དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

འགྲིམ་འགྲུལ་གྱི་སྒྲིག་འགལ་གནད་དོན་ས་ཆ་གཞན་ནས་ཐག་གཅོད་བྱ་ཆོག

སྤེལ་དུས 2020-04-20 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          ཟླ་5ཚེས་1ཉིན་ནས་བཟུང་འགྲིམ་འགྲུལ་གྱི་སྒྲིག་འགལ་གནད་དོན་ས་ཆ་གཞན་ནས་ཐག་གཅོད་བྱ་ཆོག

          ཉེ་ཆར་སྤྱི་བདེ་པུའུ་ཡིས་འབྲེལ་ཡོད་གཏན་འབེབས་ལ་བཟོ་བཅོས་བཏང་ནས།འགྲིམ་འགྲུལ་ཐད་ནས་སྒྲིག་འགལ་བྱས་ན་ཞིང་ཆེན་བརྒལ་ནས་ཡུལ་དངོས་སུ་འགྲོ་མི་དགོས་པར་ཐག་གཅོད་བྱེད་ཆོག་ཅེས་བཏོན་ཡོད་པ་རེད།སྲིད་ཇུས་དེ་ནི་ཟླ་5ཚེས་1ཉིན་ནས་བཟུང་ཧུའུ་ནན་དང་།ཀོང་ཤིས།སི་ཁྲོན།ཀུའེ་ཀྲོའུ། ཡུན་ནན་བཅས་སུ་ཚོད་ལྟའི་ངང་ལག་བསྟར་བྱ་རྒྱུ་ཡིན་ལ། ཟླ་6པའི་ཟླ་མཇུག་ཏུ་རྒྱལ་ཡོངས་སུ་ལག་བསྟར་བྱ་རྒྱུ་རེད།

          ཞིང་ཆེན་བརྒལ་ནས་འགྲིམ་འགྲུལ་ཐད་ཀྱི་སྒྲིག་འགལ་ལ་ཐག་གཅོད་བྱ་ཆོག་སྟེ།

          འགྲིམ་འགྲུལ་ཐད་ནས་སྒྲིག་འགལ་བྱས་ན་ཞིང་ཆེན་བརྒལ་ནས་ཡུལ་དངོས་སུ་འགྲོ་མི་དགོས་པར་གནད་དོན་ཐག་གཅོད་བྱེད་ཆོག སྔོན་ཆད་ཀྱི་གཏན་འབེབས་ལྟར་ན།རླངས་འཁོར་གྱི་ཁ་ལོ་བས་སྒྲིག་འགལ་བྱེད་སའི་ས་གནས་དང་ཡང་ན་རླངས་འཁོར་ཐོ་འགོད་བྱེད་ས་མ་གཏོགས་སྒྲིག་འགལ་གནད་དོན་ཐག་གཅོད་བྱེད་མི་ཐུབ་མོད།འོན་ཀྱང་གཏན་འབེབས་གསར་བའི་ནང་དུ་རླངས་འཁོར་ཁ་ལོ་བས་སྒྲིག་འགལ་བྱས་པའི་དོན་དག་དེར་འགལ་འདུ་སོགས་མེད་ན་སྒྲིག་འགལ་བྱེད་གནས་དང་།ཡང་ན་སྒྲིག་འགལ་བྱེད་གནས་མིན་པའི་ས་གནས་གཞན་གང་རུང་གི་སྤྱི་བདེ་དང་འགྲིམ་འགྲུལ་ལས་ཁུངས་ནས་ཐག་གཅོད་བྱེད་ཆོག་པ་གཏན་འབེབས་བྱས་ཡོད།གཏན་འབེབས་དེ་ནི་ཟླ་5ཚེས་1ཉིན་ནས་བཟུང་ཧུའུ་ནན་དང་།ཀོང་ཤིས།སི་ཁྲོན།ཀུའེ་ཀྲོའུ།ཡུན་ནན་བཅས་སུ་ཚོད་ལྟའི་ངང་ལག་བསྟར་བྱ་རྒྱུ་དང་།ཟླ་བ་དྲུག་པའི་ཟླ་མཇུག་ཏུ་རྒྱལ་ཡོངས་སུ་ལག་བསྟར་བྱ་རྒྱུ་རེད།
          འགྲིམ་འགྲུལ་ཐད་ཀྱི་སྒྲིག་འགལ་ལ་བརྡ་སྦྱོར་གཏོང་བར་བླང་བྱ་གསལ་བོ་བཏོན་ཡོད་དེ།   སྒྲིག་འགལ་བྱས་པར་བརྡ་སྦྱོར་སྤེལ་ཚད་དང་དུས་ཐོག་ཏུ་ཐག་གཅོད་བྱེད་ཚད་མཐོར་འདེགས་གཏོང་ཆེད།གཏན་འབེབས་གསར་བའི་ནང་དུ་སྤྱི་བདེ་དང་འགྲིམ་འགྲུལ་ལས་ཁུངས་ཀྱིས་ཞིབ་དཔྱོད་ཐོ་འགོད་བྱེད་པའི་དུས་བཀག་ཇེ་ཐུང་དུ་བཏང་ཡོད་དེ།སྔོན་ཆད་ཉིན་བཅོ་ལྔ་ཡིན་པ་ནས་ད་ལྟ་ཉིན་ལྔ་ལས་མི་དགོས་པར་བསྒྱུར་ཡོད།བརྡ་སྦྱོར་གཏོང་བའི་ཐབས་ལམ་ཇེ་མང་དུ་བཏང་སྟེ།སྤྱི་བདེ་དང་འགྲིམ་འགྲུལ་ལས་ཁུངས་ཀྱིས་ཁ་པར་གྱི་བརྡ་འཕྲིན་དང་།སྤོ་འགུལ་དྲ་བ་སོགས་བརྒྱུད་ནས་རླངས་འཁོར་གྱི་བདག་པོ་དང་དོ་དམ་པར་བརྡ་གཏོང་དགོས་པ་གཏན་ལ་ཕབ།གཞན་ད་དུང་རླངས་འཁོར་གྱི་བདག་པོས་སྒྲིག་འགལ་གནད་དོན་ཐག་གཅོད་མ་བྱས་པ་དང་།ཕྱིར་འགྱངས་བྱས་པར་ཡུལ་དངོས་ནས་རླངས་འཁོར་བདག་པོར་བརྡ་གཏོང་དགོས་པ་གཏན་ལ་ཕབ་ཡོད། 
          གློག་རྡུལ་སྐྱེལ་སྤྲོད་དང་སྤྱི་བསྒྲགས་སྐྱེལ་སྤྲོད་ཀྱི་གོ་རིམ་མང་དུ་བཏང་ཡོད་དེ།

          བཅའ་ཁྲིམས་ཡིག་ཆ་ཁྲིམས་ལྟར་དང་།དུས་ཐོག་ཏུ་ཚད་ལྡན་ནུས་ལྡན་བཅས་ཀྱི་སྒོ་ནས་སྐྱེལ་སྤྲོད་ཐུབ་པར་འགན་ལེན་བྱ་ཆེད།གཏན་འབེབས་གསར་པའི་ནང་སྔར་ཡོད་ཀྱི་ཐད་ཀར་སྐྱེལ་སྤྲོད་བྱེད་པའི་རྨང་གཞིའི་ཐོག བཅའ་ཁྲིམས་ཡིག་ཆ་སྦྲག་སྲིད་བརྒྱུད་ནས་སྐྱེལ་སྤྲོད་དང་།གློག་རྡུལ་གྱི་ལམ་ནས་སྐྱེལ་སྤྲོད།སྤྱི་བསྒྲགས་བརྒྱུད་ནས་སྐྱེལ་སྤྲོད་བཅས་སྐྱེལ་སྤྲོད་བྱེད་ཐབས་ཇེ་མང་དུ་གཏོང་བ་དང་།གློག་རྡུལ་སྐྱེལ་སྤྲོད་བྱེད་ཐབས་ལ་སྤོ་འགུལ་སྦྲེལ་དྲའི་ཉེར་སྤྱོད་གོ་རིམ་དང་།གློག་རྡུལ་སྦྲག་ཡིག སྤོ་འགུལ་འཕྲིན་གཏོང་སོགས་ཚུད་ཡོད།དུས་མཚུངས་སུ་སྤྱི་བསྒྲགས་སྐྱེལ་སྤྲོད་ཀྱི་གོ་རིམ་ཡང་གཏན་འབེབས་བྱས་ཡོད།
          སྒྲིག་འགལ་བྱས་པར་ཐག་གཅོད་བྱེད་པའི་གོ་རིམ་འཐུས་ཚང་དུ་གཏོང་རྒྱུ་ཡིན་ཏེ

 ཡུལ་དངོས་སུ་འགྲོ་མི་དགོས་པར་འགྲིམ་འགྲུལ་ཐད་ཀྱི་སྒྲིག་འགལ་ལ་དེ་མ་ཐག་ཐག་གཅོད་བྱ་ཆེད།གཏན་འབེབས་གསར་པའི་ནང་སྤྱི་བདེ་དང་འགྲིམ་འགྲུལ་དོ་དམ་ལས་ཁུངས་ཀྱིས་བརྡ་བཏང་ཡང་།སྔར་བཞིན་རང་འགུལ་ངང་ཐག་གཅོད་དང་ལེན་མ་བྱས་ཚེ།སྤྱི་བདེ་དང་འགྲིམ་འགྲུལ་དོ་དམ་ལས་ཁུངས་ཀྱིས་ཁྲིམས་ལྟར་འགྲིམ་འགྲུལ་ཐད་ནས་སྒྲིག་འགལ་བྱས་པར་བརྡ་ཐོ་དང་།ཆད་པ་གཅོད་པའི་ནང་དོན།དོ་བདག་ལ་ཡོད་པའི་དབང་ཆ་བཅས་གསལ་བཤད་བྱས་རྗེས།དོ་བདག་གིས་བསམ་འཆར་མི་འདྲ་བ་བཏོན་མེད་ལ་དུས་ཐོག་ཏུ་ཐག་གཅོད་ཀྱང་བྱས་མེད་ཚེ།སྤྱི་བདེ་དང་འགྲིམ་འགྲུལ་དོ་དམ་ལས་ཁུངས་ཀྱིས་ཐད་ཀར་ཁྲིམས་ལྟར་སྲིད་འཛིན་ཆད་པ་བཅད་ཆོག
          ཆ་འཕྲིན་བརྒྱུད་སྤྲོད་ལམ་ལུགས་གཏན་འབེབས་བྱས་ཡོད་དེ།

          བོགས་གཏོང་རླངས་འཁོར་བསྐོར་ནས་སྒྲིག་འགལ་བྱས་པའི་སྣང་ཚུལ་བྱུང་ན།རླངས་འཁོར་གྱི་བདག་པོའི་མིང་ཐོག་ནས་སྐབས་ཐོག་དེར་རླངས་འཁོར་སྐོར་མཁན་གྱི་མིང་ཐོག་ཏུ་བསྒྱུར་ནས་ཐག་གཅོད་བྱ་ཆོག་པ་རེད།སྲིད་ཇུས་འདི་བཏོན་པས་རླངས་འཁོར་བོགས་གཏོང་ཁེ་ལས་ལ་ལོ་རེར་སྒོར་དུང་ཕྱུར་ཁ་ཤས་གྲོན་ཆུང་ཐུབ་རྒྱུ་རེད།
          ཐེར་འདོན་དང་ཡར་ཞུའི་འགྲིམ་འགྲུལ་བཅའ་ཁྲིམས་ཀྱི་བྱ་སྤྱོད་མང་དུ་བཏང་ཡོད་དེ།
          གཞུང་ལམ་སྟེང་གི་འགྲིམ་འགྲུལ་དོ་དམ་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་སྤྱི་དམངས་དེའི་ནང་དུ་ཞུགས་ཚད་ཇེ་མང་དུ་གཏོང་ཆེད།གཏན་འབེབས་གསར་པའི་ནང་ལས་ཁུངས་སམ་མི་སྒེར་གྱིས་མཁོ་འདོན་བྱས་པའི་སྒྲིག་འགལ་ཡུལ་དངོས་ཀྱི་འདྲ་པར་དང་བརྙན་སོགས་དཔྱད་ཡིག་ཁ་གསལ་བཟོས་ནས་བརྟག་དཔྱད་བརྒྱུད་དེ།དོན་དངོས་དང་མཐུན་ན་ཆད་པ་གཅོད་པའིི་དཔང་རྟགས་སུ་བརྩི་ཆོག དེ་དང་ཆབས་ཅིག་སྒྲིག་སྲོལ་ཡག་པོ་ལ་སྲུང་སྐྱོང་བྱེད་ཆེད། བདེ་འཇགས་དང་འགྲིམ་འགྲུལ་དོ་དམ་ལས་ཁུངས་ཀྱིས།མང་ཚོགས་ཀྱིས་ཐེར་འདོན་བྱེད་པའི་ཁྱབ་ཁོངས་དང་གོ་རིམ་ཚད་ལྡན་དུ་བཏང་ནས།ཐེར་འདོན་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་བཏང་སྟེ་མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་འགྲིམ་འགྲུལ་གྱི་སྒྲིག་འགལ་གནད་དོན་ཐག་གཅོད་དང་འགན་ལེན་བྱ་རྒྱུ་རེད།