ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ཁ་པར་ནང་གཉེན་ཆས་འདི་ཕབ་ན་སྤྱི་ཚོགས་འགན་སྲུང་གཱའི་ལས་སྒོ་གཉེར་ཐུབ།

སྤེལ་དུས 2019-08-28 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
        ཁྱེད་ཀྱིས་ཁ་པར་ནང་ལྷ་སའི་སྤྱི་ཚོགས་འགན་སྲུང་གཱ་ཡི་APP(拉萨掌上社保APP)གཉེན་ཆས་འདི་ཕབ་ལེན་བྱས་ཚེ། སྔོན་ཆད་ལྟར་ཡི་གེ་བརྗེས་མི་དགོས་པར་ཁ་པར་ངོས་ནས་རྒྱ་བོད་ཡི་གེ་གཉིས་མངོན་ཡོང་།
        ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་འགན་སྲུང་འདྲི་རྩད་ལས་སྟེགས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་འགན་སྲུང་གི་འདྲི་རྩད་ཞབས་ཞུར་ཆེད་མངགས་དོ་ཁུར་བྱས་ནས། “ཚེ་གང་ཐོ་འགོད་དང་། ཚེ་གང་འགན་སྲུང་། ཚེ་གང་ཞབས་ཞུ”བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། ཁྱེད་ལ་སྤྱི་ཚོགས་འགན་སྲུང་གི་མི་སྒེར་གྱི་ཁེ་དབང་ཟིན་ཐོ་ཞིབ་ཕྲ་གསལ་འགྲེལ་བྱ་རྒྱུ། 
        ལས་ཁུངས་ལ་འདྲི་དགོས་མེད་ལ། སྤྱི་ཚོགས་འགན་སྲུང་སྒྲུབ་གཉེར་སྒྲིག་གཞིར་ཡང་འགྲོ་མི་དགོས་པར། ལག་ཐོགས་ཁ་པར་ནང་སྤྱི་ཚོགས་འགན་སྲུང་གི་ཆ་འཕྲིན་འདྲི་རྩད་བྱེད་ཐུབ་ཀྱི་ཡོད། འགན་སྲུང་ལ་ཞུགས་པའི་ཆ་འཕྲིན་དང་། ཁྲལ་འཇལ་ཆ་འཕྲིན། གསར་འགྱུར་སྲིད་ཇུས་བཅས་ཅི་ཞིག་དགོས་ན་ཚང་མ་ཡོད་ཅིང་། སྤྱི་ཚོགས་འགན་སྲུང་གི་དོགས་འདྲིར་དྲ་ཐོག་ནས་ལན་རྒྱག་པ་དང་། དམིགས་བཙུགས་སྨན་ཁང་ལ་དུས་ཐོག་ཏུ་བསྟེན་ཆོག་པ་སོགས་ཀྱི་བྱེད་ནུས་མང་པོ་ལྡན་པས་ཁྱེད་ཀྱིས་ཚོད་ལྟ་ལན་གཅིག་གནང་ཆོག 
        བྱེད་ནུས་དང་པོ། 
        སྤྱི་ཚོགས་འགན་སྲུང་གི་དངུལ་འཇལ་བའི་ཆ་འཕྲིན་འདྲི་རྩད་ཞབས་ཞུ་ཡོད་པས། མི་སྒེར་གྱི་ཆ་འཕྲིན་དང་། སྤྱི་ཚོགས་འགན་སྲུང་ལ་ཞུགས་པའི་གནས་ཚུལ། འགན་སྲུང་དངུལ་འཇལ་བའི་གྲངས་གཞི་ཞིབ་ཕྲ་སོགས་འདྲི་རྩད་བྱེད་ཐུབ་ལ། ད་དུང་དུས་ཐོག་ཏུརང་གི་སྨན་བཅོས་གཱ་ཡི་འཛད་སྤྱོད་ཀྱི་གནས་ཚུལ་ཞིབ་ཕྲ་དང་དངུལ་་ལྷག་མ་སོགས་ཀྱི་ཆ་འཕྲིན་ཡང་བལྟ་ཐུབ།
        བྱེད་ནུས་གཉིས་པ།  
        གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་རེ་ཞུའི་ཞབས་ཞུ་མཁོ་འདོན་བྱེད་ཐུབ། གལ་སྲིད་གཱ་འཁྱེར་རྒྱུ་ལུས་ན། གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་ནང་འབྲེལ་ཡོད་སྤྱི་ཚོགས་འགན་སྲུང་གི་ལས་སྒོ་གཉེར་ཆོག
        བྱེད་ནུས་གསུམ་པ།
        སྤྱི་ཚོགས་འགན་སྲུང་གི་སྤྱི་བསྒྲགས་དང་ལེན་བྱ་ཐུབ། APPལ་ཡོད་པའི་ལྷ་ས་གྲོང་ཁྱེར་གྱི་འགན་སྲུང་སྲིད་ཇུས་དང་རྒྱུན་ལྡན་དྲི་བ་དྲིས་ལན་དག་འཕྲུལ་མིས་ལན་རྒྱག་གི་ཡོད་པས། རྒྱུན་དུ་འཕྲད་པའི་གནད་དོན་ལ་འཕྲལ་མར་ལན་རྒྱག་གི་ཡོད།
        བྱེད་ནུས་བཞི་པ། 
        འགན་སྲུང་ནང་ཞུགས་པའི་ཆ་འཕྲིན་དྲ་ཐོག་ནས་འདྲི་རྩད་དང་། འགན་སྲུང་ནང་ཞུགས་པའི་ཟིན་ཐོ་ཞིབ་ཕྲ་དུས་ཐོག་ཏུ་ལྟ་བའི་བྱེད་ནུས་ལྡན།  

རྩོམ་སྒྲིག་པ། རིན་སྒྲོལ།