ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

བོད་ལྗོངས་ཀྱིས་རྒན་གསོ་འགན་བཅོལ་ཚན་པའི་འཇལ་དངུལ་སྡུར་ཚད་དམའ་རུ་བཏང་བ།

སྤེལ་དུས 2019-05-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པ་ལྟར་ན། བོད་ལྗོངས་ཀྱིས་ཟླ་5ཚེས་1ཉིན་ནས་རྒན་གསོ་འགན་བཅོལ་ཚན་པའི་འཇལ་དངུལ་སྡུར་ཚད་དམའ་རུ་བཏང་སྟེ་དུས་མཚམས་རང་བཞིན་གྱི་སྒོ་ནས་ལས་ཤོར་འགན་བཅོལ་དང་ལས་རྨས་འགན་བཅོལ་གྱི་དངུལ་ཚད་མུ་མཐུད་དམའ་རུ་གཏོང་མཁན་ཡིན་པ་རེད།
          2019ལོའི་ཟླ་5ཚེས་1ཉིན་ནས་ལག་བསྟར་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་འགན་བཅོལ་དངུལ་ཚད་དམའ་རུ་གཏོང་བའི་ཕྱོགས་བསྡུས་ཇུས་གཞིའི》ནང་། ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ཚན་པའི་འཇལ་དངུལ་སྡུར་ཚད་ད་ལྟ་ལག་བསྟར་བྱེད་པའི19%ནས་16%བར་གཅོག་རྒྱུ་དང་། ལས་ཁུངས་བྱ་གཞག་ཚན་པའི་གཞི་རྩའི་རྒན་གསོ་འགན་བཅོལ་ཚན་པའི་འཇལ་དངུལ་བསྡུར་ཚད་དེ་ད་ལྟ་ལག་བསྟར་བྱེད་པའི་20%ནས་16%བར་གཅོག་རྒྱུ། ལས་ཤོར་འགན་བཅོལ་གྱི་དུས་མཚམས་རང་བཞིན་གྱི་དངུལ་ཚད་ཉུང་གཏོང་གི་དུས་ཡུན་2020ལོའི་ཟླ་4ཚེས་30ཉིན་བར་རིང་དུ་བཏང་ནས་སྤྱིའི་དངུལ་ཚད་ལྟར་1%ལག་བསྟར(ཚན་པ་དང་མི་སྒེར་གྱི་འཇལ་དངུལ་གྱི་དངུལ་ཚད་སོ་སོར་0.5%ཡིན་པ)བྱ་རྒྱུ། མུ་མཐུད་ལས་རྨས་འགན་བཅོལ་གྱི་དངུལ་ཚད་དམའ་རུ་གཏོང་བའི་སྲིད་ཇུས་2020ལོའི་ཟླ་4ཚེས་30ཉིན(བཟོ་སྐྲུན་དང་། གཏེར་རི། རྡོ་རྒྱུ་ལས་སྣོན་ཁེ་ལས་བཅས་ཀྱི་ལས་རྨས་རྣམ་གྲངས་ཀྱི་འགན་བཅོལ་ལ་ཞུགས་པའི་ཐོ་འགོད་ཚུད་མེད)བར་ལག་བསྟར་བྱེད་རྒྱུ་སྟེ། ད་ལྟ་ལག་བསྟར་བྱེད་པའི་དངུལ་ཚད་0.2%ནས་1.9%ཡི་རྨང་གཞིའི་ཐོག་50%དམའ་རུ་བཏང་ནས་0.1%ནས0.95%བར་གཅོག་རྒྱུ་རེད་ཅེས་བསྟན་ཡོད།
རྩོམ་སྒྲིག་པ། རིན་སྒྲོལ།