ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

བཅའ་ཁྲིམས་དང་ཁྲིམས་སྲོལ། (༡) ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུམ་གཅོད་བཅའ་ཁྲིམས།

སྤེལ་དུས 2019-01-08 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
(1994ལོའི་ཟླ་8པའི་ཚེས་31ཉིན་སྐབས་བརྒྱད་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཐེངས་དགུ་བའི་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་། 1994ལོའི་ཟླ་8པའི་ཚེས་31ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱ་ཨང་སོ་གཅིག་པས་ཁྱབ་བསྒྲགས་བྱས། 1995ལོའི་ཟླ་9པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ )
          དང་པོ། སྤྱིའི་རྩ་དོན། 
          དོན་ཚན་དང་པོ། དྲང་བདེན་དང་དུས་ཐོག་ཏུ་དཔལ་འབྱོར་རྩོད་གཞིའི་འདུམ་གཅོད་འགན་ལེན་དང་། དོ་བདག་གི་ཁེ་དབང་སྲུང་སྐྱོབ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རྭའི་དཔལ་འབྱོར་བདེ་ལེགས་ངང་འཕེལ་བའི་ཆེད། བཅའ་ཁྲིམས་འདི་གཏན་དུ་ཕབ་པ་ཡིན། 
          དོན་ཚན་གཉིས་པ། འདྲ་མཉམ་གཙོ་ཕྱོགས་ཀྱི་སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བར་གན་རྒྱའི་རྩོད་གཞི་དང་དེ་མིན་རྒྱུ་ནོར་ཁེ་དབང་གི་རྩོད་གླེང་བྱུང་བ་དག་འདུམ་གཅོད་བྱས་ཆོག 
          དོན་ཚན་གསུམ་པ། གཤམ་གྱི་རྩོད་གཞི་དག་འདུམ་གཅོད་བྱེད་མི་ཐུབ། གཅིག གཉེན་སྒྲིག་དང་། ཉར་གསོ། ལྟ་སྲུང་། གསོ་སྐྱོང་། ཤུལ་འཛིན་སོགས་ཀྱི་རྩོད་གཞི། གཉིས། ཁྲིམས་ལུགས་ལྟར་སྲིད་འཛིན་ལས་ཁུངས་ཀྱིས་ཐག་གཅོད་བྱེད་དགོས་པའི་སྲིད་འཛིན་གྱི་རྩོད་གཞི། 
          དོན་ཚན་བཞི་བ། དོ་བདག་གིས་འདུམ་གཅོད་ཀྱི་བྱེད་སྟངས་སྤྱད་དེ་རྩོད་གཞི་ཐག་གཅོད་བྱེད་པར་དོ་བདག་ཕྱོགས་གཉིས་ཀ་རང་འཐད་ཡིན་དགོས་ལ། འདུམ་གཅོད་ཀྱི་གྲོས་མཐུན་ཡོང་དགོས། ཕྱོགས་གཉིས་འདུམ་གཅོད་ཀྱི་གྲོས་མཐུན་མ་ཡོང་བར་ཕྱོགས་གཅིག་གིས་རེ་ཞུ་ཞུས་པ་དེ་འདུམ་གཅོད་ཨུ་ལྷན་གྱིས་དང་ལེན་མི་བྱེད། 
          དོན་ཚན་ལྔ་བ། དོ་བདག་འདུམ་གཅོད་ཀྱི་གྲོས་མཐུན་བྱུང་མོད། འོན་ཀྱང་ཕྱོགས་གཅིག་གིས་མི་དམངས་ཁྲིམས་ཁང་དུ་གཏུག་བཤེར་ཞུས་པ་དེ་འདུམ་གཅོད་གྲོས་མཐུན་གྱི་ཕན་ནུས་ཉམས་པ་མ་གཏོགས་མི་དམངས་ཁྲིམས་ཁང་གིས་དང་ལེན་མི་བྱེད། 
          དོན་ཚན་དྲུག་པ། འདུམ་གཅོད་ཨུ་ལྷན་ནི་དོ་བདག་གིས་གྲོས་བསྡུར་བྱས་ནས་བདམས་ཐག་གཅོད་དགོས། འདུམ་གཅོད་ལ་རིམ་འབྱེད་བདག་སྐྱོང་དང་ས་ཁུལ་བདག་སྐྱོང་ལག་བསྟར་མི་བྱེད། 
          དོན་ཚན་བདུན་པ། འདུམ་གཅོད་ཀྱིས་དོན་དངོས་གཞིར་བཟུང་དགོས་པ་དང་། ཁྲིམས་ལུགས་དང་མཐུན་པ། ལུགས་མཐུན་དྲང་གཞག་སྒོས་རྩོད་གཞི་ཐག་གཅོད་བྱེད་དགོས། 
          དོན་ཚན་བརྒྱད་པ། འདུམ་གཅོད་ནི་ཁྲིམས་ལུགས་གཞིར་བཟུང་ནས་ཁེར་རྐྱང་དུ་སྤེལ་བ་ཡིན་པས། སྲིད་འཛིན་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་སོགས་ཀྱིས་ཐེ་གཏོགས་བྱེད་མི་ཐུབ། 
          དོན་ཚན་དགུ་བ། འདུམ་གཅོད་ཀྱིས་རྩོད་གཞི་ཐག་གཅོད་བྱེད་ཐེངས་གཅིག་གི་ལམ་ལུགས་བསྟར་བྱེད་ཀྱིན་ཡོད་པས། 
          ཁྲུན་ཐག་བཅད་རྗེས་དོ་བདག་གིས་རྩོད་གཞི་དེ་ཡང་བསྐྱར་འདུམ་གཅོད་དམ་མི་དམངས་ཁྲིམས་ཁང་དུ་གཏུག་བཤེར་གྱི་རེ་ཞུ་ཞུས་ཚེ་འདུམ་གཅོད་ཨུ་ལྷན་དང་མི་དམངས་ཁྲིམས་ཁང་གིས་དང་ལེན་མི་བྱེད། 
          ཁྲུན་ཐག་བཅད་དོན་དེ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལུགས་གཞིར་བཟུང་ནས་བཀའ་བཅད་ཕྱིར་འཐེན་བྱས་པའམ་ཡང་ན་ལག་བསྟར་མ་བྱས་ཚེ། དོ་བདག་གིས་རྩོད་གཞི་དེ་ཕྱོགས་གཉིས་ཡང་བསྐྱར་འདུམ་གཅོད་ཀྱི་གྲོས་མཐུན་བྱུང་བ་གཞིར་བཟུང་ནས་འདུམ་གཅོད་རེ་ཞུ་ཞུས་ཆོག དེ་མིན་མི་དམངས་ཁྲིམས་ཁང་དུ་ཡང་གཏུག་བཤེར་ཞུས་ཆོག