ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

རང་ལྗོངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་ནུས་ཤུགས་ཡོད་རྒུས་རྡུང་རྡེག་བཏང་བ།

སྤེལ་དུས 2019-02-14 ཡོང་ཁུངས། བོད་ལྗོངས་ཁྲིམས་ལུགས་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
          2015ལོའི་ལོ་མཇུག་ནས་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པར་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ་ནས་བཟུང་། ལྗོངས་དབར་གྱི་མཉམ་འབྲེལ་ཚོགས་འདུའི་ཁོངས་མིའི་ཚན་པས་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་གསར་གཏོད་དང་དོན་འཁྱོལ་བྱས་ནས་སྤྱི་ཡོངས་ཀྱི་དམག་འཐབ་དང་། མཉམ་ལས་ཀྱི་དམག་འཐབ། ཆ་འཕྲིན་གྱི་དམག་འཐབ་བཅས་རྒྱག་རྒྱུ་མཐའ་འཁྱོངས་བྱས་ནས་དྲིལ་བསྒྲགས་དོགས་ཟོན་དང་། ཉེན་བརྡ་གཏོང་བ་དང་ཁ་ཏ་བསླབ་བྱ་བྱས་པ། གྱོད་དོན་རྩད་བཅད་ནས་བརྐུས་དངུལ་ཚུར་ལེན་སོགས་ཀྱི་ཐད“རྩད་གཅོད་མགྱོགས་པོ་དང་། ཆེད་མངགས་རྩད་གཅོད”བྱེད་པའི་དངོས་འཐབ་ཅན་གྱི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ལྟེ་གནས་འཛུགས་རྒྱུར་སྐུལ་འདེད་བཏང་བས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་གྱོད་གཞི་ཐོན་ཚད་ལོ་རེ་བཞིན་ཉུང་དུ་སོང་བ་དང་གྱོད་གཞི་རྩད་ཆོད་ཚད་ལོ་རེ་བཞིན་མུ་མཐུད་གོང་མཐོར་སོང་སྟེ་དུས་མཚམས་རང་བཞིན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།
          ཞིབ་འཇུག་དང་འདྲི་གཅོད་མཉམ་འདྲེས་མངོན་གསལ་དོད་པོ་བྱུང་ནས་རྡུང་རྡེག་གཏོང་ཤུགས་མུ་མཐུད་ཆེ་རུ་ཕྱིན་པ། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མིག་སྔའི་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པའི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བའི་སྒོ་ནས་དཀའ་གནད་དམ་འཛིན་དང་། ཕྱོགས་མང་པོས་ནུས་པ་འདོན་པ། ཕྱོགས་བསྡུས་བྱ་ཐབས་ལག་ལེན་བསྟར་བ་བཅས་བྱས་ནས་ཉེས་གསོག་གི་འབྱུང་རྩ་བཀག་འགོག་གིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་བྱུང་མང་བར་རྡུང་རྡེག་ཚ་ནན་བཏང་བས་མི་དམངས་མང་ཚོགས་ལ་རྒྱུ་ནོར་གྱི་གྱོང་གུན་ཕོག་མེད་པ་རེད།
          ཉེན་བརྡ་གཏོང་བ་དང་ཁ་ཏ་བསླབ་བྱར་ཤུགས་སྣོན་བརྒྱབ་ནས་གྱོད་གཞི་ཐག་གཅོད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ། རིམ་ཁག་མཉམ་འབྲེལ་ཚོགས་འདུ་དང་ཁོངས་མིའི་ཚན་པ་ཁག་གིས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ཏེ་རང་འགན་གཙང་སྒྲུབ་ཀྱིས་ལས་རིགས་ཀྱི་ལྟ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་བརྒྱུད་ལག་རྩལ་གྱི་འགོག་རྒོལ་ནུས་པ་ཆེར་གཏོང་དང་། རང་འགུལ་ངང་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་ལས་རིགས་ཀྱི་ལྟ་སྡོམ་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་པ། ལྟ་སྡོམ་གྱི་འགན་འཁྲི་ནན་དུ་བཏང་སྟེ་ལས་རིགས་བཅོས་སྒྲིག་ལ་སྐུལ་འདེད་བཏང་བ། ལྟ་སྡོམ་མ་ལུས་པར་བྱས་པ་བཅས་ཀྱི་སྒོ་ནས་བཀག་སྡོམ་མ་ལག་གི་རྩལ་འགོག་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཉེན་བརྡ་གཏོང་བ་དང་། བཀག་སྡོམ་བྱེད་པ། སྒོ་རྒྱག་པ་སོགས་ཀྱི་ལས་དོན་དུས་ཐོག་ཏུ་སྤེལ་བ། དུས་བསྟུན་འཕེལ་རྒྱས་གཏོང་བའི་སྒོ་ནས་མ་ལག་གི་ནུས་པ་རྒྱུན་ཆད་མེད་པར་གསར་བརྗེས་དང་འཐུས་སྒོ་ཚང་དུ་བཏང་བ། ཁྲིམས་བཞིན་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་གྱི་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱས་ཡོད། 2018ལོའི་ཟླ་1པོ་ནས་2018ལོའི་ཟླ་11རིང་རང་ལྗོངས་སུ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་885ཐོན་པ་དང་། མ་དངུལ་སྒོར་ཁྲི་2700ལྷག་ཙམ་མགོ་སྐོར་བཏང་བ་དེ་ན་ནིང་གི་དུས་མཚུངས་ལས་གྱོ ད་གཞི་ཐོན་ཚད་3.4%ཡིས་དམའ་རུ་ཕྱིན་ཡོད། དེའི་ནང་ཟླ་བདུན་པ་དང་། བརྒྱད་པ། དགུ་པ། བཅུ་པ་བཅས་སུ་རང་ལྗོངས་སུ་དངོས་སུ་གྱོད་གཞི་ཐོན་ཚད་92དང་། 102 67 62 བཅས་ཁག་སོ་སོར་ཟིན་པ་དང་ཟླ་9པར་ཟླ་གོང་མ་ལས་34.31%ཆག་པ་དང་ཟླ་10པར་ཟླ་གོང་མ་ལས་7.46%ཆག་ཡོད།
          དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་2018ལོ་ནས་བཟུང་། ལྗོངས་ཡོངས་ཀྱིས་ཁྱོན་དྲིལ་བསྒྲགས་ཐེངས་1078བྱས་པ་དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་གི་ས་གནས་ཀྱི་གྲགས་ཅན་མི་སྣ་བཀོད་པའི་ཚགས་པར་30000དང་། དྲིལ་བསྒྲགས་ཤོག་བྱང་50000ལྷག་ཙམ། དྲན་གསོའི་དངོས་པོ་10000ལྷག་ཙམ་བཅས་སྤྲད་པ་མ་ཟད། གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་གི་ཁྲིམས་འགལ་ཉེས་གསོག་གི་སྤྱི་ཕན་དྲིལ་བསྒྲགས་པར་གཞི་བཟོས་པ་དང་། སྐད་འཕྲིན་དང་། དཔོད་ཆུང་སོགས་སྨྱན་སྦྱོར་གསར་པ་དང་། ཚགས་པར། དུས་དེབ། རླུང་འཕྲིན་ལས་ཁུངས། བརྙན་འཕྲིན་གསར་འགྱུར་སོགས་ཀྱི་སྲོལ་རྒྱུན་དྲིལ་བསྒྲགས་བྱ་ཐབས་བརྒྱུད་ཕྱོགས་ཡོངས་ནས་དྲིལ་བསྒྲགས་བྱས་པ་དང་ཆབས་ཅིག རྩོམ་ཡིག་200ལྷག་ཙམ་སྤེལ་ཡོད་པ་རེད།