དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ཁྱེད་ཀྱིས་རིམས་ནད་ལ་ཁ་གཏད་འཇལ་བའི་སྲིད་ཇུས་གསར་བ་འདི་དག་ཤེས་སམ།

སྤེལ་དུས 2020-02-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ནད་གཞི་གཏན་འཁེལ་བྱུང་བའི་མི་སྒེར་གྱི་འགྲོ་གྲོན་ལ་ནོར་སྲིད་ཀྱིས་མཐའ་སྐྱོང་བྱེད་པ།
          ནད་པའི་སྨན་བཅོས་འགྲོ་གྲོན་ཏེ། ནད་གཞི་གཏན་འཁེལ་བྱུང་བའི་ནད་པ་མི་སྒེར་གྱི་འགྲོ་གྲོན་ལ་ནོར་སྲིད་ཀྱིས་མཐིལ་རྟོལ་ནས་ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་རོགས་དངུལ60%སྤྲོད་རྒྱུ་དང་། དོགས་ཡོད་ནད་པར་སྨན་བཅོས་བྱེད་ཡུལ་དུ་ནོར་སྲིད་ཀྱི་ཁ་གསབ་སྲིད་ཇུས་བཟོ་དགོས་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་གནས་ཚུལ་ལ་གཞིགས་ནས་ཁ་གསབ་འོས་འཚམ་སྤྲོད་རྒྱུ་རེད།
          རིམས་འགོག་ཚོད་འཛིན་མི་སྣས་ལས་རྨས་ཐོབ་ཐང་འགན་ལེན་ལོངས་སུ་སྤྱད་ཆོག
          རིམས་འགོག་ཚོད་འཛིན་ནང་ཞུགས་པའི་ལས་དོན་མི་སྣས་ལས་རྨས་ཐོབ་ཐང་འགན་ལེན་སྲིད་ཇུས་ལོངས་སུ་སྤྱད་ཆོག་པ་དང་། རིམས་འགོག་ཚོད་འཛིན་ལས་དོན་ནང་ཞུགས་པའི་གཡུལ་ས་དང་པོའི་སྨན་བཅོས་འཕྲོད་བསྟེན་མི་སྣར་ཀྲུང་དབྱང་ནོར་སྲིད་ཀྱིས་བཅད་གྲངས་ལྡན་པའི་གནས་སྐབས་རང་བཞིན་གྱི་ལས་ཀའི་ཁ་གསབ་སྤྲོད་རྒྱུ་རེད།
          རིམས་འགོག་ལས་དོན་པའི་བྱ་དགའི་དངུལ་ལ་མི་སྒེར་གྱི་ཐོབ་ཁྲལ་མེད་པར་བཟོས།
          རིམས་འགོག་ལས་དོན་ནང་ཞུགས་པའི་སྨན་དོན་མི་སྣ་དང་རིམས་འགོག་ལས་དོན་པར་སྲིད་གཞུང་གི་གཏན་འབེབས་ཚད་གཞི་ལྟར་ཐོབ་པའི་གནས་སྐབས་རང་བཞིན་གྱི་ལས་ཀའི་ཁ་གསབ་རོགས་དངུལ་དང་བྱ་དགའི་དངུལ་གྱི་ཐོབ་ཁྲལ་རྩ་ཆག་གཏོང་རྒྱུ་རེད།
          དངོས་ཟོག་ཞལ་འདེབས་ཀྱི་འབྲེལ་ཡོད་ཁྲལ་གྲོན་མེད་པར་བཟོས།
          ཞལ་འདེབས་དང་ལེན་བྱེད་མཁན་སྡེ་ཚན་གྱི་ཁྱབ་ཁོངས་རྒྱ་བསྐྱེད་ནས་ཐད་ཀར་སྨན་ཁང་ལ་ཞལ་འདེབས་ཕུལ་ནས་གཟིགས་སྐྱོང་ལོངས་སུ་སྤྱད་ཆོག་པ་དང་། ཁྲལ་མ་འཇལ་གོང་འཕྲི་འཐེན་བྱས་པའི་བསྡུར་ཚད་ཀྱི་ཚོད་འཛིན་མེད་པར་བཟོས་ཏེ། ཁེ་ལས་དང་མི་སྒེར་ལ་ཁྲལ་མ་འཇལ་གོང་དུ་དངོས་ཟོག་ཞལ་འདེབས་སུ་ཕུལ་བའི་གནས་ཐང་འཕར་ཁྲལ་དང་འཛད་སྤྱོད་དཔྱ་ཁྲལ་སོགས་འབྲེལ་ཡོད་ཁྲལ་གྲོན་འཐེན་འཕྲི་བྱ་དགོས།
          བཟའ་བཏུང་དང་། ཞག་སྡོད། མྱུར་སྐྱེལ་སོགས་ལས་རིགས་ཀྱིས་ཁྲལ་གྲོན་གཟིགས་སྐྱོང་ལོངས་སུ་སྤྱད་ཆོག
          རིམས་ནད་ཀྱི་ཤུགས་རྐྱེན་ཅུང་ཚབས་ཆེ་བ་སྟེ། དཔེར་ན། འགྲིམ་འགྲུལ་སྐྱེལ་འདྲེན་དང་། བཟའ་བཏུང་། ཞག་སྡོད། ཡུལ་སྐོར་བཅས་ཚུད་པའི་མྱུར་སྐྱེལ་དང་དམངས་སྤྱོད་མཁའ་འགྲུལ་སོགས་ལས་རིགས་ལ་གནས་ཐང་འཕར་ཁྲལ་དང་ཁེ་ལས་ཀྱི་ཐོབ་ཁྲལ་སོགས་ཁྲལ་གྲོན་ཐད་གཟིགས་སྐྱོང་གནང་རྒྱུ་རེད།
          རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ཁེ་ལས་ལ་མུན་འཐོམ་གྱིས་ཚོང་ཟོག་གཅོད་མི་རུང་།
          ཁེ་ལས་ཆུང་བ་དང་། དམངས་གཉེར་ཁེ་ལས། བཟོ་སྐྲུན་ལས་རིགས་སོགས་གཙོ་གནད་ཁྱབ་ཁོངས་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ་དང་། ཡིད་རྟོན་དངུལ་བུན་དང་དུས་ཡུན་རིང་འབྲིང་གི་དངུལ་བུན་མང་དུ་གཏོང་བ། ཕྱོགས་བསྡུས་མ་དངུལ་བསྡུ་རྒྱུག་གི་མ་གནས་དམའ་རུ་བཏང་སྟེ། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་གནས་སྐབས་སུ་དཀའ་ངལ་ལ་ཕྲད་པའི་ཁེ་ལས་ལ་མུན་འཐོམ་གྱིས་ཚོང་ཟོག་འཐེན་པ་དང་། དངུལ་བུན་ཆད་གཅོད། དངུལ་བུན་མགོ་གནོན་བཅས་བྱེད་མི་རུང་།
          སྡོད་ཁང་གི་གཏའ་བུན་དང་ཡིད་རྟོན་བྱང་བུའི་དངུལ་འཇལ་སྤྲོད་གང་ལ་དེ་འཚམ་གྱིས་བཀོད་སྒྲིག་བྱེད་དགོས།
          དངུལ་ཁང་གིས་ཡིད་རྟོན་དངུལ་བུན་གྱི་སྲིད་ཇུས་ཐད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་མང་ཚོགས་ལ་འོས་འཚམ་གྱི་གཟིགས་སྐྱོང་གནང་དགོས། དཔེར་ན། སྡོད་ཁང་གི་གཏའ་བུན་དང་ཡིད་རྟོན་བྱང་བུའི་མི་སྒེར་གྱི་ཡིད་རྟོན་ཟོག་འཇལ་གང་ལ་དེ་འཚམ་གྱིས་བཀོད་སྒྲིག་དང་། འགན་བཅོལ་སྒྲིག་གཞིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཕོག་པའི་ནད་པར་སྔོན་ལ་འགན་བཅོལ་སྐྱིན་ཚབ་ཐག་གཅོད་བྱེད་དགོས།
          དངུལ་ཁང་ཆེན་པོ་བཞིའི་ཉེ་དུས་དུས་བཀག་བཅོལ་དངུལ་གྱི་དུས་ཚད་ཐོན་པ་རང་འགུལ་ངང་དུས་འགྱངས་བྱེད་པ།
          ཚོང་མགྲོན་དག་ཕྱིར་སྐྱོད་ཉུང་དུ་གཏོང་ཆེད། བཟོ་ལས་དངུལ་ཁང་དང་། ཞིང་ལས་དངུལ་ཁང་། ཀྲུང་གོའི་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་བཅས་དངུལ་ཁང་ཆེ་གྲས་བཞི་ཡིས་མི་སྒེར་གྱི་དམངས་སྒོར་དང་ཕྱི་དངུལ་གྱི་དུས་བཀག་བཅོལ་དངུལ་སྲིད་ཇུས་ལེགས་སྒྲིག་བྱས་ཏེ། ཉེ་ཆར་དུས་བཀག་ལ་ཐོན་པའི་བཅོལ་དངུལ་དེ་དངུལ་བཅོལ་སྐབས་ཁ་ཆད་བྱས་པའི་སྐྱེད་ཚད་ལྟར2020ལོའི་ཟླ3པའི་ཚེས31ཉིན་བར་རང་འགུལ་ངང་ནར་འགྱངས་བྱེད་རྒྱུ་རེད།
          ཟླ2པའི་ཚེས6ཉིན་གྱི་སྔོན་ལ་ཉོས་པའི་མེ་འཁོར་པ་སེ་རིན་མེད་ངང་ཕྱིར་སློག་བྱས་ཆོག
          2020ལོའི་ཟླ2པའི་ཚེས6ཉིན་གྱི་ཆུ་ཚོད24ནས་བཟུང་། དེའི་གོང་ཉོས་པའི་རྒྱལ་ཡོངས་ལྕགས་ལམ་གྱི་མེ་འཁོར་པ་སེ་དག འགྲུལ་པས་མེ་འཁོར་མ་བཏང་གོང་དུ་རང་མོས་ངང་ཕྱིར་སློག་བྱེད་མཁན་ཡོད་ཚེ། ལྕགས་ལམ་སྡེ་ཚན་གྱིས་པ་སེ་ཕྱིར་སློག་གྲོན་དངུལ་མི་བསྡུ། ཟླ2པའི་ཚེས5ཉིན་གྱི་ཆུ་ཚོད24ཡི་གོང་དུ་དངུལ་སྨར་སྤྱད་ནས་པ་སེ་ཉོས་པའམ་ཤོག་རིགས་ཀྱི་སྤ་སེ(རྩིས་ཞུའི་དཔང་འཛིན་ཚུད)བརྗེ་ལེན་བྱེད་པའི་འགྲུལ་པས་ཟླ3པའི་ཚེས31ཉིན་གྱི་ཆུ་ཚོད24ཡི་གོང་དུ་པ་སེ་ཕྱིར་སློག་གི་འགྲོ་ལུགས་གཉེར་ཆོག
          ཧུའུ་པེས་སྔོ་ཚལ་གཉེར་སྐྱོང་བྱེད་མཁན་སྒེར་གཉེར་བཟོ་ཚོང་དུད་ཚང་གིས་གནས་ཐང་འཕར་ཁྲལ་འཇལ་མི་དགོས་པ་བཟོས།
          རིམས་འགོག་ཚོད་འཛིན་བྱེད་རིང་དུ། ས་གནས་ཁག་གི་སྔོ་ཚལ་གཉེར་སྐྱོང་བྱེད་པའི་སྒེར་གཉེར་བཟོ་ཚོང་དུད་ཚང་གིས་འཇལ་དགོས་པའི་གནས་ཐང་འཕར་ཁྲལ་དང་། གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་གྱི་དཔྱ་ཁྲལ། སློབ་གསོའི་འགྲོ་གྲོན་གྱི་ཟུར་སྣོན། ས་གནས་སློབ་གསོའི་ཟུར་སྣོན། མི་སྒེར་གྱི་ཐོབ་ཁྲལ་བཅས་འཇལ་མི་དགོས།
          པེ་ཅིང་དུ་ཁེ་ལས་འབྲིང་ཆུང་ལས་ཆ་རྐྱེན་འཛོམས་ཚེ་ཟླ2པའི་ཁང་གླ་སྤྲོད་མི་དགོས།
          ཁེ་ལས་འབྲིང་ཆུང་གིས་པེ་ཅིང་ནང་ཁུལ་གྱི་གྲོང་ཁྱེར་དང་ལྗོངས་ཁོངས་གཏོགས་ཀྱི་རྒྱལ་གཉེར་ཁེ་ལས་ཀྱི་ཁང་གཞིས་བོགས་མར་བཏང་ནས་ཐོན་སྐྱེད་གཉེར་སྐྱོང་གི་ལས་སྒོ་སྤེལ་མཁན་ལ། སྲིད་གཞུང་གི་བླང་བྱ་ལྟར་ལས་གཉེར་མཐའ་འཁྱོངས་བྱེད་པའམ་ཡང་ན་རིམས་འགོག་གི་གཏན་འབེབས་ལྟར་སྒོ་བརྒྱབ་ནས་ལས་མཚམས་བཞག་པར་མ་ཟད། ལས་མི་ཉུང་འཕྲི་མི་བྱེད་པའམ་ལས་མི་ཉུང་འཕྲི་བྱེད་གྲངས་ཉུང་བའི་རིགས་ལ་ཟླ2པའི་ཁང་གླ་རྩ་ཆག་གཏོང་རྒྱུ་དང་། གཞུང་ལས་སྒྲུབ་ཁང་བོགས་མར་བཏང་རིགས་ལ་ཟླ2པའི་བོགས་དངུལ་གྱི50%རྩ་ཆག་གཏོང་རྒྱུ་རེད།
          ཀོང་ཏུང་གིས་ལས་བཟོ་པའི་རྒན་གསོའི་འགན་བཅོལ་དུས་འགྱངས་ཀྱིས་གསབ་སྤྲོད་བྱས་ཆོག་པ་བཟོས།
     རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་ཁེ་ལས་ཀྱི་ལས་བཟོ་པའི་རྒན་གསོའི་འགན་བཅོལ་དང་། སྨན་བཅོས་འགན་བཅོལ(བུ་བཙའི་འགན་བཅོལ་ཚུད) ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ། དེ་མིན་སྡོད་ཁང་སྤྱི་གསོག་མ་དངུལ་བཅས་དུས་ཐོག་ཏུ་སྤྲོད་མི་ཐུབ་པའི་ཁེ་ལས་དག་ལ་རིམས་ནད་མེད་པར་བཟོས་རྗེས་ཀྱི་ཟླ་གསུམ་ནང་ཚུན་དུ་གསབ་སྤྲོད་བྱས་ཆོག་པར་ནར་འགྱངས་བྱས།
རྩོམ་སྒྲིག་པ། རྡོ་རྗེ།