ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ཁུངས་མེད་དཀྲོག་གཏམ་མང་བས་ན། གང་ཐོས་འཕྲིན་ལ་ཡིད་མ་རྟོན།

སྤེལ་དུས 2018-12-19 ཡོང་ཁུངས། བོད་ལྗོངས་ཁྲིམས་ལུགས་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།

འདི་ནི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱིས་དམིགས་བཙུགས་སྨན་རྫས་ཚོང་ཁང་ནས་སྨན་ཉོ་བཞིན་པ།
སྨན་བཅོས་འགན་བཅོལ་སྐོར་གྱི་དཀྲོག་གཏམ་སྟེ།“སྨན་དོན་ཞབས་ཞུའི་རིན་པ”བསྡུ་བ།
          དཀྲོག་གཏམ་དང་པོ་ནི། “ཟླ་2ཚེས་1ཉིན་ནས་བཟུང་ནད་ལྟ་སྐབས་ངེས་པར་དུ་སྨན་བཅོས་འགན་བཅོལ་གཱ་འཁྱེར་དགོས། སྨན་རྫས་རིན་གོང་སྤར་མ་ཆོག་པ་བཟོས་པས་སྨན་ཁང་གི་སྨན་ལ་གོང་ཚད་ཐོལ་པ་ལེན་གྱི་མེད། སྲིད་གཞུང་གིས་སྨན་ཁང་ལ་བསྟར་བའི་སྲིད་ཇུས་ནི་མི་རེས་སྨན་ཐོ་བཀོད་ཕྱིན། སྨན་བླངས་ཡོད་མེད་ལ་མི་བསྟུན་པར་སྒོར་26བསྡུ་དགོས་པ་དང་། དེར་སྨན་དོན་ཞབས་ཞུའི་རིན་པ་ཞེས་བརྗོད། སྨན་བཅོས་འགན་བཅོལ་གཱ་འཁྱེར་མེད་ན་སྒོར་26རང་གིས་སྤྲོད་དགོས་པ་དང་། སྨན་བཅོས་འགན་བཅོལ་གཱ་འཁྱེར་ན་རང་གིས་སྒོར་2སྤྲད་ན་འགྲིག་གི་ཡོད། ཤེས་དགོས་པ་ཞིག་ལ་ཁྱེད་ཀྱིས་སྨན་བླངས་ཡོད་མེད་ཅི་ཞིག་ཡིན་རུང་སྒོར་26དེ་བསྡུ་ཡི་ཡོད་པ་དང་། སྨན་བཅོས་འགན་བཅོལ་གཱ་ཡོད་ན་སྒོར་24འགྲོ་སོང་རྩིས་ཞུ་བྱེད་པས། ནད་གཞི་ལྟ་སྐབས་ངེས་པར་དུ་སྨན་བཅོས་འགན་བཅོལ་གཱ་འཁྱེར་དགོས”ཞེས་པ་དེ་ཡིན།
          གནས་ཚུལ་དེར་དམིགས་ནས་ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་སྨན་བཅོས་འགན་བཅོལ་ལྟེ་གནས་ཀྱི་འགན་འཁུར་བས་གནས་ཚུལ་དེ་ནི་ཁུངས་མེད་གཏམ་འཆལ་ཞིག་རེད། “སྨན་ཁང་བསྟེན་སྐབས་སྨན་བཅོས་འགན་བཅོལ་གཱ་དགོས་ཀྱང་། ‘སྨན་དོན་ཞབས་ཞུའི་རིན་པ’དགོས་དོན་གཅིག་ཀྱང་མེད”ཅེས་བཤད།
སྨན་བཅོས་འགན་བཅོལ་སྐོར་གྱི་དཀྲོག་གཏམ་སྟེ།“སྨན་བཅོས་འགན་བཅོལ་གཱ་ནང་ཁ་གསབ་སྤྲོད་པ”
          དཀྲོག་གཏམ་གཉིས་པ་ནི། “ཁྱིམ་དུ་རྒན་ཡོལ་ཞུས་པའི་ནང་མི་ཡོད་ན་རྒན་ཡོལ་ཞུས་པའི་ལག་ཁྱེར་དང་། ཐོབ་ཐང་ལག་ཁྱེར། སྨན་བཅོས་འགན་བཅོལ་གཱ་བཅས་ཁྱེར་ནས་ཁྲོམ་གཞུང་དོན་གཅོད་ཁང་དུ་ཐོ་འགོད་པར་ཕྱིན་ཏེ་རེའུ་མིག་གཉིས་བརྒྱངས་རྗེས། ཟླ་རེར་སྒོར་70སྨན་བཅོས་འགན་བཅོལ་གཱ་ནང་བླུགས་ཀྱི་ཡོད་པ་དང་། སྲིད་ཇུས་འདི་2018ལོའི་ཟླ་དང་པོ་ནས་བཟུང་ལག་ལེན་བསྟར་འགོ་བཙུགས་ཡོད” ཁ་གསབ་དེ་སྔོན་ལ་གསབ་སྤྲོད་བྱེད་ཀྱི་མེད་པས་ག་དུས་སྒྲུབ་གཉེར་བྱས་ན་དེ་དུས་ནས་སྤྲོད་ཀྱི་ཡོད། གནས་ཚུལ་དེ་གང་མང་བརྒྱུད་བསྐུར་གནང་རོགས། ཁྱེད་ཀྱིས་ལག་པ་འགུལ་ཙམ་གནང་ན་གྲོགས་པོ་སྔར་ལས་མང་བར་ཕན་པ་ཐོབ་ངེས་རེད”ཅེས་པ་དེ་ཡིན།
          གསར་འགོད་པས་འདྲི་རྟོག་བྱས་རྗེས་ཤེས་རྟོགས་བྱུང་བ་ལྟར་ན། 2016ལོ་ནས་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་གསལ་བསྒྲགས་སྤེལ་ཏེ“གོང་ཞུ་བྱས་པ་ལྟར་ན། མི་ཁག་གཅིག་གིས་སྐད་འཕྲིན་ལས་སྟེགས་བརྒྱུད་ནས་སྨན་བཅོས་འགན་བཅོལ་གཱ་ནང་ཁ་གསབ་དངུལ་རྒྱག་གི་ཡོད་པའི་སྐོར་གྱི་ཆ་འཕྲིན་སྤེལ་འདུག རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་འགན་བཅོལ་ནང་ཞུགས་པའི་ཚན་པ་དང་རྒྱ་ཆེའི་འགན་བཅོལ་ནང་ཞུགས་མཁན་ལ་དམིགས་ནས་དྲན་སྐུལ་ཞུ་རྒྱུར། ཉེ་ཆར། རིམ་ཁག་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན(རྒན་ཡོལ་ཞུས་ཟིན་པ)ལ་རྒན་ཡོལ་ཞུས་པའི་ལག་ཁྱེར་དང་། ཐོབ་ཐང་ལག་ཁྱེར། སྨན་བཅོས་འགན་བཅོལ་ལག་ཁྱེར་སོགས་ཁྱེར་ནས་ཁྲོམ་གཞུང་དོན་གཅོད་ཁང་དུ་ཁ་གསབ་ལེན་པར་བསྐྱོད་དགོས་པའི་འབྲེལ་ཡོད་ལས་སྒོ་གནས་སྐབས་སྤེལ་མེད་པས། མགོ་སྐོར་འོག་མ་ཚུད་པ་གནང་རོགས་གནང”ཞེས་བྲིས་ཡོད།
          “གལ་ཏེ་སྲིད་ཇུས་ལེགས་སྒྲིག་གི་སྤྱི་བསྒྲགས་སྤེལ་དགོས་ན་ང་ཚོས་ཐོག་མར་གཞུང་ཕྱོགས་ཀྱི་ཐབས་ལམ་བརྒྱུད་ནས་ཡོངས་བསྒྲགས་བྱེད་ངེས་ཡིན་པ་སྟེ། དཔེར་ན་ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་དྲ་ཚུགས་དང་། སྐད་འཕྲིན་སྤྱི་རྟགས། ཡུལ་དེ་གའི་བརྙན་འཕྲིན། ཚགས་པར་དང་དུས་དེབ་སོགས་སྨྱན་སྦྱོར་ཐོག་དྲིལ་བསྒྲགས་བྱེད་ཀྱི་ཡོད་པས། རྒྱ་ཆེའི་འགན་བཅོལ་ནང་ཞུགས་མཁན་ཚོས་འཕྲིན་ཐུང་སོགས་ཀྱི་ནང་དོན་ལ་ཡིད་ཆེས་གནང་རྒྱུ་མེད། གལ་ཏེ་གཞི་རྩའི་སྨན་བཅོས་འགན་བཅོལ(སྨན་བཅོས་འགན་བཅོལ་གཱ་ཚུད་པ)གྱི་འབྲེལ་ཡོད་ཆ་འཕྲིན་འབྱོར་ཚེ་འཕྲལ་དུ་ལྟ་སྐུལ་ཁ་པར་བརྒྱབ་ནས་བདེན་མིན་འདྲི་རྟོག་བྱེད་དགོས”ཞེས་འགན་འཁུར་བ་དེས་དྲན་སྐུལ་བྱས།