“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ཉི་མ་བཀག་ན་ཁྲིམས་འགལ་ཡིན།

སྤེལ་དུས 2020-01-02 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
           དགུན་དུས་ཟིན་པས་ཉིན་རེ་ལས་མི་རྣམས་ལ་ཉི་འོད་དང་དཀར་ཆའི་དགོས་མཁོ་ཇེ་ཆེར་འགྲོ་བཞིན་ཡོད། དེའི་དབང་གིས་གྲོང་པ་ཁྱིམ་མཚེས་བར་རྩོད་གླེང་དང་ཐ་ན་ཁ་མཆུ་ཡང་ཡོང་གི་ཡོད། འོ་ན་ང་ཚོས་རང་ཉིད་ལ་དབང་བའི་ཉི་འོད་དང་དཀར་ཆ་ཅི་ལྟར་བརྩོན་ལེན་བྱ་དགོས་ཞེ་ན།

           ཉི་འོད་དང་དཀར་ཆའི་དབང་ཆ་ཞེས་པ་ནི་ཁང་པའི་བདག་པོའམ། ཡང་ན་ཁང་པ་བེད་སྤྱོད་བྱེད་མཁན་ལ་ཕྱི་རོལ་ནས་ཉི་འོད་དང་དཀར་ཆ་འཕྲོ་རྒྱུའི་དབང་ཆ་ལོངས་སུ་སྤྱོད་པར་ཟེར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་ནང་གི་ཚད་ལྡན་སྡོད་ཁུལ་འཆར་འགོད་གཏན་འབེབས་ནང་། གྲོང་ཁྱེར་ཆེན་མོའི་ནང་གི་སྡོད་གནས་ཁུལ་དུ་ཉི་མ་ཕོག་ཚད་དེ་གྲང་ངར་ཆེ་སྐབས་ཉི་མ་རེར་ཆུ་ཚོད་གཉིས་ལས་མི་ཉུང་བ་དང་། དགུན་ཉི་ལྡོག་སྐབས་ཉི་མ་རེར་ཆུ་ཚོད་གཅིག་ལས་མི་ཉུང་བ། རྒན་འཁོགས་སྡོད་གནས་ཁུལ་འཛུགས་སྐྲུན་བྱེད་སྐབས་དགུན་ཉི་ལྡོག་སྐབས་ཉི་མ་རེར་ཆུ་ཚོད་༢ལས་མི་ཉུང་བ་དགོས་པ་དང་། སྔར་ཡོད་ཀྱི་འཆར་འགོད་སྟེང་རྗེས་སུ་ཨར་སྐྲུན་འཕར་མ་གང་ཞིག་བརྒྱབ་ཀྱང་གྲོང་པ་ཁྱིམ་མཚེས་ཀྱི་སྔར་ཡོད་ཀྱི་ཉི་འོད་འཕྲོ་ཚད་ལ་སྐྱོན་མི་ཕོག་པར་བྱ་དགོས། སྡོད་ཁུལ་རྙིང་པ་བསྒྱུར་བཀོད་བྱས་ཏེ་སྡོད་ཁང་གསར་པ་རྒྱག་སྐབས་ཉི་མ་ཕོག་ཚད་དེ་སྔར་ལས་ཅུང་ཉུང་ཙམ་བྱས་ཆོག་མོད། གྲང་ངར་ཆེ་སྐབས་ཉི་མ་རེར་ཆུ་ཚོད་གཅིག་ལས་མི་ཉུང་བའི་འགན་ལེན་ཐུབ་པར་བྱ་དགོས། མིག་སྔར་ཚད་གཞི་དེ་ཉི་འོད་དང་དཀར་ཆའི་དབང་ཆར་བཙན་གནོད་བྱས་ཡོད་མེད་ཀྱི་ཁྲིམས་ལུགས་ཀྱི་གཞི་འཛིན་ས་ཡིན། དེ་ཡང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དངོས་པོའི་བདག་དབང་ཁྲིམས་ལུགས་ཀྱི་དོན་ཚན་༨༩ནང་། ཨར་སྐྲུན་བྱེད་སྐབས། རྒྱལ་ཁབ་ཀྱི་ཨར་སྐྲུན་ཚད་གཞིའི་འབྲེལ་ཡོད་གཏན་འབེབ་ལས་འགལ་ནས། གྲོང་པ་ཁྱིམ་མཚེས་ཀྱི་ཁང་པའི་ཁ་རླུང་འཁོར་རྒྱུག་དང་། དཀར་ཆ་དང་ཉི་འོད་བཀག་པ་སོགས་བྱས་མི་ཆོག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱི་བགྲོས་རྩ་སྲོལ་གྱི་དོན་ཚན་༨༣ནང་། གཏན་འཇགས་ས་ཁང་གི་གྲོང་པ་ཁྱིམ་མཚེས་བར་ཐོན་སྐྱེད་བྱེད་བདེ་བ་དང་། འཚོ་བ་སྐྱེལ་བདེ་བ། མཐུན་སྒྲིལ་རོགས་རམ། འདྲ་མཉམ་ལུགས་མཐུན་གྱི་སྙིང་སྟོབས་ལྟར་ཡང་དག་པའི་སྒོ་ནས་ཆུ་འདྲེན་ཆུ་དོར་དང་། ཁ་རླུང་འཁོར་རྒྱུག འགྲོ་ལམ། ཉི་འོད་སོགས་ཀྱི་ཐད་གྲོང་པ་ཁྱིམ་མཚེས་འབྲེལ་བ་ཡག་པོ་བྱ་དགོས། གལ་སྲིད་གྲོང་པ་ཁྱིམ་མཚེས་ལ་གྱོང་གུན་ཕོག་ཡོད་ན། བཙན་གནོད་བྱེད་མཚམས་བཞག་ནས་འགལ་རྐྱེན་སེལ་བ་དང་། གྱོང་གུན་ཁ་གསབ་བྱ་དགོས་ཞེས་འཁོད་ཡོད།  
རྩོམ་སྒྲིག་པ། བདེ་སྒྲོལ།