ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

རང་ལྗོངས་ཀྱི“ན་སོ་དར་ལ་མ་བབས་པའི་མིའི་ལྟ་སྲུང་རྟེན་གཞི”ཐོག་མ་བཙུགས་པ།

སྤེལ་དུས 2019-02-14 ཡོང་ཁུངས། བོད་ལྗོངས་ཁྲིམས་ལུགས་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
         ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་བོད་ལྗོངས་ཞོལ་འདོད་དཔལ་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭ་དང་མཉམ་དུ་བོད་ཀྱི“ན་སོ་དར་ལ་མ་བབས་པའི་མིའི་ལྟ་སྲུང་རྟེན་གཞི”ཐོག་མ་བཙུགས་པ་རེད།
         “ན་སོ་དར་ལ་མ་བབས་པའི་མིའི་ལྟ་སྲུང་རྟེན་གཞིས”ཞིབ་དཔྱོད་ལས་ཁུངས་གཙོ་ཁྲིད་དུ་བྱས་ཏེ་འདྲ་མཉམ་དང་། བརྩི་མཐོང་། གསང་སྲུང་བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་རྟེན་གཞིའི་ལྟ་སྲུང་པས་ལྟ་ཞིབ་དང་། ལྟ་སྐུལ། སྲུང་སྐྱོང་། ཡོ་བསྲང་བཅས་ཀྱི་བྱེད་ཐབས་བརྒྱུད། ཞིབ་དཔྱོད་ལས་ཁུངས་ཀྱིས་ཟུར་སྣོན་ཆ་རྐྱེན་བཏོན་ནས་ཞུ་གཏུག་མ་བརྒྱབ་པའི“སློབ་ཤོར་དང་། ལས་ཤོར། ལང་ཤོར”བཅས་ཀྱི་ཉེས་གསོག་དང་འབྲེལ་བ་ཡོད་པའི་ན་སོ་དར་ལ་མ་བབས་པའི་མིར་དུས་ཡུན་ཟླ་དྲུག་ནས་ལོ་གཅིག་བར་གྱི་དམིགས་སའི་རང་བཞིན་གྱི་རོགས་རམ་སློབ་གསོ་རྒྱག་རྒྱུ་རེད། དེ་ཐོག་ནས་རང་ལྗོངས་ཀྱི་ཉེས་གསོག་དང་འབྲེལ་བ་ཡོད་པའི་ན་སོ་དར་ལ་མ་བབས་པའི་མིར་རོགས་སྐྱོབ་དེ་བས་ལེགས་པ་ཐོབ་རྒྱུ་ཡིན་པ་མཚོན་ཡོད།
         ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་འཇིགས་མེད་ཀྱིས་བོད་ལྗོངས་ཞོལ་འདོད་དཔལ་སློབ་གྲྭ་ནི་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གིས་དོ་དམ་ཚད་ལྡན་དང་། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཆེ་བ་མ་ཟད། ལྟ་སྲུང་གི་ཆ་རྐྱེན་ལྡན་པའི་སྤྱི་ཚོགས་ཚན་པའི་ཁྲོད་ནས་གདམ་གསེས་ནན་པོ་བྱས་པའི་མཉམ་ལས་བྱ་ཡུལ་ཞིག་ཡིན་པས་ཚན་པ་དེ་དང་ལྟ་སྲུང་རྟེན་གཞི་འཛུགས་རྒྱུར་མིང་རྟགས་བཀོད་པ་དེ་ནི“སློབ་གསོ་དང་། བློ་འགུགས། སྐྱོབ་རོགས”བཅས་ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་རེད་ཅེས་ངོ་སྤྲོད་བྱས།