དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

བྱ་སྤྱོད་འདི་རིགས་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཡིན་པ།

སྤེལ་དུས 2020-02-25 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
སྤྱི་བདེ་ལས་ཁུངས་ཀྱིས་རིམས་ནད་སྐབས་དང་བསྟུན་ནས་དངོས་ཟོག་རིན་གོང་ཧམ་སྤར་བྱེད་པའི་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་།
          གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་པའི་གནས་ཚུལ་ལྟར་ན། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་མང་ཚོགས་ནས་དོ་ཁུར་ཆེན་པོ་བྱེད་བཞིན་པའི་ཟོག་གོང་ཧམ་སྤར་དང་། འབེལ་ཉོ་དཀོན་གསོག ཁེ་བཟང་ཧམ་ལེན་བྱེད་པ་སོགས་ཁྲོམ་རའི་སྒྲིག་ལམ་ཟང་ཟིང་བཟོ་བའི་ཉེས་གསོག་བྱ་སྤྱོད་ལ་མུ་མཐུད་རྡུང་རྡེག་ཚ་ནན་བཏང་བ་རེད། སྤྱི་བདེ་པུས་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་མཉམ་དུ་ཡིག་ཆ་བཀྲམ་ནས་ས་གནས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྐབས་སུ་ཚོང་ཟོག་གི་རིན་གོང་སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་དང་ཟུང་འབྲེལ་བྱེད་པར་ཤུགས་སྣོན་རྒྱག་རྒྱུར་མཛུབ་ཁྲིད་བྱས། འགོག་སྲུང་མཁོ་ཆས་དང་དམངས་འཚོའི་ཚོང་ཟོག་གི་རིན་གོང་གང་འདོད་དུ་འཕར་བའི་བྱེད་སྤྱོད་ལ་ཆད་པ་ནན་པོ་བཅད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་ཏན་ཏིག་བྱས་པ་རེད།

          སྤྱི་ཟླ་1ཚེས་31ཉིན་ཀོང་ཏུང་ཧུའེ་ཀྲོའུ་སྤྱི་བདེ་ལས་ཁུངས་ཀྱིས་ལིས་ཆེ་གེ་མོས་ཁྲིམས་འགལ་ངང་ཚོང་གཉེར་བྱས་པའི་གྱོད་གཞི་ཐོ་འགོད་མྱུལ་ཞིབ་བྱས་པ་རེད། ཞིབ་བཤེར་བྱས་པ་ལྟར་ན་སྤྱི་ཟླ་1པོ་ནས་བཟུང་། སྨན་རྫས་ཕྱིར་ཚོང་གི་ལས་ཀ་གཉེར་པའི་ལིས་ཆེ་གེ་མོས་འགོག་སྲུང་ཁ་རས་ཕྱིར་ཚོང་བྱེད་པའི་ལས་ཀ་གཉེར་བ་དང་། ཁོས་འགོག་སྲུང་ཁ་རས་རིན་གོང་མཐོ་པོས་ཧོ་ནན་དང་ཀྲེ་ཅང་། ཧུའུ་པེ་ཧྲི་ཡན། ཅིང་ཀྲོའུ་སོགས་སུ་ཕྱིར་ཚོང་བྱས་པ་དང་ཁྲིམས་འགལ་ངང་གཉེར་སྐྱོང་བྱས་པའི་དངུལ་འབོར་སྒོར་ཁྲི་20ལྷག་ཙམ་ཟིན་ཡོད་པ་རེད། 
          ཟླ་2ཚེས་6ཉིན་ལེའོ་ཉིང་པེན་ཤིས་སྤྱི་བདེ་ལས་ཁུངས་ཀྱིས་ཐུང་ཆེ་གེ་མོས་ཁྲིམས་འགལ་ངང་ཚོང་གཉེར་བྱས་པའི་གྱོད་གཞི་ཐོ་འགོད་མྱུལ་ཞིབ་བྱས་པ་རེད། ཞིབ་བཤེར་བྱས་པ་ལྟར་ན་སྤྱི་ཟླ་1ཚེས་18ཉིན་ནས་བཟུང་ཐུང་ཆེ་གེ་མོས་པེན་ཤིས་དང་ཨན་ཧྲན་སོགས་ས་ཆའི་ངལ་ནུས་འགན་བཅོལ་ཁྲོམ་ར་ནས་སྒོར་5ཡི་རིན་གོང་ཐོག་ནས་ཁ་རས་ཉོས་ཏེ་དྲ་ཐོག་ནས་རིན་གོང་མཐོ་བའི་སྒོ་ནས་ཕྱི་ཕྱོགས་སུ་ཕྱིར་ཚོང་བྱས་པ་དང་ཁྲིམས་འགལ་ངང་གཉེར་སྐྱོང་བྱས་པའི་དངུལ་འབོར་སྒོར་ཁྲི་57ཟིན་ཡོད། 
          ཟླ་2པའི་ཚེས་6ཉིན། ཧྲན་ཏུང་ཡན་ཐའེ་སྤྱི་བདེ་ལས་ཁུངས་ཀྱིས་ཁཱོ་ཆེ་གེ་མོས་ཁྲིམས་འགལ་ངང་ཚོང་གཉེར་བྱས་པའི་གྱོད་གཞི་ཐོ་འགོད་མྱུལ་ཞིབ་བྱས་པ་རེད། ཞིབ་བཤེར་བྱས་པ་ལྟར་ན་ཟླ་བ་1ནས་བཟུང་། ཁཱོ་ཆེ་གེ་མོས་གཉེན་ཉེ་དང་གྲོགས་པོའི་ཐོབ་ཐང་གཡར་ནས་ཐའོ་པའོ་དྲ་བའི་ཐོག་ཚོང་ཁང་20ལྷག་བཙུགས་ནས་སྒོར་15ཡས་མས་ཀྱི་རིན་གོང་ཐོག་ནས་ཁ་རས་ཁག་གཅིག་ཉོས་ཏེ་རིན་གོང་མཐོ་པོས་ཕྱིར་ཚོང་བྱས་པ་དང་། ཁྲིམས་འགལ་ངང་ཚོང་གཉེར་བྱས་པའི་དངུལ་འབོར་སྒོར་ཁྲི་250ལྷག་ཙམ་ཟིན་ཡོད། 
          ཟླ་2ཚེས་7ཉིན་ཧུའུ་པེའི་ཅིང་མོན་སྤྱི་བདེ་ལས་ཁུངས་ཀྱིས་ཏུའུ་ཆེ་གེ་མོས་ཁྲིམས་འགལ་ངང་གཉེར་སྐྱོང་བྱས་པའི་གྱོད་གཞི་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱས་པ་རེད། ཞིབ་བཤེར་བྱས་པ་ལྟར་ན་ཟླ་1ཚེས་22ཉིན་ནས་བཟུང་ཅིང་མོན་སྨན་རྫས་ཁང་ཆེ་གེ་མོའི་ཏུའུ་ཆེ་གེ་མོས་གཅིག་སྤྱོད་ཁ་རས་རེར་སྒོར་9དང་9.9ཡི་རིན་གོང་ཐོག་ནས་ཉོས་ཏེ་རིན་གོང་མཐོ་པོས་ཕྱིར་ཚོང་བྱས་པ་དང་། ཁྲིམས་འགལ་ངང་གཉེར་སྐྱོང་བྱས་པའི་དངུལ་འབོར་སྒོར་ཁྲི་26.8ཟིན་ཡོད། 
          ཟླ་2ཚེས་9ཉིན་ལེའོ་ཉིང་ཏན་ཏུང་སྤྱི་བདེ་ལས་ཁུངས་ཀྱིས་ལི་ཆེ་གེ་མོས་ཁྲིམས་འགལ་ངང་གཉེར་སྐྱོང་བྱས་པའི་གྱོད་གཞི་ཐོ་འགོད་མྱུལ་ཞིབ་བྱས་པ་རེད། ཞིབ་བཤེར་བྱས་པ་ལྟར་ན་ཟླ་2ཚེས་1ཉིན་ནས་བཟུང་ལི་ཆེ་གེ་མོས་སྒོར་8.7གྱི་རིན་གོང་ཐོག་ནས་ཁ་རས་ཁྲི་10ལྷག་ཙམ་ཉོས་ཏེ་སྐད་འཕྲིན་བརྒྱུད་རིན་གོང་མཐོ་པོས་ཕྱིར་ཚོང་བྱས་པ་དང་། ཁྲིམས་འགལ་ངང་གཉེར་སྐྱོང་བྱས་པའི་དངུལ་འབོར་སྒོར་ཁྲི་150ལྷག་ཙམ་ཟིན་ཡོད་པ་རེད། 
          སྤྱི་བདེ་པུའུ་ཡི་འབྲེལ་ཡོད་འགན་འཁུར་པས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྐབས་འདིར་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲོམ་རའི་གཉེར་སྐྱོང་དང་རིན་གོང་དོ་དམ་སོགས་ཀྱི་གཏན་འབེབས་ལས་འགལ་ཏེ་འབེལ་ཉོ་དཀོན་གསོག་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལ་མཁོ་བའི་ཁ་རས་དང་། འགོག་སྲུང་མིག་ཤེལ། འགོག་སྲུང་གྱོན་ཆས། དུག་སེལ་གཤེར་ཁུ་སོགས་འགོག་སྲུང་མཁོ་ཆས་དང་། སྨན་རྫས་དང་ཡང་ན་དམངས་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་ཡོད་པའི་དངོས་རྫས་གཞན་དག་གི་རིན་གོང་ཧམ་སྤར་བྱས་ནས་ཁེ་བཟང་ཆེན་པོ་རག་ཐབས་བྱེད་པ་དང་། ཁྲིམས་འགལ་གྱིས་བླངས་པའི་ཁེ་བཟང་གི་གྲངས་འབོར་ཅུང་ཆེ་བའམ་ཡང་ན་གནས་ཚུལ་ཚབས་ཆེན་གཞན་དག་ཡོད་པ་དང་། ཁྲོམ་རའི་སྒྲིག་ལམ་དཀྲུག་པ་སོགས་ཁྲིམས་འགལ་ངང་གཉེར་སྐྱོང་བྱས་པའི་ཉེས་གསོག་གི་བྱ་སྤྱོད་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས་ཞེས་བཤད་པ་རེད། སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་དཔྱོད་ལས་ཁུངས་དང་། འདྲི་གཅོད་ལས་ཁུངས། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་བཅས་དང་མཉམ་དུ་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་དེ་རིགས་ལ་ཁྲིམས་ལྟར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་རྒྱུ་རེད།
རྩོམ་སྒྲིག་པ། རྡོ་རྗེ།