ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ངལ་རྩོལ་པར་ཁེ་དབང་དང་འོས་འགན་གང་དག་ཡོད།

སྤེལ་དུས 2019-05-17 ཡོང་ཁུངས། མཚོ་སྔོན་ཉིན་ཚགས། རྩོམ་པ་པོ།
          《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》སུ་ངལ་རྩོལ་པར་ཁེ་དབང་དང་འོས་འགན་འདི་དག་གཏན་འབེབས་བྱས་ཡོད་དེ། 
          1. ངལ་རྩོལ་པའི་ཁེ་དབང་།     
          ངལ་རྩོལ་གྱི་ཐོབ་ཆ་ལེན་དབང་དང་ངལ་གསོའི་དབང་ཆ། ངལ་རྩོལ་སྲུང་སྐྱོང་བྱེད་དབང་། ལས་རིགས་གསོ་སྐྱོང་སྦྱོང་བརྡར་བྱེད་དབང་། སྤྱི་ཚོགས་ཀྱི་འགན་བཅོལ་དང་ཕན་བདེའི་ཐོབ་དབང་། ངལ་རྩོལ་གྱི་རྩོད་གཞི་ཐག་གཅོད་བྱེད་རོགས་ཞུ་དབང་བཅས་ཡོད།  
          2. ངལ་རྩོལ་པའི་འོས་འགན།    
          ངལ་རྩོལ་འོས་འགན་དང་ལས་རིགས་རྩལ་ནུས་མཐོར་འདེགས་ཀྱི་འོས་འགན། བདེ་འཇགས་འཕྲོད་བསྟེན་སྤུང་གསོག་དང་ངལ་རྩོལ་སྒྲིག་ཁྲིམས་ལག་བསྟར་གྱི་འོས་འགན། ལས་རིགས་ཀུན་སྤྱོད་བརྩི་སྲུང་བྱེད་པའི་འོས་འགན། བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་འོས་འགན་གཞན་དག་སྟེ། དཔེར་ན་བཅའ་ཁྲིམས་ལྟར་ངལ་རྩོལ་གན་རྒྱ་འགྲེམ་སྤེལ་གྱི་འོས་འགན་དང་གསང་བའི་འོས་འགན། སྤྱི་ཚོགས་ཀྱི་འགན་བཅོལ་ནང་ཞུགས་པའི་འོས་འགན། ཉེན་འགོག་འགན་ལེན་གྱི་གྲོན་དངུལ་སྤྲོད་པའི་འོས་འགན་སོགས་ལྟ་བུའོ། ། 
          མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ཁྲིམས་འགལ་ངང་ངལ་རྩོལ་སྐོར་གྱི་གན་རྒྱ་ཕྱིར་འཐེན་ནམ་མཚམས་འཇོག་བྱས་ན་ཇི་ལྟར་ཐག་གཅོད་བྱ་དགོས། 
          《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན48པ་དང87པའི་གཏན་ཁེལ་ལྟར་ན། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ཁྲིམས་འགལ་ངང་ངལ་རྩོལ་སྐོར་གྱི་གན་རྒྱ་ཕྱིར་འཐེན་བྱེད་པའམ་མཚམས་བཞག་པ་དང་། ངལ་རྩོལ་པས་ངལ་རྩོལ་སྐོར་གྱི་གན་རྒྱ་མུ་མཐུད་དུ་ལག་བསྟར་བྱེད་པའི་རེ་བ་བཏོན་ཚེ། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་མུ་མཐུད་དུ་ལག་བསྟར་བྱ་དགོས་ལ། ངལ་རྩོལ་པས་མུ་མཐུད་དུ་ངལ་རྩོལ་གན་རྒྱ་ལག་བསྟར་བྱ་རྒྱུའི་རེ་བ་མ་བཏོན་པའམ་ཡང་ན་ངལ་རྩོལ་གན་རྒྱ་མུ་མཐུད་དུ་ལག་བསྟར་བྱེད་མི་ཐུབ་ན། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་དཔལ་འབྱོར་སྐྱིན་གསབ་ཚད་གཞིའི་ལྡབ་གཉིས་ལྟར་ངལ་རྩོལ་པར་སྐྱིན་ཚབ་འཇལ་དངུལ་སྤྲོད་དགོས།
          ངལ་རྩོལ་པར་གཤམ་གསལ་གནས་ཚུལ་ལས་རིགས་གང་ཞིག་བྱུང་ཚེ། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ་གན་རྒྱ་ཕྱིར་འཐེན་བྱས་མི་ཆོག
          1. ལས་ནད་ཕོག་པའམ་ཡང་ན་ལས་ཐོག་ཏུ་རྨས་སྐྱོན་བྱུང་བ་མ་ཟད་ངལ་རྩོལ་ནུས་ཤུགས་ཤོར་བ་ངོས་འཛིན་ངེས་གཏན་བྱས་རིགས།  
          2. ནད་ཕོག་པའམ་ཡང་ན་རྨས་སྐྱོན་བྱུང་བས་གཏན་ལ་ཕབ་པའི་དུས་ཡུན་ནང་སྨན་བཅོས་བྱེད་བཞིན་པའི་མི།
          3. ཕྲུ་གུ་འཁོར་བ་དང་སྐྱེ་བ། ནུ་མ་སྟེར་བ་བཅས་ཀྱི་དུས་སུ་ཁེལ་པའི་བུད་མེད་ལས་བཟོ་བ།
          4. བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་གནས་ཚུལ་གཞན་དག་བཅས་ཡིན།
          ངལ་རྩོལ་གྱི་གན་རྒྱར་ངེས་པར་དུ་ཚང་དགོས་པའི་དོན་ཚན་གང་དག་ཡོད། 
          《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན17པའི་གཏན་འབེབས་ལྟར་ན། ངལ་རྩོལ་གན་རྒྱའི་དགོས་ངེས་ཀྱི་དོན་ཚན་ནང་དུ།     
          1. མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱི་མིང་དང་སྡོད་གནས། ཁྲིམས་བཀོད་འཐུས་ཚབ་པའམ་ཡང་ན་འགན་ཁུར་བ་གཙོ་བོ།     
          2. ངལ་རྩོལ་པའི་རུས་མིང་དང་སྡོད་གནས། ཡུལ་མིའི་ཐོབ་ཐང་ལག་ཁྱེར་བཅས་སམ་ཡང་ན་གོ་ཆོད་པའི་ལག་ཁྱེར་གཞན་དག་གི་ཨང་གྲངས།
          3. ངལ་རྩོལ་གན་རྒྱའི་དུས་བཀག
          4. ལས་ཀའི་ནང་དོན་དང་ལས་གནས།
          5. ལས་ཀ་བྱེད་ཡུན་དང་ངལ་གསོ་དང་གུང་གསེང་།
          6. ངལ་རྩོལ་གྱི་ཐོབ་ཆ།
          7. སྤྱི་ཚོགས་ཀྱི་འགན་བཅོལ།
          8. ངལ་རྩོལ་སྲུང་སྐྱོང་དང་ངལ་རྩོལ་ཆ་རྐྱེན་དང་ལས་རིགས་ཀྱི་གནོད་འཚེ་འགོག་སྲུང་།     
          9. བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ངལ་རྩོལ་གན་རྒྱའི་ནང་འཇུག་དགོས་པའི་གཏན་འབེབས་བྱས་པའི་དོན་ཚན་གཞན་དག་བཅས་ཡིན། 
          《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》བཙུགས་པ་དེས་ཚད་ངེས་ཅན་ཞིག་གི་སྟེང་ནས་ངལ་རྩོལ་པའི་ཁེ་ཕན་དང་ཁེ་དབང་སྲུང་སྐྱོང་བྱས་པ་དང་། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱི་སྒེར་གཅོད་རང་བཞིན་ལ་ནུས་ལྡན་ངང་ཚོད་འཛིན་བྱས་ཡོད། འོ་ན། ལས་གནས་སུ་ཞུགས་པའི་མི་རྣམས་ལ་མཚོན་ན།《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་ནང་དོན་ནི་མེད་དུ་མི་རུང་བའི་ལྷུ་ཚིགས་ཤིག་ཡིན་ལ། 《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་ནང་དོན་དང་དོན་ཚན་ལ་རྒྱུས་ལོན་གང་ལེགས་བྱས་ན། ད་གཟོད་རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོང་དང་མི་སྒེར་གྱི་ཁེ་ཕན་ལ་གནོད་འཚེ་མི་ཐེབས་པར་བྱ་ཐུབ།
རྩོམ་སྒྲིག་པ། རྡོ་རྗེ།