོན་འགོག་གི་སྒྲོག་འགྲེལ་ཟླ་བའི”བྱེད་སྒོ་སྤེལ་ཞིང་། ལྷ་ས་གྲོང་ཁྱེར་གྱིས་ཇི་ལྟར་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་འབྲེལ་ཡོད་སྡེ་ཚན་ཁག་དང་མཉམ་དུ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་སྔོན་འགོག་ཡག་པོ་བྱེད་པའི་ཐད་གསར་འགོད་པས་ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་མཱ་ཅུན་ལ་བཅར་འདྲི་བྱས་པ་ཡིན།
             “གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་སྔོན་འགོག་གི་སྒྲོག་འགྲེལ་ཟླ་བའི”བྱེད་སྒོ་སྤེལ་བར་ཕན་ནུས་གང་ཡོད་པའི་སྐོར་གླེང་སྐབས། མཱ་ཅུན་གྱིས“གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་གི་གནོད་འཚེ་ཕོག་ཁྱོན་ཆེ་བ་དང་། གྱོད་འབྲེལ་གྱི་མ་དངུལ་མང་བ། གནོད་འཚེ་ཚབས་ཆེ་བ་བཅས་ཡོད་པས་མི་དམངས་མང་ཚོགས་ཀྱིས་འཁོན་འཛིན་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་དེ་སྔོན་འགོག་ཐུབ་པའི་གྱོད་གཞིའི་ཁོངས་སུ་གཏོགས་པས། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་སྔོན་འགོག་དང་རྡུང་རྡེག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དེས་གྱོད་གཞི་ཐོན་ཚད་ཉུང་དུ་ནུས་ལྡན་གཏོང་ཐུབ་པ་མ་ཟད། རྒྱ་ཆེའི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལའང་སྲུང་སྐྱོང་བྱེད་ཐུབ”ཅེས་སྒམ་ནན་ངང་བཤད།
             བྱེད་སྒོར་ཕན་འབྲས་དངོས་ཐོན་ཆེད། རང་སྐྱོང་ལྗོངས་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པར་རྡུང་རྡེག་བཅོས་སྒྲིག་ལས་དོན་གྱི་ལྗོངས་དབར་གྱི་མཐུན་འབྲེལ་ཚོགས་འདུའི་གཞུང་ལས་ཁང་གིས་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཁོངས་མིའི་ཚན་པ་23སྒྲིག་འཛུགས་བྱས་ཏེ་ཕྱོགས་མང་པོའི་དྲིལ་བསྒྲགས་ལས་དོན་སྤེལ་བ་རེད། ལག་བསྟར་སྡེ་ཚན་ཡིན་པའི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རྡུང་རྡེག་དང་། བཅོས་སྒྲིག སྔོན་འགོག་བཅས་ཐབས་མང་མཉམ་སྤྱོད་མཐའ་འཁྱོངས་བྱས་ཏེ་རྡུང་རྡེག་བཅོས་སྒྲིག་གི་ཆེད་དོན་ལས་དོན་སྒྲིག་འཛུགས་ཞིབ་ཚགས་ངང་སྤེལ་བ་རེད།
             “གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་སྔོན་འགོག་གི་དྲིལ་བསྒྲགས་ལས་དོན་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་ཞིང་། ལྷུ་ཚིགས་མང་པོ་དང་སྡེ་ཚན་མང་པོ་དང་འབྲེལ་བ་ཡོད་པས་ང་ཚོ་སྤྱི་བདེ་སྡེ་ཚན་གྱིས་ངེས་པར་དུ་སྔོན་འགོག་དང་རྡུང་རྡེག་གཉིས་ལ་དམ་འཛིན་ཡག་པོ་བྱས་ཏེ་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་མཉམ་དུ་སྡེ་ཚན་ཁག་གི་འགན་ནུས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱེད་དགོས་པ་དང་། ནུས་ཤུགས་ཡོད་རྒུས་ལྷ་ས་གྲོང་ཁྱེར་གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་སྔོན་འགོག་གི་དྲིལ་བསྒྲགས་ལས་དོན་དང་རྡུང་རྡེག་བཅོས་སྒྲིག་གི་ལས་དོན་ཡག་པོ་སྤེལ་དགོས”ཞེས་མཱ་ཅུན་གྱིས་བློ་ཐག་ཆོད་པོས་བཤད།
             མཱ་ཅུན་གྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་སྔོན་འགོག་གི་དྲིལ་བསྒྲགས་ལས་དོན་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པ་མ་ཟད་ཡུན་རིང་གི་འདུ་འགོད་ཅིག་ཀྱང་ཡིན་པས་ང་ཚོས“སྒྲོག་འགྲེལ་ཟླ་བའི”བྱེད་སྒོ་གོ་སྐབས་སུ་བཟུང་ནས། གཞི་རིམ་གྱི་འཐབ་ས་དང་པོའི་སྤྱི་བདེ་ལས་ཁུངས་དང་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་རང་འགུལ་ངང་ཕར་རྒོལ་བྱ་རྒྱུ་མཐའ་འཁྱོངས་དང་། དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས། གཙོ་གནད་མངོན་གསལ་དོད་པ། རྡུང་རྡེག་བྱ་ཐབས་གསར་གཏོད། མྱུལ་ཞིབ་དང་རྡུང་རྡེག་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་བ། རྒྱུན་སྲིང་ལྷོད་མེད་ངང་སྔོན་འགོག་དང་རྡུང་རྡེག་མཐར་ཕྱིན་པ་བྱེད་པ། ཉེས་གསོག་མི་སྣའི་རྫིག་ཉམས་མཐའ་གཅིག་ཏུ་གཅོག་པ། ནུས་ཤུགས་ཡོད་རྒུས་ལྟེ་བའི་གྲོང་ཁྱེར་གྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཀྱི་རྒྱུན་མཐུད་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བཤད།
             ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མི་དམངས་མང་ཚོགས་ཀྱི་སྲུང་སྐྱོང་བ་ཡག་པོ་ཞིག་བྱ་ཆེད། གཅིག་ནས་དྲིལ་བསྒྲགས་ལས་དོན་ལ་རྗེས་མཐུད་རྗེས་སྙེག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྷག་དོན་དུ་སྤྱི་པའི་འདུ་གནས་དང་འདུ་འཛི་ཆེ་བའི་ཁུལ་དུ་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ལས་དོན་ལ་མངོན་གསལ་དོད་པོས་ཤུགས་སྣོན་བརྒྱབ་པ་དང་། མང་ཚོགས་ཀྱིས་མཐོང་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་ཁྲོམ་གཞུང་དང་། སྡེ་ཁུལ། ཁྲོམ་ར། ཐང་ཆེན། རླངས་འཁོར་བབས་ཚུགས། ཡུལ་སྐོར་མཛེས་ལྗོངས་ཁུལ། འགྲིམ་འགྲུལ་མ་ལམ། གྲོང་སྡེའི་ཚོང་ར་སོགས་མངོན་གསལ་དོད་སར་གཅིག་སྡུད་དྲིལ་བསྒྲགས་ལས་དོན་སྤེལ་ཏེ་དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་དང་ཤུགས་རྐྱེན་སྔར་བས་ཆེ་རུ་བཏང་བ་དང་། གཉིས་ནས་གྱོད་འབྲེལ་ཁ་པར་བཀག་སྡོམ་དང་མིང་ཐོ་ནག་པོའི་ནང་འཇུག་པ་དེ་བཞིན་གྱོད་འབྲེལ་དངུལ་ཁང་གཱའི་བསྡམས་བཅད་ཀྱི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་དུས་མཚུངས་གྱོད་འབྲེལ་མ་དངུལ་ཕྱིར་སློག་བྱེད་ཤུགས་ཆེ་རུ་བཏང་ནས། རང་རེའི་གྲོང་ཁྱེར་གྱི་གྲོང་མི་ཁ་བསླུས་དང་མགོ་སྐོར་འོག་ཚུད་པའི་ཉེན་ཁ་འབྱུང་རྩ་ནས་ཆུང་དུ་དང་མང་ཚོགས་ལ་གྱོང་གུན་ཕོག་ཚད་ཆུང་ཤོས་སུ་གཏོང་ཐུབ་པའི་བརྩོན་ལེན་བྱས་པ་རེད། མིག་སྔའི་བར། དྲིལ་བསྒྲགས་ཟླ་བའི་རིང་གྱོད་གཞི་ཐོན་ཚད་ན་ནིང་གི་དུས་མཚུངས་ལས་51%ཆག་ཅིང་། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་མ་དངུལ་སྒོར་ཁྲི་77.68ལྷག་ཙམ་རྩིས་སྤོ་བཀག་སྡོམ་དང་། གྱོད་འབྲེལ་མ་དངུལ་སྒོར་ཁྲི་95.2ལྷག་ཙམ་བསྡམས་བཅད། སྒོར་ཁྲི་20ཡས་མས་ཕྱིར་སློག་བཅས་བྱས་པ་རེད།