ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

རླངས་འཁོར་ཉོ་མཁན་ཚོས་གཏམ་བཟང་འདིར་ངེས་པར་དུ་གཟིགས་དགོས།

སྤེལ་དུས 2019-06-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྤྱི་ཟླ་6ཚེས་6ཉིན་གྱི་ཕྱི་དྲོ།  རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་།  སྣོད་བཅུད་ཁོར་ཡུག་པུའུ།  ཚོང་དོན་པུའུ་བཅས་ཀྱིས་《འཛད་སྤྱོད་དངོས་པོ་གཙོ་བོ་གསར་སྒྱུར་རིམ་སྤོར་དང་ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི(2019ལོ་ནས་2020ལོ་བར)》པར་འགྲེམས་བྱས་ཤིང་།  དེ་རུ་བཏོན་པའི་ཆ་འཕྲིན་མང་པོ་ང་ཚོ་དང་འབྲེལ་བ་ཤིན་ཏུ་ཆེ། 
          རླངས་འཁོར་འཛད་སྤྱོད་སྐོར། 
          1.ནུས་ཁུངས་གསར་པའི་རླངས་འཁོར་ཉོ་རྒྱུར་ཚོད་འཛིན་མི་བྱེད་པ། 

          ཇུས་གཞིའི་ནང་ས་གནས་ཁག་གིས་ནུས་རྒྱུ་གསར་པའི་རླངས་འཁོར་ལ་འགྲོ་སྐྱོད་ཚོད་འཛིན་དང་ཉོ་སྒྲུབ་ཚོད་འཛིན་བྱེད་མི་ཆོག་པ་དང་། ལག་བསྟར་བྱས་ཟིན་པ་རྣམས་མེད་པར་བཟོ་དགོས་པ་བཏོན་ཡོད། ས་གནས་ཀྱིས་རླངས་འཁོར་མེད་པའི་ཁྱིམ་ཚང་ལ་ནུས་ཁུངས་གསར་པའི་རླངས་འཁོར་ཐོག་མ་ཉོ་བར་བསྔགས་སྐུལ་བྱ་དགོས་པ་དང་། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་རླངས་འཁོར་འཇོག་རིན་སོགས་ཀྱི་ཐད་ནས་ནུས་ཁུངས་གསར་པའི་རླངས་འཁོར་ལ་གཟིགས་སྐྱོང་དང་། ཕྱིར་འབུད་མེད་པའི་ཁུལ་ཚོད་ལྟ་བྱེད་པར་འཚོལ་ཞིབ་བྱ་དགོས་ཞེས་བཏོན་ཡོད། 
          2.ཉོ་སྒྲུབ་ཚོད་འཛིན་གྱི་གཏན་འབེབས་གསར་པ་འདོན་རྒྱུ་གཏན་འགོག་བྱེད་དགོས། 
          ཇུས་གཞིའི་ནང་ས་གནས་ཁག་གིས་རླངས་འཁོར་ཉོ་སྒྲུབ་ཚོད་འཛིན་གྱི་གཏན་འབེབས་གསར་པ་འདོན་རྒྱུ་གཏན་འགོག་བྱས་ཏེ། རླངས་འཁོར་ཉོ་སྒྲུབ་ཚོད་འཛིན་ལག་བསྟར་བྱས་ཟིན་པའི་ས་གནས་སྲིད་གཞུང་གིས་གྲོང་ཁྱེར་གྱི་འགྲིམ་འགྲུལ་འགག་པ་དང་། སྦགས་བཙོག་བཅོས་སྐྱོང་།  འགྲིམ་འགྲུལ་དགོས་མཁོ་བཅས་ལ་གཞིགས་ནས་དོ་དམ་ཚོད་འཛིན་གྱི་ཕན་འབྲས་ལ་གཞིགས་ནས། ཉོ་སྒྲུབ་ཚོད་འཛིན་བྱེད་པ་ནས་བཀོལ་སྤྱོད་ལ་ཁྲིད་སྟོན་བྱེད་པ་དང་།  ལམ་དུམ་བུ་འགག་པའི་གནས་ཚུལ་དང་ཟུང་འབྲེལ་གྱིས་འགག་པའི་ས་ཁོངས་ནང་རླངས་འཁོར་རིགས་དབྱེ་བེད་སྤྱོད་ཀྱི་སྲིད་ཇུས་ཞིབ་འཇུག་དང་འཚོལ་ཞིབ་བྱས་ཏེ། རྩ་དོན་ཐོག་འགག་པའི་ས་ཁོངས་ཕྱི་རོལ་དུ་ཉོ་སྒྲུབ་ཚོད་འཛིན་མི་བྱེད་པ་ཞེས་བཏོན་ཡོད། 
          3.རླངས་འཁོར་རྙིང་པ་གནས་སྤོ་བྱེད་པར་ཚོད་འཛིན་མི་བྱེད་པ། 
          ཇུས་གཞིའི་ནང་རླངས་འཁོར་རྙིང་པ་གནས་སྤོ་ཚོད་འཛིན་གྱི་སྲིད་ཇུས་མཐའ་གཅིག་ཏུ་མེད་པར་བཟོས་ནས། ས་གནས་ཁག་གིས་ཁོར་ཡུག་སྲུང་སྐྱོང་དང་བདེ་འཇགས་ལོ་བཤེར་ནུས་ལྡན་ཡིན་པ་མ་ཟད།  གནས་སྤོ་བྱ་ཡུལ་གྱི་རླངས་འཁོར་གཏོང་འབུད་ཚད་གཞི་དང་མཐུན་པའི་རླངས་འཁོར་རྙིང་པ་ལ་ཉོ་ཚོང་སྟབས་བདེ་དང་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱ་ཐབས་ཧུར་ཐག་འདོན་དགོས་ཞེས་བཏོན་ཡོད། རླངས་འཁོར་རྙིང་པ་གཞན་ཡུལ་དུ་ཉོ་ཚོང་བྱ་རྒྱུ་ཁྱབ་སྤེལ་གཏོང་བ་དང་།  རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རླངས་འཁོར་ས་ཁོངས་བསྒྱུར་བའི་ཆ་འཕྲིན་དྲ་བ་རིམ་བཞིན་བརྒྱུད་གཏོང་བྱེད་པ་མ་ཟད། ཉོ་ཚོང་བྱ་ཡུལ་དུ་སྤོ་སྒྱུར་ཐོ་འགོད་འགྲོ་ལུགས་འགྲིམ་དགོས་པ་བཏོན་ཡོད། 
          4.ཡུལ་མི་ཚོ།  རླངས་འཁོར་ཉོ་བར་ཤོག
          ས་གཞིའི་ནང་གྲོང་གསེབ་ཀྱི་ཡུལ་མིས་འཁོར་གསུམ་རླངས་འཁོར་བེད་མེད་དུ་བཏང་བ་དང་འབྲེལ་ཏུན་3.5དང་དེའི་མན་གྱི་ཟོག་འདྲེན་རླངས་འཁོར་ཉོ་བའམ་ཡང་ན་འབུད་ཚད་ཧྲེང་1.6དང་དེའི་མན་གྱི་མི་སྡོད་རླངས་འཁོར་ཉོ་པར། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་དངོས་ཟོག་མཁོ་འདོན་ཁེ་ལས་ལ་འོས་འཚམ་གྱི་རྒྱབ་སྐྱོར་བྱེད་དགོས་པ་བཏོན་ཡོད། 
          ས་ཁུལ་རིམ་པ་དང་དེའི་མན་གྱི་གྲོང་ཁྱེར་དང་གྲོང་གསེབ་ས་ཁུལ་གྱི་རླངས་འཁོར་དངུལ་རྩའི་ཞབས་ཞུའི་ནུས་ལྡན་མཁོ་འདོན་གསར་སྣོན་བྱེད་དགོས་པ་བཏོན་ཡོད། 
          5.ནུས་རྒྱུ་གསར་པའི་རླངས་འཁོར་དེ་བས་རིང་བའི་ས་ཆར་གཏོང་བ། 
          ཇུས་གཞིའི་ནང་འཁོར་སྤྱོད་སྒུལ་ཤུགས་གློག་སྨན་རབས་གསར་པ་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་ཅན་དུ་འགྱུར་ཚད་མགྱོགས་སུ་གཏོང་བ་དང་། གློག་རྫས་ཀྱི་ནུས་ཚད་འདུས་ཚད་དང་བདེ་འཇགས་རང་བཞིན་ཆེ་རུ་བཏང་ནས།  གློག་རྫས་ལས་སྟེགས་ཅན་དང་ཚད་ལྡན་ཅན་རིམ་བཞིན་མངོན་འགྱུར་ཡོང་བ་བྱས་ཏེ་གློག་རྫས་ཀྱི་མ་གནས་དམའ་རུ་གཏོང་དགོས་ཞེས་བཏོན་ཡོད། 
          ནུས་ཁུངས་གསར་པའི་རླངས་འཁོར་དང་གློག་རྫས་བོགས་མར་གཏོང་ལེན་སོགས་རླངས་འཁོར་དང་གློག་ལོགས་སུ་འབྱེད་པའི་འཛད་སྤྱོད་བྱེད་སྟངས་ཁྱབ་སྤེལ་གཏོང་བ་དང་། རླངས་འཁོར་ཉོ་བའི་མ་གནས་དམའ་རུ་གཏོང་དགོས། 
          ནུས་ཚད་མཐོ་བའི་མྱུར་གསོག་དང་།  སྐུད་མེད་གློག་གསོག སྤོ་སྒུལ་གློག་གསོག་སོགས་ལག་རྩལ་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། 

          6.ཕི་ཁ་(皮卡)ཡང་གྲོང་ཁྱེར་དུ་འགྲོ་ཆོག
          ཇུས་གཞིའི་ནང་ཆ་རྐྱེན་འཛོམས་པའི་ས་ཁུལ་རིམ་པ་དང་དེ་མན་གྱི་གྲོང་ཁྱེར་ལ་སྐུལ་མ་བཏང་ནས། ཕི་ཁ་གྲོང་ཁྱེར་དུ་སྐྱོད་པའི་ཚོད་འཛིན་མེད་པར་བཟོ་རྒྱུ་མགྱོགས་སུ་གཏོང་དགོས་ཞེས་བཏོན་ཡོད།
རྩོམ་སྒྲིག་པ། རྡོ་རྗེ།