ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

འཛད་སྤྱོད་པའི་རྒྱུན་ཤེས་དང་ཐེར་འདོན་ཁ་པར།

སྤེལ་དུས 2019-04-19 ཡོང་ཁུངས། མཚོ་སྔོན་ཁྲིམས་ལུགས་ཚགས་པར། རྩོམ་པ་པོ།
          གཅིག འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་ནང་དོན་གང་དག་འདུ།
          འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ཞེས་པ་ནི་འཛད་སྤྱོད་པར་མངའ་བའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱིས་ཁས་ལེན་པ་དང་། འཛད་སྤྱོད་པ་ཁོ་ནས་ལོངས་སུ་སྤྱོད་པའི་ཁེ་དབང་ལ་ཟེར། 
          འཛད་སྤྱོད་པས་ལོངས་སུ་སྤྱོད་པའི་ཁེ་དབང་ལ་ནང་དོན་དགུ་སྟེ། བདེ་འཇགས་འགན་སྲུང་གི་ཁེ་དབང་དང་གནས་ཚུལ་དངོས་ཤེས་པའི་ཁེ་དབང་། རང་འདེམས་ཁེ་དབང་། ཉོ་འཚོང་དྲང་གཞག་གི་ཁེ་དབང་། སྐྱིན་ཚབ་ལེན་པའི་ཁེ་དབང་། ཚོགས་པ་འཛུགས་པའི་ཁེ་དབང་། འབྲེལ་ཡོད་ཤེས་བྱ་ཐོབ་པའི་ཁེ་དབང་། མིའི་རྩིས་ཐང་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་ཐོབ་པའི་ཁེ་དབང་། ལྟ་སྐུལ་དང་སྐྱོན་བརྗོད་བྱེད་པའི་ཁེ་དབང་བཅས་ཡོད། དེའི་ཁྲོད་ཀྱི་བདེ་འཇགས་འགན་སྲུང་གི་ཁེ་དབང་ནི་འཛད་སྤྱོད་པའི་ཆེས་རྩ་བའི་ཁེ་དབང་ཡིན།
          གཉིས། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་སྐབས་ཇི་ལྟར་ཐག་གཅོད་བྱ་དགོས།
          འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་སྐབས། ཁྲིམས་མཐུན་ལུགས་མཐུན་གྱི་ཐབས་ལམ་སྤྱད་དེ་གནད་དོན་དྲང་གཞག་སྒོས་ཐག་གཅོད་བྱ་དགོས་ལ། ངེས་པར་བཅའ་ཁྲིམས་ཀྱི་ལམ་བུ་བརྒྱུད་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་དགོས།
          རང་རྒྱལ་གྱི《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན39པའི་གཏན་ཁེལ་ལྟར་ན། འཛད་སྤྱོད་པ་དང་ཚོང་གཉེར་བ་གཉིས་ཀྱི་བར་ལ་འཛད་སྤྱོད་པའི་ཁེ་དབང་ཐད་ཀྱི་རྩོད་གཞི་བྱུང་ཚེ། གཤམ་གསལ་གྱི་བྱེད་ཐབས་དག་ལ་བརྟེན་ནས་ཐག་གཅོད་བྱས་ཆོག
          (1)ཚོང་གཉེར་བ་དང་གྲོས་བྱས་ཏེ་བར་འདུམ་བྱེད་པ། 
          (2)འཛད་སྤྱོད་པའི་མཐུན་ཚོགས་སམ་ཡང་ན་ཁྲིམས་ལྟར་བཙུགས་པའི་བར་འདུམ་རྩ་འཛུགས་གཞན་དག་ལ་རེ་འདུན་ཞུས་ཏེ་བར་འདུམ་བྱེད་པ། 
          (3)འབྲེལ་ཡོད་སྲིད་འཛིན་སྡེ་ཁག་ལ་ཞུ་གཏུག་བྱེད་པ། 
          (4)ཚོང་གཉེར་བ་དང་འདུམ་གཅོད་བྱས་པའི་གྲོས་གཞི་ལྟར་འདུམ་གཅོད་ལས་ཁུངས་ཀྱིས་འདུམ་གཅོད་བྱེད་པར་རེ་འདུན་ཞུ་བ། 
          (5)མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱེད་པ་བཅས་སོ། ། 
          གསུམ། འཛད་སྤྱོད་པས་ཐེར་འདོན་དང་ཞུ་གཏུག་བྱ་བར་ཁ་པར་གང་དག་བརྒྱག་དགོས།
          སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་ཚོང་རྫས་ཀྱང་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད་ལ། མི་རྣམས་ཀྱི་འཛད་སྤྱོད་གྲུབ་ཚུལ་ཡང་བསྟུད་མར་རྙོག་འཛིང་ཅན་དུ་འགྱུར་བཞིན་ཡོད་སྟབས། འཛད་སྤྱོད་ཀྱི་དོན་རྐྱེན་རྒྱུན་མི་ཆད་པར་བྱུང་དང་འབྱུང་བཞིན་ཡོད། གལ་ཏེ་ཁྱོད་རང་ཚོང་རྫས་རྫུན་མའམ་ངན་སེམས་ཅན་གྱི་ཁྲིམས་འགལ་བྱ་སྤྱོད་ལ་གདོང་གཏད་དུས་ཇི་ལྟར་ཞུ་གཏུག་དང་ཐེར་འདོན་བྱ་དགོས་ཤེ་ན།
          རང་ཉིད་ཀྱི་ཁེ་དབང་ལ་གནོད་པ་ཐེབས་སྐབས་འཛད་སྤྱོད་པའི་མཐུན་ཚོགས་ལ་ཞུ་གཏུག་དང་ཐེར་འདོན་བྱེད་པའམ་ཡང་ན12315ལ་ཁ་པར་བཏང་སྟེ་ཞུ་གཏུག་བྱ་དགོས་ལ། གཏུག་མཁན་དང་གཏུག་ཡུལ་གྱི་ཆ་འཕྲིན་དང་། དེ་བཞིན་ཚོང་ཟོག་ཉོས་པ་དང་ཡང་ན་ཞབས་ཞུ་དང་ལེན་གྱི་གནས་ཚུལ་སོགས་གསལ་བཤད་བྱ་དགོས།
          གཞན་པའི་ཆེད་དམིགས་ཞུ་གཏུག་ཁ་པར་ཨང་གྲངས།
          ཟས་རིགས་དང་སྨན་རྫས་ཀྱི་ཞུ་གཏུག་ཁ་པར། 
          12331
          ཁོར་ཡུག་སྲུང་སྐྱོང་གི་ཞུ་གཏུག་ཁ་པར།  
          12369
          རིན་གོང་ཐེར་འདོན་གྱི་ཁ་པར།  
          12358
          གད་སྙིགས་འཕྲིན་ཐུང་གི་ཐེར་འདོན་ཁ་པར།  
          12321
          རྫུན་འགོག་འདྲི་རྩད་ཀྱི་ཁ་པར།  
          12365
          ལས་ཁུངས་སྒྲིག་གཞིའི་སྒྲིག་འགལ་གྱི་ཐེར་འདོན་ཁ་པར།  
          12310
          ངལ་རྩོལ་བའི་ཁེ་དབང་སྲུང་སྐྱོང་གི་ཁ་པར།  
          12333
          རྩ་འཛུགས་པུའུ་ཡི་ཆེད་སྤྱོད་ཐེར་འདོན་ཁ་པར།  
          12380 
          གློག་འཕྲིན་འཛད་སྤྱོད་པའི་ཞུ་གཏུག་ཁ་པར།  
          12300
          རྒྱལ་ཡོངས་ཀྱི་རིག་གནས་ཁྲོམ་རའི་ཐེར་འདོན་ཁ་པར།  
          12318
          གྲོང་ཁྱེར་དོ་དམ་གྱི་ཁ་པར།  
          12319
          སྤྱི་པའི་འཕྲོད་བསྟེན་སྤྱི་ཕན་གྱི་ཁ་པར།  
          12320 
          བཞི། འཛད་སྤྱོད་པས་རང་ཉིད་ལ་ཇི་ལྟར་སྲུང་སྐྱོང་བྱ་དགོས།
          1. དངོས་པོ་ཉོ་སྐབས་ཚོང་ཟོག་ལ་ནན་ཏན་སྒོས་ལྟ་ཞིབ་བྱ་དགོས་ཏེ། བརྡ་ཁྱབ་འདྲ་མིན་སྣ་ཚོགས་ཀྱིས་ནམ་མཁའ་གང་བཞིན་པའི་དུས་རབས་འདིར་བརྡ་ཁྱབ་ལ་དེ་འདྲའི་མཐོང་ཆེན་བྱ་མི་རུང་།
          2. རྒྱུས་མངའ་མེད་པའི་ཚོང་ཟོག་དེའི་རིགས་བྲེལ་འཚུབ་ཀྱིས་ཉོ་མི་རུང་། མ་ཉོས་གོང་ལ་གྲ་སྒྲིག་ཡོད་པའི་སྒོ་ནས་འབྲེལ་ཡོད་ཆ་འཕྲིན་དག་འཚོལ་སྡུད་བྱ་དགོས།
          3. ཚོང་ཟོག་ཞིབ་བསྡུར་བྱས་ཏེ་གདེང་ཚོད་ཡོད་པར་བྱ་དགོས་ལ། ཞབས་ཞུའི་འགན་སྲུང་ཡོད་པའི་ཚོང་པ་འཚོལ་དགོས། 
          4. གསལ་བཤད་ཡི་གེར་ལྟ་ཀློག་བྱེད་པའི་གོམས་གཤིས་ཆགས་དགོས་ལ། ཚོང་ཟོག་གི་མིང་དང་བཟོ་གྲྭའི་མིང་། བཟོ་གྲྭའི་ས་གནས། ཚད་གཞི་དང་བཟོ་རྟགས། ཐོན་སྐྱེད་ཆོག་མཆན་ཨང་གྲངས། ཐོན་ལས་དུས་ཚོད། ཞིབ་བཤེར་ཚད་ལོན་མཚོན་རྟགས་སོགས་ལ་མཉམ་འཇོག་བྱ་དགོས། 
          5. ཚོང་རྟགས་གཏན་ཁེལ་བྱ་དགོས་ཤིང་། བེད་སྤྱོད་ཀྱི་ཚོང་ཟོག་དཔེར་ན་གློག་ཆས་ཀྱི་རིགས་ཡིན་ན། ས་དེ་རུ་ཚོང་ཟོག་གི་ནུས་པར་ཞིབ་བཤེར་དང་ཚོད་ལྟ་སོགས་བྱ་དགོས།
          6. ཚོང་ཉོའི་འཛིན་ཤོག་དང་འགན་བཅོས་ཡི་གེ་ལེན་དགོས་པར་མ་ཟད། ཉིད་ཀྱི་ཁེ་དབང་སྲུང་སྐྱོང་གི་དོན་དུ་ཉར་ཚགས་ཡག་པོ་བྱ་དགོས།
          7. རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི“འགན་སྲུང་གསུམ”གྱི་དུས་ཡུན་ནང་དུ་ཚོང་པའི་ལག་ནས་སྐྱིན་ཚབ་ལེན་དགོས། 
          8. འཛད་སྤྱོད་ཀྱི་རྩོད་གཞི་ལྷོད་ལ་བབས་ཏེ་བསྒྲུབ་དགོས་ཤིང་། ཁྲིམས་ལྟར་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་དགོས་སོ། །