“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ལས་བྱེད་ལས་བཟོར་དུས་ཆེན་གྱི་འཚམས་འདྲིའི་དངོས་པོ་སྤྲད་ཆོག་མོད། འདི་དག་ངེས་པར་དུ་ཤེས་དགོས།

སྤེལ་དུས 2020-01-03 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《2020ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་ཡོད། 《བརྡ་ཐོའི》ནང་ལས་བྱེད་པས་དུས་རབས་གསར་པར་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་པར་སྐུལ་ལྕག་གཏོང་བའི་བྱ་ཐབས་ཁག་ལག་བསྟར་དོན་འཁྱོལ་དང་། ལས་བྱེད་པའི་ལུས་སེམས་བདེ་ཐང་ལ་སེམས་ཁུར་བྱས་ཏེ་ལས་བྱེད་པ་དང་ལས་བཟོར་གཏན་འབེབས་ལྟར་སྤྱད་ཆོག་པའི་རྒྱུན་གཏན་གྱི་ཕན་བདེ་དང་ཐོབ་ཐང་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད། 
          རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། གཞི་རིམ་བཟོ་ཚོགས་ཀྱིས་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་སྐབས་ཚོགས་མི་ཡོངས་ལ་དུས་ཆེན་གྱི་འཚམས་འདྲིའི་དངོས་པོ་སྤྲད་ཆོག་གི་ཡོད། འོ་ན་ལས་བཟོར་ཕན་བདེ་གང་དག་སྤྲད་ན་གཏན་འབེབས་དང་མཐུན་ཡོད་དམ་ཞེ་ན། 
          གཞི་རིམ་བཟོ་ཚོགས་ཀྱིས་ལོ་གསར་དང་དུས་ཆེན་ལ་འཚམས་འདྲིའི་དངོས་པོ་སྤྲད་ཆོག
          ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་གཞུང་དོན་ཐིང་གིས་2017ལོའི་ཟླ་12ཚེས་15ཉིན་བཀྲམ་པའི《གཞི་རིམ་བཟོ་ཚོགས་ཀྱི་འགྲོ་དངུལ་གཏོང་ཡོང་གི་དོ་དམ་བྱ་ཐབས》ནང་། གཞི་རིམ་བཟོ་ཚོགས་ཀྱིས་ལོ་གསར་དང་དུས་ཆེན་སྐབས་ཚོགས་མི་ཡོངས་ལ་འཚམས་འདྲིའི་དངོས་པོ་སྤྲད་ཆོག་ཅེས་བཀོད་ཡོད། 
          ལོ་གསར་དང་དུས་ཆེན་ཞེས་པ་ནི་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་གཏན་འཁེལ་བའི་དུས་ཆེན(ལོ་གསར་དང་། དཔྱིད་གསར་དུས་ཆེན། དྭངས་གསལ་དུས་ཚིགས། ངལ་རྩོལ་དུས་ཆེན། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན། རྒྱལ་སྟོན)དང་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པའི་གྲངས་ཉུང་མི་རིགས་ཀྱི་དུས་ཆེན་ལ་བརྗོད་ཅིང་། དུས་ཆེན་གྱི་འཚམས་འདྲིའི་དངོས་པོ་རྩ་དོན་ཐོག་ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་གྱི་གོམས་གཤིས་དང་འཚམ་པའི་དངོས་རྫས་དང་། ལས་བཟོ་དང་མང་ཚོགས་ཀྱི་འཚོ་བར་མང་པོ་སྤྱོད་པའི་མཁོ་ཆས་སོགས་ཡིན་དགོས་པ་དང་གཞི་རིམ་བཟོ་ཚོགས་ཀྱིས་དོན་དངོས་དང་ཟུང་འབྲེལ་གྱིས་བབ་བསྟུན་གྱི་ཐབས་ལ་བརྟེན་ནས་སྤྲད་ན་འགྲིག 
          བོད་ཀྱི་ལས་བཟོར་ཕན་བདེ་སྤྲོད་པའི་ཚད་གཞི། 
          ཕན་བདེ་སྤྲོད་དུས་ལོར་མི་རེར་ཆ་སྙོམས་སྒོར་1500ལས་བརྒལ་མི་ཆོག་པ་དང་མི་རེར་ཐེངས་རེར་སྒོར་300ལས་བརྒལ་ཆོག་གི་མེད། 
          བོད་རང་སྐྱོང་ལྗོངས་ཀྱིས་བཀྲམ་པའི《བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་བཟོ་ཚོགས་ཀྱི་འགྲོ་དངུལ་གཏོང་ཡོང་དོ་དམ་གྱི་ལག་བསྟར་བྱ་ཐབས(ཚོད་ལྟར་སྤྱོད་རྒྱུ)》སུ་གཏན་འབེབས་བྱས་དོན། གཞི་རིམ་བཟོ་ཚོགས་ཀྱིས་ལོ་གསར་དང་དུས་ཆེན་སྐབས་ཚོགས་མི་ཡོངས་ལ་དུས་ཆེན་གྱི་འཚམས་འདྲིའི་དངོས་པོ་སྤྲད་ཆོག ལོ་གསར་དང་དུས་ཆེན་ཞེས་པ་ནི་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་གཏན་འཁེལ་བའི་དུས་ཆེན(གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། དྭངས་གསལ་དུས་ཚིགས། ངལ་རྩོལ་དུས་ཆེན། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན། རྒྱལ་སྟོན)དང་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པའི་གྲངས་ཉུང་མི་རིགས་ཀྱི་དུས་ཆེན་ལ་བརྗོད། དཔེར་ན་བོད་ཀྱི་ལོ་གསར་ལྟ་བུའོ།
          དུས་ཆེན་གྱི་འཚམས་འདྲིའི་དངོས་པོ་རྩ་དོན་ཐོག་ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་གྱི་གོམས་གཤིས་དང་འཚམ་པའི་དངོས་རྫས་དང་ལས་བཟོ་དང་མང་ཚོགས་ཀྱི་འཚོ་བའི་ནང་སྤྱོད་མང་བའི་མཁོ་ཆས་སོགས་ཡིན་དགོས་པ་སྟེ། དཔེར་ན་འབྲས་དང་། གྲོ་ཞིབ། སྣུམ། ཤ སྒོ་ང་། འོ་མ། ཤིང་འབྲས། དེ་བཞིན་འཚོ་བའི་མཁོ་ཆས་སོགས་ཡིན་དགོས་པ་དང་། ལོར་མི་རེར་ཆ་སྙོམས་སྒོར་1500ལས་བརྒལ་མི་ཆོག་པ་དང་མི་རེར་ཐེངས་རེར་སྒོར་300ལས་བརྒལ་ཆོག་གི་མེད། གཞི་རིམ་བཟོ་ཚོགས་ཀྱིས་དངུལ་སྨར་དང་། ཉོ་སྒྲུབ་གཱ། དངུལ་ཚབ་ཤོག་བྱང་། ཚོང་ཟོག་ལེན་པའི་ཤོག་བྱང་སོགས་གཏན་ནས་སྤྲད་ཆོག་གི་མེད།
          གཞི་རིམ་བཟོ་ཚོགས་ཀྱི་འགྲོ་དངུལ་གཏོང་ཡོང་ཐད་གཏན་འབེབས་འདི་དག་ལས་གཏན་ནས་འགལ་མི་རུང་།  
          ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་གཞུང་དོན་ཐིང་གིས་བཀྲམ་པའི《གཞི་རིམ་བཟོ་ཚོགས་ཀྱི་འགྲོ་དངུལ་གཏོང་ཡོང་གི་དོ་དམ་བྱ་ཐབས》གཞིར་བཟུང་། གཞི་རིམ་བཟོ་ཚོགས་ཀྱིས་གཤམ་གསལ་གྱི་གཏན་འབེབས་ལག་བསྟར་ནན་ཏན་བྱེད་དགོས་པ་སྟེ།
          (གཅིག)བཟོ་ཚོགས་ཀྱི་དངུལ་སྤྱད་ནས་མགྲོན་པོ་འབོད་པ་དང་ལག་རྟགས་སྤྲད་མི་ཆོག 
          (གཉིས)བཟོ་ཚོགས་ཀྱི་དངུལ་སྤྱོད་པའི་གཏན་འབེབས་ལས་འགལ་ནས་བྱ་དགའ་དང་། ཕོགས་སྣོན། ཁ་གསབ་བཅས་སྤྲད་མི་ཆོག
          (གསུམ)བཟོ་ཚོགས་ཀྱི་དངུལ་སྤྱད་ནས་གོང་མཐོ་བའི་རོལ་རྩེད་དང་ལུས་སྦྱོང་བྱ་མི་ཆོག
          (བཞི)ལས་ཁུངས་ཀྱི་སྲིད་འཛིན་གྱིས་བཟོ་ཚོགས་ཀྱི་རྩིས་ཐོ་སྤྱད་ནས་སྒྲིག་འགལ་ངང“དངུལ་སྦས་ཁུང”འཛུགས་མི་ཆོག
          (ལྔ)བཟོ་ཚོགས་ཀྱི་རྩིས་ཐོ་ལས་ཁུངས་ཀྱི་སྲིད་འཛིན་རྩིས་ཐོ་དང་ཟླ་སྒྲིལ་བཏང་ནས་བཟོ་ཚོགས་ཀྱི་དངུལ་ལ་ཚོད་འཛིན་མི་ཐུབ་པ་བྱ་མི་ཆོག
          (དྲུག)བཟོ་ཚོགས་ཀྱི་དངུལ་བཀག་ཉར་དང་གཞན་སྤྱོད་བྱ་མི་ཆོག
          (བདུན)བཟོ་ཚོགས་ཀྱི་དངུལ་སྤྱད་ནས་ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་བྱེད་སྒོར་ཞུགས་མི་ཆོག་པ་དང་ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་བྱེད་སྒོར་དཔལ་འབྱོར་ཁག་ཐེག་བྱ་མི་ཆོག
          (བརྒྱད)བཟོ་ཚོགས་ཀྱི་དངུལ་ནས་རྩིས་ཞུ་བྱ་མི་ཆོག་པ་དང་། བཟོ་ཚོགས་ཀྱི་བྱེད་སྒོ་དང་འབྲེལ་བ་མེད་པར་འགྲོ་སོང་གཏང་མི་ཆོག
རྩོམ་སྒྲིག་པ། བདེ་སྒྲོལ།