“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

སློབ་གྲྭར་ཡོད་པའི་སློབ་མ་ཚོས་འདིར་གཟིགས་རོགས།

སྤེལ་དུས 2020-01-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སློབ་གྲྭར་ཡོད་པའི་སློབ་མས་སློབ་རའི་དངུལ་བུན་གཡར་ནས་ལག་བསྟར་བྱ་ཡུལ་གྱི་མིར་གྱུར་བའི་རིགས་ཁ་དན་ཚིག་ལ་མ་གནས་པའི་མིང་ཐོའི་ནང་འཇུག་རྒྱུ་མིན་པ་བསྟན།

          ཚེས་2ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས《ལག་བསྟར་ལས་དོན་ཁྲོད་སེམས་བཟང་ཤེས་དཔལ་གྱི་ལག་བསྟར་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཞེས་པ་ཁྱབ་བསྒྲགས་བྱས་ཡོད། བསམ་འཆར་ནང་ཉིན་གང་ལམ་ལུགས་ཀྱི་སློབ་གྲྭར་ཡོད་མུས་ཀྱི་སློབ་མས “སློབ་རའི་དངུལ་བུན”གཡར་བའི་རྩོད་གཞིར་བརྟེན་ནས་ལག་བསྟར་བྱ་ཡུལ་གྱི་མིར་གྱུར་ཚེ། སྤྱིར་བཏང་དུ་སློབ་མ་དེ་རིགས་ཁ་དན་ཚིག་ལ་མ་གནས་པའི་མིང་ཐོའི་ནང་འཇུག་མི་ཆོག་པའམ་ཡང་ན་དེ་ཚོར་འཛད་སྤྱོད་ཚོད་འཛིན་གྱི་བྱ་ཐབས་སྤྱད་མི་ཆོག་ཅེས་གསལ་པོ་བསྟན་ཡོད།
          གཞན་ཡང་བསམ་འཆར་ནང་བསྟན་དོན། ས་གནས་ཁག་གི་ཁྲིམས་ཁང་གིས་གྱོད་གཞིའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ཁ་དན་ཚིག་ལ་མ་གནས་པའི་མིང་ཐོའི་ནང་འཇུག་པའམ་ཡང་ན་འཛད་སྤྱོད་ཚོད་འཛིན་གྱི་བྱ་ཐབས་སྤྱོད་རྒྱུ་གཏན་འཁེལ་བྱས་པའི་ལག་བསྟར་བྱ་ཡུལ་གྱི་མི་ལ་ཟླ་བ་གཅིག་ནས་གསུམ་བར་བྱ་ཐབས་དེ་དག་སྤྱོད་རྒྱུ་ནར་འགྱངས་བྱེད་པའི་དུས་ཚོད་སྤྲད་ཆོག་ཅིང་། ནར་འགྱངས་བྱས་པའི་དུས་ཡུན་ནང་ཁ་དན་ཚིག་ལ་མ་གནས་པའམ་འཛད་སྤྱོད་ཚོད་འཛིན་བྱ་རྒྱུའི་སྐོར་གྱི་ཆ་འཕྲིན་གནས་སྐབས་སུ་ཁྱབ་བསྒྲགས་མི་བྱེད་རྒྱུ་དང་། དུས་ཡུན་འཐིམས་ཡང་ལག་བསྟར་བྱ་ཡུལ་གྱི་མིས་ཁྲིམས་ནུས་ཐོན་པའི་ཁྲིམས་དོན་ཡིག་རིགས་ནང་གཏན་འཁེལ་བྱས་པའི་འོས་འགན་སྔར་བཞིན་མ་བསྒྲུབས་ཚེ། གོང་བརྗོད་ཀྱི་ཆ་འཕྲིན་སླར་ཡང་ཁྱབ་བསྒྲགས་བྱེད་པ་དང་འབྲེལ་དེ་མཚུངས་ཀྱི་ཆད་གཅོད་བསླབ་འདོམས་བྱ་ཐབས་སྤྱོད་དགོས།
          ཡོངས་བསྒྲགས་ཚོགས་འདུའི་ནང་དོན་གཞན་གཙོ་བོ།

          ཁྲོམ་འགྲེམས་ཀུང་སིའི་མ་རྐང་འཛིན་ཤོག་བསྡམས་བཅད་བྱེད་སྐབས་སྤྱིར་བཏང་ཐོག་20%ལས་བརྒལ་མི་རུང་།
          ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ཨུ་ལྷན་དང་ལག་བསྟར་ཅུས་ཀྱི་ཅུས་ཀྲང་མེང་ཞང་གིས་བརྗོད་པར། 《བསམ་འཆར》ནང་ཚད་གཞི་ལས་བརྒལ་བའི་སྒོ་རྒྱ་ཐེལ་གནོན་དང་གང་བྱུང་དུ་སྒོ་རྒྱ་ཐེལ་གནོན་བྱ་རྒྱུ་གཏན་འགོག་ནན་པོ་བྱེད་དགོས་པ་དང་། ཁྲོམ་འགྲེམས་ཀུང་སིའི་མ་རྐང་འཛིན་ཤོག་བསྡམས་བཅད་བྱེད་སྐབས་བུན་དབང་གི་གྲངས་ཚད་གཞིར་བཟུང་ནས་བསྡམས་བཅད་བྱེད་དགོས་པའི་མ་རྐང་འཛིན་ཤོག་རྩིས་རྒྱག་དགོས་པ་ཁ་གསལ་བཏོན་ཡོད་ལ། རྩིས་རྒྱག་སྐབས། མ་རྐང་འཛིན་ཤོག་རེ་རེའི་རིན་ཐང་ནི་བསྡམས་བཅད་མ་བྱས་གོང་གི་ཉོ་ཚོང་ཉིན་གྱི་མཇུག་སྒྲིལ་བའི་རིན་གོང་གཞིར་འཛིན་པ་དང་སྦྲགས། སྤྱིར་བཏང་དུ་20%ལས་མི་བརྒལ་བའི་ནང་ཚུན་དུ་གཏན་འཁེལ་བྱ་དགོས་ཤིང་། ཁྲོམ་འགྲེམས་ཀུང་སིའི་མ་རྐང་འཛིན་ཤོག་ཚད་གཞི་ལས་བརྒལ་ནས་བསྡམས་བཅད་བྱ་རྒྱུ་གཏན་འགོག་ནན་ཏན་བྱ་དགོས།
          གཤམ་གསལ་གྱི་གནས་ཚུལ་ཡོད་ཚེ་གནས་སྐབས་སུ་འཛད་སྤྱོད་ཚོད་འཛིན་མེད་པར་བཟོས་ཆོག
          བསམ་འཆར་ནང་འཛད་སྤྱོད་ཚོད་འཛིན་བྱས་པའི་མི་སྒེར་རང་ཉིད་དམ་ཡང་ན་གཉེན་ཉེར་ནད་གཞི་ཚབས་ཆེན་ཕོག་རྐྱེན་སྨན་པར་བསྟེན་པ་དང་། གཉེན་ཉེ་འདས་པོ་དུར་འཇུག་བྱེད་པ། དེ་བཞིན་རང་ཉིད་ཀྱིས་འོས་འགན་སྒྲུབ་པའམ་ཡང་ན་ལག་བསྟར་ལས་དོན་སྒྲུབ་པར་གཞོགས་འདེགས་བྱེད་པ། ཕྱི་དོན་གྱི་བྱེད་སྒོའམ་རྒྱུགས་ལེན་གལ་ཆེན་ནང་ཞུགས་པ་སོགས་ཛ་དྲག་ཆེ་བའི་གནས་ཚུལ་བྱུང་རྐྱེན་མྱུར་དུ་ཕྱི་ཕྱོགས་སུ་བསྐྱོད་དགོས་ཚེ། མི་དམངས་ཁྲིམས་ཁང་ལ་གནམ་གྲུ་དང་མྱུར་བགྲོད་ལྕགས་ལམ་དུ་སྡོད་པར་ཚོད་འཛིན་བྱེད་ཐབས་དེ་གནས་སྐབས་སུ་མེད་པར་བཟོ་རྒྱུའི་རེ་འདུན་ཞུས་ཆོག་ལ། ཞིབ་བཤེར་ནན་པོ་བྱས་པ་དང་འབྲེལ་ཁྲིམས་ཁང་དེ་གའི་ཡོན་ཀྲང་གི་ཆོག་མཆན་ཐོབ་རྗེས། ལག་བསྟར་བྱ་ཡུལ་གྱི་མི་དེར་དུས་ཡུན་རིང་ཤོས་ཟླ་གཅིག་ལས་མི་བརྒལ་བའི་གནས་སྐབས་སུ་འཛད་སྤྱོད་ཚོད་འཛིན་མེད་པར་བཟོས་པའི་དུས་ཚོད་སྤྲད་ཆོག
          ལག་བསྟར་བྱ་ཡུལ་གྱི་མི་དང་དེའི་གསོ་སྐྱོང་བྱེད་པའི་ཁྱིམ་མིར་དགོས་ངེས་ཀྱི་འཚོ་བའི་གྲོན་དངུལ་འཇོག་དགོས།
          བསམ་འཆར་ནང་ལག་བསྟར་བྱ་ཡུལ་གྱི་མིར་རྒྱུ་ནོར་མང་པོ་ཞིག་ལག་བསྟར་བྱ་རྒྱུ་ཡོད་ཚེ། མི་དམངས་ཁྲིམས་ཁང་གིས་ལག་བསྟར་བྱ་ཡུལ་གྱི་མིའི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཅུང་ཆུང་བ་དང་ལག་བསྟར་བྱེད་བདེ་བའི་རྒྱུ་ནོར་བདམས་ནས་ལག་བསྟར་བྱ་དགོས་པ་བསྟན་ཡོད། དེ་དང་ཆབས་ཅིག་བསམ་འཆར་ནང་ད་དུང་གཏན་འབེབས་བྱས་དོན། ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་མི་དམངས་ཁྲིམས་ཁང་གིས་ལག་བསྟར་བྱ་ཡུལ་གྱི་མི་དང་དེའི་གསོ་སྐྱོང་བྱེད་པའི་ཁྱིམ་མིར་དགོས་ངེས་ཀྱི་འཚོ་བའི་གྲོན་དངུལ་འཇོག་དགོས།
          ལག་བསྟར་བྱ་ཡུལ་གྱི་མིའི་བུ་ཕྲུག་གི་རྒྱུན་ལྡན་སློབ་གསོ་འཐོབ་དབང་ལ་ཤུགས་རྐྱེན་བཏང་མི་ཆོག
          བསམ་འཆར་ནང་གསལ་བོར་བསྟན་དོན། ལག་བསྟར་བྱ་ཡུལ་གྱི་མིའི་བུ་ཕྲུག་གིས་སློབ་ཡོན་མཐོ་བའི་སློབ་གྲྭ་འདོན་པར་ཚོད་འཛིན་བྱེད་པ་ཞེས་པ་ནི་དེའི་བུ་ཕྲུག་གིས་སློབ་ཡོན་རྒྱུན་ལྡན་གྱི་རིན་བསྡུའི་ཚད་གཞི་ལས་བརྒལ་བའི་སློབ་གྲྭ་འདོན་པར་ཚོད་འཛིན་བྱེད་པ་ལ་གོ་ཞིང་། སྒེར་གཉེར་སློབ་གྲྭ་ཡིན་མོད། འོན་ཀྱང་གལ་སྲིད་དེའི་སློབ་ཡོན་རྒྱུན་ལྡན་གྱི་ཚད་གཞི་ལས་བརྒལ་མེད་ཚེ་ཚོད་འཛིན་བྱེད་པའི་ཁྱབ་ཁོངས་ནང་ཚུད་མེད། མི་དམངས་ཁྲིམས་ཁང་གིས་བྱེད་ཐབས་འདི་སྤྱོད་སྐབས་ཁྲིམས་ལྟར་ཞིབ་བཤེར་ནན་མོ་བྱེད་དགོས་པ་ལས། ལག་བསྟར་བྱ་ཡུལ་གྱི་མིའི་བུ་ཕྲུག་གིས་རྒྱུན་ལྡན་གྱི་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་ལ་ཤུགས་རྐྱེན་བཟོས་མི་ཆོག
          བློ་ཐག་རྦད་ཆོད་ཀྱིས་མངོན་གསལ་ཚད་བརྒལ་གྱི་སྒོ་རྒྱ་ཐེལ་གནོན་ནན་འགོག་བྱེད་དགོས།
          ལག་བསྟར་བྱ་ཡུལ་གྱི་མིའི་རྒྱུ་ནོར་བཙན་ཤེད་ཀྱིས་ལག་བསྟར་བྱེད་སྐབས། རྒྱུ་ནོར་དེའི་རིན་ཐང་གིས་ཁྲིམས་ནུས་ཐོན་པའི་ཁྲིམས་དོན་ཡིག་རིགས་ནང་གཏན་འཁེལ་བྱས་པའི་བུན་དབང་གཙང་འཇལ་ཐུབ་ཚད་དེ་གཞི་འཛིན་དགོས་པ་ལས། མངོན་གསལ་ཚད་བརྒལ་གྱི་སྒོ་རྒྱ་ཐེལ་གནོན་གཏན་འགོག་བྱེད་དགོས། ལག་བསྟར་བྱ་ཡུལ་གྱི་མིའི་དངུལ་ཁང་གི་ཐོ་ཁོངས་ནང་གི་བཅོལ་དངུལ་བཀག་འཇོག་བྱས་ཚེ། ངེས་པར་དུ་བསྡམས་བཅད་བྱས་པའི་དངུལ་གྲངས་དངོས་དེ་ཁ་གསལ་བཟོ་དགོས་པ་ལས། བཀག་འཇོག་བྱས་མེད་པའི་མ་དངུལ་འཁོར་རྒྱུག་དང་རྩིས་ཁྲ་བཀོལ་སྤྱོད་བྱེད་པར་ཤུགས་རྐྱེན་བཟོས་མི་ཆོག
རྩོམ་སྒྲོག་པ། བདེ་སྒྲོལ།