བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

རྒྱན་འགྱེད་ལ་དགའ་པོ་བྱེད་མཁན་ཚོས་འདིར་དོ་སྣང་གྱིས་དང་།

སྤེལ་དུས 2020-01-13 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          མཱ་ཅང་ནི་མི་མང་པོ་ཞིག་གི་དགའ་པོ་བྱེད་པའི་རོལ་རྩེད་ཅིག་ཡིན་པས། དུས་ཆེན་དང་དགའ་ཉེ་སྤུན་མཆེད་འཛོམས་སྐབས་རྩེད་མོ་འདི་ལྟ་བུ་རྩེ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། འོན་ཀྱང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ངོས་ནས་བརྗོད་ན། སྒྲིག་འགལ་ངང་མཱ་ཅང་བརྒྱབ་ན་ཁྲིམས་ཆད་ལྕི་པོ་ཕོག་གི་ཡོད།
          རྒྱན་འགྱེད་བྱས་ན་ཉེས་ཆད་ལྕི་པོ་ཕོག་གི་ཡོད་པ་ཁྱེད་ཀྱིས་ཤེས་སམ།
          གཅིག ཉེས་པ་ཆུང་བའི་རིགས་ཡིན་ན། ལྟ་སྲུང་ཁང་དུ་ཉིན་1ནས15བར་བཀག་ཉར་བྱ་རྒྱུ་མ་ཟད། སྒོར་3000མན་གྱི་དངུལ་ཆད་གཏོང་རྒྱུ་དང་། ཉེས་པ་ཚབས་ཆེ་བའི་རིགས་ཡིན་ན། ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་དང་བཀག་ཉར་རམ་ཡང་ན་རྩིས་སྤྲོད་དོ་དམ་དང་དངུལ་ཆད་གཏོང་རྒྱུ། གནད་དོན་ཚབས་ཆེན་གྱི་རིགས་ཡིན་ན། ལོ་གསུམ་ཡན་ནས་ལོ་བཅུ་མན་བར་གྱི་དུས་བཀག་བཙོན་འཇུག་དང་དངུལ་ཆད་གཏོང་རྒྱུ་རེད། 
          གཉིས། ཁྲིམས་འགལ་ཉེས་གསོག་གི་ཟིན་ཐོ་དེ་ཚེ་གང་རིང་བསུབ་ཐབས་མེད་ཅིང་། གཞུང་ཞབས་པར་རྒྱུགས་སྤྲོད་པ་དང་། དམག་དཔུང་ལ་ཞུགས་པ། ཏང་ལ་ཞུགས་པ། ཕྱི་རྒྱལ་དུ་སློབ་སྦྱོང་ལ་སྐྱོད་པ། ཡུལ་མི་གནས་སྤོ་སོགས་ཚང་མར་ཚོད་འཛིན་ཕོག་གི་ཡོད།
          གསུམ། གོང་གསལ་གྱི་བདེ་སྲུང་ཆད་གཅོད་དང་ཉེས་དོན་ཆད་གཅོད་ཕུད། གཞུང་ཞབས་པ་རྒྱན་འགྱེད་ལ་ཞུགས་ནས་ཆད་པ་ཕོག་ཚེ། ད་དུང་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་རྒྱུ་མ་ཟད། ཐ་ན་གཞུང་གི་ལས་གནས་དང་ཏང་ཁོངས་ནས་ཕྱིར་འབུད་བྱེད་ངེས།
          བཞི། ཡིག་ཚགས་ལ་ཉེས་བསགས་ཟིན་ཐོ་འཁོད་ཡོད་ན། ཕྱིས་སུ་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ཐོན་ཚེ་ཉེས་ཆད་དེ་བས་ལྕི་པོ་ཕོག་རྒྱུ་རེད། 
          ལྔ། ཉེས་པ་འདི་རང་ཉིད་ཁོ་ན་ཙམ་མིན་པར། ཕྲུ་གུ་དམག་དཔུང་ལ་ཞུགས་པ་དང་། ཏང་ལ་ཞུགས་པ། ཕྱི་རྒྱལ་དུ་སློབ་སྦྱོང་ལ་སྐྱོད་པ་སོགས་ལའང་ཚོད་འཛིན་ཕོག་སྲིད།
རྩོམ་སྒྲིག་པ། བདེ་སྒྲོལ།